བོད་ཀྱི་ན་གཞོན་ཤེས་ཡོན་པས་ཞིས་ཅིན་ཕིན་ལ་འབོད་སྐུལ་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༡༢ཉིན། རྩོམ་པ་པོ་བློ་བཟང་ཆོས་འབྱོར་ལགས་ཀྱིས་གཙོ་སྐྱོང་གནང་བའི་བོད་ཀྱི་ན་གཞོན་ ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོའི་གྲུབ་དོན་ལྟར། རྒྱ་ནག་གི་སྲིད་འཛིན་གསར་པ་ཞིས་ཅིན་ཕིན་གཙོས་པའི་དབུ་འཁྲིད་གསར་པ་ཚོར་དོན་ ཚན་བཅུ་གཅིག་ཅན་གྱི་སྙན་ཞུ་ཞིག་ཕུལ་འདུག

 

དེ་ཡང་སྙན་ཞུའི་ནང་དུ་རྣམ་པ་ཚོས་ཤེས་གསལ་བཞིན། འདས་པའི་ལོ་དྲུག་ཅུ་ལྷག་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་གཞིས་བྱེས་བོད་མི་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་ཡོང་སླད་དབུས་དང་ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་ཁག་ལ་རེ་སྐུལ་དང་ཞུ་འབོད་མཚམས་མ་ཆད་པར་བྱས་ཤིང་། ལྷག་པར་ཕྱི་ལོ་༢༠༠༨ལོར་ཆོལ་གསུམ་བོད་མི་རྣམས་སྡེབ་ལངས་ཀྱིས་ལོ་རྒྱུས་ཐོག་ཡོངས་གྲགས་སུ་གྱུར་བའི་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་སྐབས་འཚེ་བའི་ལས་ཏིལ་འབྲུ་ཙམ་ཡང་མ་བྱས་པར་འཇིག་རྟེན་སྤྱི་ལ་ཁྱབ་པའི་ཞི་བའི་འབོད་སྒྲ་བསྒྲགས་ཀྱང་། རྒྱ་ནག་གཞུང་གིས་འཕྲལ་དུ་བོད་མི་ཞི་རྒོལ་བའི་ཁྲོད་སིམ་འཛུལ་གྱི་གཡོ་ཐབས་ལ་བརྟེན་ནས་གཏོར་བཅོམ་དང་རྒྱ་བོད་མི་རིགས་བར་འགལ་ཟླ་འགྲོ་གཞིའི་བྱ་སྤྱོད་ཐབས་རྡུགས་བསྟུད་མར་སྤེལ་བར་མ་ཟད། བོད་མི་རིགས་ཀྱི་དངོས་ཡོད་དཀའ་ངལ་ལ་བསམ་ཤེས་སྒོས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་སྒྱུར་བཅོས་གཏོང་རྒྱུའི་ཚབ་ཏུ་གདུག་རྩུབ་ཆེ་བའི་དྲག་གནོན་ཁོ་ན་བྱས་ཏེ། བོད་མི་མང་པོ་དམར་གསོད་དང་འཛིན་བཟུང་བཙོན་འཇུག་མཚམས་མ་ཆད་པར་བྱས། དེར་བརྟེན་ཕྱི་ལོ་༢༠༠༩ལོ་ནས་བོད་ནང་སྔར་ལས་ཀྱང་ཛ་དྲག་ཆེ་ཞིང་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཏེ། ད་བར་བོད་མི་༩༠ལྷག་གིས་རང་གི་ཚེ་སྲོག་མེ་རུ་བསྒྲོན་ནས་རྒྱ་ནག་དབུས་སའི་དཔོན་རིགས་རྣམས་ལ་ཞུ་འབོད་བྱས་དང་བྱེད་བཞིན་པའི་ཛ་དྲག་ཆེ་བའི་དུས་སྐབས་འདིར་ཡང་། རྒྱ་གཞུང་གིས་ཕྱོགས་གཅིག་ནས་རང་སྲེག་བྱེད་མཁན་རྣམས་སེམས་ཐང་པོ་མེད་མཁན་དང་། འཚོ་བའི་མདུན་ལམ་མེད་མཁན། བཟའ་ཚང་ནང་ཁུལ་མི་མཐུན་པའི་གནས་ཚུལ་ཡོད་མཁན་ཤ་སྟག་ཡིན་པའི་རྫུན་གཏམ་འུར་སྒྲོག་བྱེད་བཞིན་པ་དང་། ཕྱོགས་གཞན་ནས་༧གོང་ས་མཆོག་དང་བཙན་བྱོལ་གཞུང་མང་ནས་ངན་སྐུལ་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་ལུགས་སོགས་དངོས་དོན་མིན་པའི་གནས་ཚུལ་རྫུན་མ་སྣ་ཚོགས་ཁྱབ་སྤེལ་གྱིས་ཉིན་ཞག་འཁྱོལ་ཐབས་ཙམ་བྱེད་བཞིན་ཡོད། སྲིད་བྱུས་ཐབས་རྡུགས་འདིས་བོད་མི་མང་གི་ཞི་རྒོལ་གཏན་ནས་མཚམས་ཆོད་མི་སྲིད་པར་མ་ཟད། འདི་ལ་མཇུག་འབྲས་ཧ་ཅང་འཇིགས་སྣང་ཅན་ཞིག་འབྱུང་མི་སྲིད་པ་གཏན་ནས་མིན།

རྒྱ་ནག་དབུས་གཞུང་དང་ས་གནས་ཀྱི་དཔོན་རིགས་འགའ་ཤས་ཀྱིས་རང་སྲེག་གི་གནས་ཚུལ་འདི་ས་ཁུལ་རེ་ཟུང་དང་མི་ཉུང་ཤས་ཀྱི་དཀའ་ངལ་ཡིན་པ་སྒྲོག་བཞིན་ཡོད་ཀྱང་། དོན་དངོས་སུ་རང་སྲེག་གི་བོད་ཁམས་ཞིང་ལྗོངས་ལྔའི་ས་ཁུལ་ཚང་མར་བྱུང་ཡོད་པར་མ་ཟད། དེ་ཡང་བླ་མ་དང་གྲྭཔ། ཞིང་པ་དང་འབྲོག་པ། ཤེས་ཡོན་པ་དང་རྩོམ་པ་པོ། སློབ་མ། བུ་ཕྲུག་གི་ཕ་མ་དང་ཕ་མའི་གཅེས་ཕྲུག མདོར་ན། རྒན་གཞོན། ཕོ་མོ། ཆོས་བརྒྱུད། སྐྱ་སེར། ལུང་ཚན། ཆོལ་ཁ་དབྱེར་མེད་ཀྱིས་རྒྱ་གཞུང་ལ་རྒོལ་བའི་རང་སྲེག་བསྟུད་མར་སྤེལ་དང་སྤེལ་བཞིན་པ་འདིས་གང་ཟག་སྒེར་དང་ས་ཁུལ་བྱེ་བྲག་པ་ཞིག་གི་དཀའ་ངལ་མིན་པ་འཇིག་རྟེན་ཀུན་ལ་ཧ་ཅང་མངོན་གསལ་དོད་པོས་གསལ་སྟོན་བྱས་ཡོད།

རང་སྲེག་གཏོང་མཁན་རྣམས་ཀྱིས་མེ་དཔུང་གི་ཁྲོད་ནས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་པའི་དགོས་འདུན་ཤུགས་ཆེར་སྒྲོག་བཞིན་པ་འདིས། བོད་མི་རིགས་ཀྱི་མངོན་འདོད་གསལ་བོར་མཚོན་ཡོད་ལ། བོད་མི་རིགས་ནི་དངོས་པོའི་དཔལ་ཡོན་ལས་བསམ་བློའི་དཔལ་ཡོན་དང་ཆོས་ལུགས་ཀྱི་འདུ་ཤེས་ལ་གཙིགས་ཆེར་འཛིན་མཁན་གྱི་མི་རིགས་ཤིག་ཡིན་པས། རྒྱ་ནག་གཞུང་དང་ལྷག་པར་སྐུ་ཞབས་ཞིས་ཅིན་ཕིན་གྱིས་དབུ་ཁྲིད་པའི་དུས་སྐབས་གསར་པའི་སྲིད་སྐྱོང་ལས་དོན་ནང་གདུག་རྩུབ་ཆེ་བའི་དྲག་གནོན་དང་། དཔལ་འབྱོར་གྱི་གཡོ་ཐབས་བཀོལ་བའི་བསླུ་སྲིད་ཙམ་མ་ཡིན་པར། བོད་མི་རིགས་ཀྱི་དངོས་ཡོད་དགོས་མཁོ་གཞི་རྩར་བཞུང་བའི་ཐོག་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་བྱ་དགོས། དེ་སྔ་སྲིད་འཛིན་མའོ་སྐབས་ནས་བཟུང་བོད་ནི་རྒྱལ་ནང་ཞིང་ཆེན་དང་ས་ཁུལ་གཞན་དག་ལྟར་མིན་པར་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་ཁུལ་ཞིག་ཏུ་ངོས་འཛིན་བྱས་ཡོད་པའི་གཞི་རྩའང་འདི་ག་རང་ཡིན་ལ། རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ནང་བོད་ཀྱི་གནས་ཚུལ་ལ་དངོས་ཐོག་བདེན་འཚོལ་གནང་མྱོང་མཁན་སྐུ་ཞབས་ཧུའུ་ཡའོ་པང་དང་གཙོ་འཛིན་ཉིད་ཀྱི་ཨ་ཕ་སོགས་འགའ་ཤས་བྱུང་ཡོད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་བར་གྱི་ཐུན་མོང་མིན་པའི་འབྲེལ་བར་རྒྱ་གཞུང་གིས་ངོས་འཛིན་ཡང་དག་མ་ཐོབ་པར་ཚོད་རྩིས་གཞི་རྩ་མེད་པ་རྒྱག་བཞིན་པའི་སྲིད་བྱུས་འདི་རིགས་ནི། བོད་ནང་ཞི་རྒོལ་མཚམས་མ་ཆད་པར་འབྱུང་བའི་རྐྱེན་རྩ་གཙོ་བོ་ཞིག་ཡིན་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་ནི་བོད་མིའི་མངོན་འདོད་ཙམ་དུ་མ་ཟད། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱི་མི་ཚེའི་རིན་ཐང་དང་འབྱུང་འགྱུར་ལོ་རྒྱུས་འོད་སྣང་ལྡན་པ་འབྱུང་ཐུབ་མིན་ལ་འབྲེལ་བ་གཏིང་ཟབ་ཡོད། དེར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བོད་དུ་གདན་ཞུ་དང་། རྒྱ་བོད་མི་རིགས་བར་སྤུན་ཟླའི་མཛའ་བརྩེ་བསྐྲུན་ཏེ་དོན་དམ་པའི་ཞི་བདེ་མཉམ་གནས་ཀྱི་སྤྱི་ཚོགས་ཤིག་མངོན་འགྱུར་ཡོང་ཐབས་སུ་སྐུ་ཉིད་ཀྱིས་གོ་སྐབས་དམ་འཛིན་གནང་རྒྱུ་དང་། བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གཞི་རྩ་ནི་བོད་ཀྱི་དངོས་ཡོད་གནས་བབ་དང་བསྟུན་དགོས་པའི་རེ་བ་ཤུགས་ཆེར་ཞུ་རྒྱུ་ཡིན། བོད་ས་སྟོད་སྨད་བར་གསུམ་དུ་༧གོང་ས་མཆོག་གི་སྐུ་པར་ཙམ་ཡང་སྒྲིག་གཤོམ་མི་ཆོག་པའི་གདུག་རྩུབ་ཆེ་ཞིང་མིག་རྒྱང་ཐུང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་འདིས་བོད་མི་ཚོར་བརྗོད་མི་ཤེས་པའི་སྐྱོ་གདུང་གིས་མནན་ཏེ་ཚེ་སྲོག་འདིར་དགོས་འབྱུང་བཞིན་པ་སོགས་ནི་ས་གནས་ལ་ཞིབ་འཇུག་བྱས་ན་གསལ་པོར་མཁྱེན་ཐུབ་པ་ཞིག་རེད།

དེང་སྐབས་འཛམ་གླིང་འདིར་འགྲོ་བ་མིའི་རང་དབང་དང་ཆེ་མཐོང་ས་བརྩི་བཀུར་བྱེད་མཁན་གྱི་གཞུང་སྒེར་མང་པོས་བོད་ནང་གི་ད་ལྟའི་རང་སྲེག་གི་གནས་སྟངས་ལ་ཟས་བརྗེད་གཉིད་བྲལ་ལྟ་བུའི་སེམས་ཁུར་གནང་གི་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་མི་རང་སྲེག་གནང་མཁན་གྱི་མངོན་འདོད་ལ་ཉན་འཇོག་གནང་རྒྱུ་ལས་ལྡོག་སྟེ། ད་དུང་རང་སྲེག་གིས་སྐུ་གྲོངས་པ་རྣམས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་བྱེད་པ་དང་། འདས་པོའི་ཁྱིམ་ཚང་ལ་ཐུགས་གསོ་འཚམས་འདྲི་བྱེད་པ་སོགས་ལ་ཡང་དམ་བསྒྲགས་བཀག་སྡོམ་གྱིས་བོད་མི་རྣམས་གསོན་གནས་དཀའ་བའི་སྲིད་བྱུས་གདུག་རྩུབ་ཅན་སྣ་ཚོགས་འོག་ལྷུང་ཡོད། དཔེར་ན། ཉེ་ཆར་རྨ་ལྷོ་ཁུལ་ཏང་ཨུས་བཀྲམས་པའི་དོན་ཚན་ལྔ་ཅན་དང་། མཚོ་ལྷོ་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་ནས་བཀྲམས་པའི་མིག་སྔའི་ལྟ་ཚུལ་འཛིན་སྟངས་བཅུ་ཟེར་བའི་སྦྱར་ཡིག་ལྟ་བུ་ཡིན། དེ་བཞིན་ཀན་ལྷོ་ཁུལ་དུ་སྒོར་མོས་བསླུ་ཐབས་ཀྱི་བརྡ་སྦྱོར་སྤེལ་བ་སོགས་ཀྱི་བྱ་སྤྱོད་འདི་རིགས་ལ་གྲུབ་འབྲས་ལྡོག་ཕྱོགས་ནས་ཐོན་པའི་ཉེན་ཁ་ཤིན་ཏུ་ཆེ་བས། གནས་སྟངས་འདིའི་འོག་འཆམ་མཐུན་དང་སྤྱི་ཚོགས་བརྟན་བརླིང་ཟེར་བ་སོགས་ནི་ཚིག་སྐམ་པོ་ཙམ་མ་གཏོགས་ཡོང་ཐབས་མེད་པ་ཞིག་རེད།

རང་སྲེག་ནི་མི་ཞིག་ལ་མཚོན་ན་བློས་གཏོང་ཆེ་ཤོས་དང་མིག་སྔའི་གདམ་ག་མཐའ་མ་དེ་ཡིན། རང་སྲོག་གཏོང་རྒྱུ་ཐག་བཅད་ཟིན་པའི་མི་ཞིག་ལ་མཚོན་ན་འཇིགས་སྣང་གི་དྲ་བ་ལས་ཡོངས་སུ་བརྒལ་ཟིན་པས་བློ་ཐག་གཅོད་མི་ཐུབ་པའི་གནད་དོན་གང་ཡང་ལྷག་མེད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་མི་རང་སྲེག་གནང་མཁན་ཚོའི་མངོན་འདོད་སྐོང་ཕྱིར་བྱེད་ཐབས་དོན་ཕན་ལྡན་པ་འཕྲལ་དུ་ལག་བསྟར་བྱེད་དགོས། དངོས་ཡོད་དང་ཚེ་སྲོག་ལ་སྣང་ཆུང་བྱས་ཚེ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་སྣ་ཚོགས་འབྱུང་མི་སྲིད་པ་མིན་པས། མི་རིགས་འདྲ་མཉམ་དང་ཞི་མཐུན་མཉམ་གནས་ཀྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་བསྐྱོད་བྱ་རྒྱུར་གཤམ་འཁོད་དོན་ཚན་རྣམས་སྐུ་ཉིད་ཀྱི་སྲིད་འཛིན་གསར་པའི་ལས་དོན་ནང་གི་གལ་ཆེའི་གྲས་སུ་བཞག་སྟེ་གང་མགྱོགས་ཕྱག་བསྟར་ཡོང་བ་ཞུ།

གཅིག རང་སྲེག་ཐད་རྒྱ་ནག་གཞུང་ནས་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ། རང་སྲེག་གི་བྱུང་རྐྱེན་ལ་གཏིང་ལོན་པའི་ངོས་འཛིན་ཐོབ་པ་བྱ་དགོས།

གཉིས། རང་སྲེག་འབྱུང་སའི་ས་གནས་དཔོན་རིགས་མང་པོ་ཞིག་གིས་དབུས་སའི་བར་ཚུལ་མཐུན་ཕྱག་ལས་གནང་གི་མེད་པའི་བྱ་སྤྱོད་ལ་ཕུ་ཐག་ཆོད་པའི་ཞིབ་འཇུག་བྱ་དགོས།

གསུམ། བོད་མི་རང་སྲེག་གཏོང་མཁན་འཛིན་བཟུང་བྱས་པ་རྣམས་ཀྱི་གནས་སྟངས་གསལ་བཟོའི་ཐོག སྨན་བཅོས་དང་འཕྲོད་བསྟེན་ཚད་ལྡན་ཐོབ་ཐབས་སུ་ཁུངས་སོ་སོར་རྩིས་སྤྲོད་ཀྱིས་རང་དབང་ལྡན་པའི་ངང་འཚོ་བ་རོལ་འཇུག་དགོས།

བཞི། བོད་མིའི་རང་སྲེག་གི་བྱུང་རྐྱེན་དང་བྱུང་རིམ་ཐད་གཡོ་ཐབས་དང་རྫུན་སྒྲིག་གིས་ཁྱབ་བསྒྲགས་བྱེད་པ་འདི་རིགས་འཕྲལ་དུ་མཚམས་འཇོག་བྱ་དགོས།

ལྔ། བོད་མི་མང་གིས་གུས་བརྩི་ཡོད་པའི་བླ་སྤྲུལ་དགེ་བཤེས་དང་། ལས་བྱེད། ལས་ཁྱུར་ངལ་གསོ་བ། ཤེས་ཡོན་པ། མི་རྒན་ལྷག་བསམ་ཅན་རྣམས་ཀྱི་ས་ནས་རང་སྲེག་བྱུང་རྐྱེན་སྐོར་རང་དབང་ཡོད་པའི་ཐོག་ཉན་ཞིབ་གནང་དགོས།

དྲུག ༧གོང་ས་མཆོག་བོད་དུ་གདན་ཞུ་དང་། བོད་ལ་རང་དབང་དགོས། ཞེས་པ་ནི་རང་སྲེག་གཏོང་མཁན་གཙོས་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ཉག་ཅིག་ཡིན་པས་བོད་རིགས་མང་ཚོགས་ཀྱི་མངོན་འདོད་སྣང་མེད་དུ་མི་གཏོང་བའི་ཞུ་འབོད་ནན་པོ་བྱེད་བཞིན་ཡོད།

བདུན། འཚེ་མེད་ཞི་བའི་ལམ་ནས་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་པའི་རང་སྲེག་དང་། སློབ་ཕྲུག་སྡེབ་ལངས་ཀྱིས་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་སྐབས་འཕྲལ་དུ་དྲག་གནོན་བྱེད་རྐྱང་མིན་པར་ཁོང་ཚོའི་མངོན་འདོད་གཞིར་བཟུང་དཀའ་ངལ་སེལ་ཐབས་གནང་དགོས།

བརྒྱད། ཉེ་ཆར་བོད་ནང་གི་མཐོ་རིམ་སློབ་གྲྭ་དང་དགོན་སྡེ་ཁག་ཅིག་གི་བླ་སྤྲུལ་དགེ་སློབ་དུ་མས་རྒྱ་ནག་གཞུང་ལ་དོན་ཚན་བརྒྱད་ཅན་གྱི་རེ་སྐུལ་སྙན་ཞུ་ཕུལ་འདུག་པ་དེར་ཚུལ་བཞིན་ཡ་ལན་གནང་དགོས་པར་མ་ཟད། བོད་ཀྱི་དཀའ་ངལ་སྐོར་སྙན་ཞུ་ནམ་ཕུལ་ལ་ངེས་པར་དུ་ཐུགས་ཞིབ་ལན་འདེབས་ཚུལ་བཞིན་གནང་རྒྱུའི་ལམ་སྲོལ་འཛུགས་དགོས།

དགུ། ཉེ་ཆར་རྨ་ལྷོ་དང་མཚོ་ལྷོ་ཁུལ་ཏང་ཨུས་རང་སྲེག་ཐད་མི་སྤྱོད་ལས་འདས་པའི་བསྒྲགས་གཏམ་དོན་ཚན་ལྔ་ཅན་དང་བཅུ་ཅན་ཞིག་སྤེལ་བ་འདི་རིགས་བོད་མིའི་སེམས་ཁམས་དཀྲོགས་རྐྱེན་དུ་འགྲོ་བས་མྱུར་ཏུ་མཚམས་འཇོག་བྱེད་དགོས།

བཅུ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཡག་ཤོས་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་ཞི་བའི་གྲོས་མོལ་གནང་རྒྱུ་འདི་ཉིད་ཡིན་པས། ཉ་ཉོག་ཀ་ཀོར་གང་ཡང་མེད་པར་འབྲེལ་མོལ་མྱུར་ཏུ་བསྐྱར་གསོ་གནང་དགོས།

བཅུ་གཅིག རྩོམ་པ་པོ་སྒྲོལ་མ་སྐྱབས་གཙོས་བཙོན་འོག་གི་རྩོམ་པ་པོ་རྣམས་གློད་གྲོལ་གནང་དགོས།  ཞེས་བཀོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
དར་རྒྱས་ལགས་ད་ལྟ་ས་གནས་ཀཱ་ཅཱ་རཱེ་བཙོན་ཁང་དུ་བཀག་བསྐྱིལ་བྱས་འདུག

དེ་རིང་གསར་འགོད་པ་ཆེད་དུ་ངྷ་སའི་ཉེ་འདབས་སུ་ཡོད་པའི་རྫོང་བཙོན་ཁང་ (District Jail, Dharamsala) དུ་ཕྱིན་ཏེ། དར་རྒྱས་དང་ཐུག་འཕྲད་ཀྱིས་ཉེ་ཆར་ངྷ་ས་བདེ་སྲུང་ཡན་ལག་ལས་ཁུངས་མདུན་དུ་རྒྱ་གར་ཉེན་རྟོག་པར་གྲི་བརྒྱབ་པ་དང་། དེ་རྗེས་ཁོས་རང་ཉིད་ལ་གྲི་བཙུགས་པའི་དོན་རྐྱེན་སྐོར་ལ་རྒྱུས་ལོན་བྱས་ཡོད།

ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་ངྷ་སའི་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་མདུན་དུ་རང་ལོ་ ༣༢ ཡིན་པའི་བོད་མི་དར་རྒྱས་ཞུ་བ་ཞིག་གིས། རྒྱ་གར་ཉེན་རྟོག་པ་རཱ་ཇེན་ཌར་ཀཱུ་མར་ (Rajender Kumar) ཞེས་པ་ཞིག་ལ་གྲིས་བསྣུན་ཡོད་པ་དང་། དེའི་རྗེས་ཁོ་རང་ཉིད་ལའང་གྲི་ཐེངས་ ༩ ཙམ་བཙུགས་ཏེ་ཕྱོགས་གཉིས་ཀར་རྨས་ཕོག་རྗེས་ཀཱང་རཱ་སྨན་ཁང་དུ་ཁྲིད་དེ་མྱུར་སྐྱོབ་བྱས་ཡོད་ཅིང་། ཉེན་རྟོག་པར་གྲི་གཅིག་ལས་བརྒྱབ་མེད་སྟབས་དེ་ཙམ་རྨས་སྐྱོན་ཚབས་ཆེན་ཆགས་མེད་ཀྱང་། དར་རྒྱས་འཕྲལ་དུ་མྱུར་སྐྱོབ་གཤག་བཅོས་བྱས་རྗེས་ད་ཆར་ཁོང་གི་རྨས་སྐྱོན་དྲག་སྐྱེད་བྱུང་སྟེ་ཀཱ་ཅཱ་རཱེ་རྫོང་བཙོན་ཁང་དུ་བཅུགས་ཡོད་འདུག

གསར་འགོད་པ་བཙོན་ཁང་དུ་ཕྱིན་ཏེ་ཁོང་ལ་ཉིན་དེའི་དོན་རྐྱེན་དེ་རྒྱུ་རྐྱེན་གང་འདྲ་ཞིག་གི་ཁྲོད་བྱུང་ཡོད་མེད་དྲིས་པར། ཁོས་ཐོག་མར་བོད་པའི་ཕོ་གསར་ཞིག་དང་འཁྲུག་རྩོད་ཏོག་ཙམ་ཤོར་ཡོད་པ་དང་། དེ་ནས་ཁོའི་སེམས་པར་ཕོ་གསར་དེ་བདེ་སྲུང་ཡན་ལག་ལས་ཁུངས་ནང་འཛུལ་སོང་བསམ་པ་ཞིག་སྐྱེས་པར་བརྟེན་ནང་དུ་ཕྱིན་ཏེ་སྐད་བརྒྱབ་པ་དང་རྡོ་གཞུས་པའི་གནས་ཚུལ་བྱུང་ཡོད་སྐོར་ལས། བདེ་སྲུང་ལས་ཁུངས་ལ་འཁོན་སེམས་ཡོད་པ་དེ་འདྲ་གང་ཡང་མིན་ཚུལ་སྐོར་བརྗོད་བྱུང་།

གནས་བབ་གང་འདྲ་ཞིག་གི་འོག་རྒྱ་གར་ཉེན་རྟོག་པ་དེར་གྲི་བརྒྱབ་པ་ཡིན་སྐོར་དྲིས་པར། ཁོས་གཅིག་ནས་རང་ཉིད་ཁོང་ཁྲོའི་དབང་དུ་ཚུད་ཡོད་པ་དང་། གཉིས་ནས་ཉེན་རྟོག་པ་དེས་དམག་ཆས་གྱོན་མེད་པས་ཉེན་རྟོག་པ་ཞིག་ཡིན་མིན་ཤེས་མེད་པ་དང་། ཁོས་རྒྱ་གར་སྐད་ཀྱི་ཐོག་ནས་གཤེ་གཤེ་གཏོང་པ་དང་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་པའི་སྐབས་སུ་གྲིས་རྒྱག་ཉེས་ཤོར་པའི་གནས་ཚུལ་བྱུང་ཡོད་ཚུལ་བརྗོད་བྱུང་།

ཡང་སོ་སོར་རང་ཉིད་ལ་གྲི་ག་རེ་བྱས་ནས་བཙུགས་ཡོད་མེད་དྲིས་སྐབས་ཁོས་། “འདི་རེད་ཟེར་རྒྱུ་ཞིག་མིན་འདུག གཞན་ལ་གྲི་བཙུགས་སྟབས། གནོང་འགྱོད་དང་ཁོང་ཁྲོ། སོ་སོ་རང་ཉིད་ཐོག་ལ་ཁོང་ཁྲོ་ལངས་པ་སོགས་ཀྱི་གནས་བབ་འོག་སོ་སོར་གྲི་བཙུགས་འདུག སྐབས་དེའི་སེམས་ཚོར་ངོ་མ་ཞིག་ངས་ད་ལྟ་འགྲེལ་བཤད་རྒྱག་ཐུབ་ཀྱི་མི་འདུག” ཟེར་ལ། སྐབས་དེར་ཟུར་གཡས་གཡོན་དུ་མི་མང་པོ་ཞིག་ཡོད་པ་ཙམ་ཤེས་ཀྱི་ཡོད་པ་ལས་ཁོ་ཚོས་ག་རེ་བཤད་ཀྱི་ཡོད་མེད་དང་། རྒྱ་གར་ཡུལ་མི་ཚོས་རྡོ་དང་དབྱུག་པ་ཁྱེར་ཏེ་རྡུང་རྡེག་གཏོང་གི་ཡོང་ཡོད་པ་དེ་འདྲ་གང་ཡང་ཤེས་ཚོར་མེད་སྐོར་དང་། བོད་པའི་བུ་མོ་ཞིག་ཁོ་རང་གི་ཉེ་སར་བཅར་བཞིན་སེམས་གསོ་དང་གྲི་ཁོང་ལ་སྤྲོད་ཅེས་ཞུ་བ་བྱས་མཐར། གྲི་ཁོ་མོའི་ལག་ཏུ་ཕར་བཞག་པ་གསལ་བོ་དྲན་གྱི་ཡོད་སྐོར་དང་། སྐབས་དེར་རྨས་སྐྱོན་གྱི་དབང་གིས་ཡིན་ནམ་གང་ལྟར། དྲན་ཤེས་གསལ་བོ་མེད་པ་མ་ཟད་ན་ཟུག་ཡོད་པའི་ཚོར་སྣང་ཡང་གསལ་བོ་ཞིག་མེད་ཚུལ་བརྗོད་བྱུང་།

ངྷ་ས་ས་གནས་མགོན་འཛིན་བསོན་ནམས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་དེའི་བྱུང་རིམ་ངོ་སྤྲོད་བྱས་པ་ལྟར་ན། ཉེན་རྟོག་པ་རཱ་ཇེན་ཌར་ཀཱུ་མར་ཉིན་དེར་ཉེན་རྟོག་པའི་ལྭ་བ་མ་གྱོན་པར་དེའི་ཉེ་འདབས་ཀྱི་རྒྱ་གར་བའི་གཉེན་སྟོན་ཞིག་ཏུ་ཡོང་ཡོད་པར། བདེ་སྲུང་ཡན་ལག་ལས་ཁུངས་མདུན་དུ་རྙོག་གྲ་འབྱུང་བཞིན་ཡོད་པ་ཤེས་འཕྲལ་དེ་གར་ཡོང་སྟེ་གནས་ཚུལ་དེ་བྱུང་ཡོད་པ་དང་། དེ་མ་ཐག་ཉེ་འཁོར་གྱི་རྒྱ་གར་བ་ཚོས་ལག་ཏུ་རྡོ་དང་དབྱུག་པ་བཟུང་སྟེ་དར་རྒྱས་ལ་ཉེས་རྡུང་གཏོང་རྩིས་བྱས་པར། དར་རྒྱས་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་ཁང་སྟེང་དུ་འཛེགས་ཏེ་སོ་སོའི་ལུས་ལ་གྲི་བཙུགས་ཡོད་པ་དང་། སྐབས་དེར་བུ་མོ་ཞིག་གིས་མིག་ཆུ་གཏོང་བཞིན་རྒྱ་གར་བ་ཚོར་ཞུ་བ་འཐེན་ཏེ་འགོག་ཐབས་དང་། དར་རྒྱས་ལ་སེམས་གསོ་བྱས་མཐར་ལག་པ་ནས་གྲི་ལེན་ཐུབ་པ་བྱུང་ཡོད་འདུག་ལ། དོན་རྐྱེན་བྱུང་ཡུལ་དུ་ཡོད་པའི་བོད་པ་ཁག་ཅིག་གིས་བརྗོད་པ་ལྟར་ན་དར་རྒྱས་ཀྱི་རྒྱུ་མ་ཕྱི་རུ་ཐོན་ཡོད་པ་མཐོང་འདུག

དར་རྒྱས་ལགས་སུ་ད་ཆར་གཟུགས་པོའི་གནས་སྟངས་དང་བཙོན་ཁང་གི་གནས་སྟངས་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས་རང་ཉིད་ཀྱི་གཟུགས་པོའི་གནང་སྟངས་ཡག་ཏུ་ཕྱིན་ཡོད་ཚུལ་དང་། བཙོན་ཁང་ནང་དམིགས་དཀའ་ངལ་ཆེན་པོ་མེད་སྐོར་དང་སྦྲགས། ནམ་རྒྱུན་རྒྱ་གར་བར་མ་དགའ་བ་དེ་འདྲ་མེད་སྐོར། རང་ཉིད་ཀྱིས་བཟོས་པའི་ནོར་འཆུག་ཐད་བོད་མི་ཚོར་དགོངས་དག་ཞུ་བཞིན་ཡོད་ལ། སྔོན་མ་རང་ཉིད་སློབ་སྦྱོང་ཡོད་མཁན་ཞིག་མིན་ཡང་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་པ་མ་ཟད། རྗེས་ཕྱོགས་བོད་པའི་སྤྱི་ཚོགས་ནང་ལས་ཀ་བྱ་འདོད་ཆེན་པོ་ཡོད་སྐོར་བརྗོད་དེ། རྒྱ་གར་ནང་རང་ཉིད་ལ་ཕ་མ་སྤུན་མཆེད་སུ་ཡང་མེད་སྟབས། ཐེངས་འདིའི་དོན་རྐྱེན་དང་ཁྲིམས་བཤེར་སོགས་ཀྱི་ཐད་བོད་གཞུང་དང་བོད་མི་ཚོས་རོགས་རམ་ཞིག་གནང་སྐྱོང་ཡོང་པའི་རེ་སྐུལ་ཞུས་སོང་།

ཟླ་འདིའི་ཕྱི་ཚེས་ ༡༨ ནས་ཁོང་ཁྲིམས་ཁང་ལ་རྩིས་སྤྲོད་ཀྱིས་ཉེས་དོན་ཞིབ་བཤེར་བྱ་རྒྱུ་ཡིན་འདུག་ལ། སྐབས་དེར་ཁོང་སྒེར་གྱི་ངོས་ནས་ཁྲིམས་རྩོད་པ་བཙལ་ཏེ་ཉེས་དོན་ཐག་གཅོད་དྲང་སྙོམས་ཡོང་ཐབས་བྱ་ཆོག་གི་ཡོད་འདུག་ལ། བདེ་སྲུང་དྲུང་ཆེ་ལགས་ཀྱིས་བརྗོད་པ་ལྟར་ན། དར་རྒྱས་ཀྱི་ཉེས་དོན་ཐད་གཞན་ལ་གྲི་བརྒྱབ་ཏེ་གསོད་རྩིས་བྱས་པ་དང་སོ་སོ་རང་ཤི་རྒྱག་རྩིས་བྱས་པའི་ཉེས་པ་གཉིས་རྩེག་ཕོག་ཉེན་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།
http://www.himalayabon.com/article/news/20121212915.html



བརྗོད་གཞི་གཞན་ཁག་ལ་གཟིགས།