ལུམ་བྷིའི་ཚལ་དུ་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ལེགས་གྲུབ་ཟིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༣ཉིན། དཔལ་ལྡན་ས་སྐྱ་པའི་སྨོན་ལམ་ཆེན་མོ་ཐེངས་ ༢༡ པ་དེ་བཞིན་གདན་ས་བཞིས་གོ་སྒྲིག་འོག་༢༠༡༢།༡༡།༢༢ནས་བཟུང་ཟླ་བ་༡༢པའི་ཚེས་༡་བར་ཉིན་གྲངས་བཅུའི་རིང་སྔ་རྒྱུན་བཞིན་གནས་མཆོག་ལུམ་བྷའི་ཚལ་དུ་ཚོགས་ཡོད་པ་རེད།

འདི་ལོ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དཔལ་ས་སྐྱའི་ཁྲི་ཐོག་ཞེ་གཅིག་པ་ཆེན་པོ་སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་ཕོ་བྲང་རྣམ་གཉིས་ཀྱི་གདུང་སྲས་རྣམ་པ་གཙོས་པའི་གཞན་ཡང་བླ་སྤྲུལ་དགེ་བཙུན་དབུས་པའི་འདུས་པ་སུམ་སྟོང་དྲུག་བརྒྱ་ཡས་མས་ཞིག་གིས་ཉིན་གྲངས་བཅུའི་རིང་འཕགས་པའི་བཟང་པོ་སྤྱོད་པའི་སྨོན་ལམ་དང་མཚན་བརྗོད་སོགས་གསུང་གནང་ཡོད། ཁ་སང་སྨོན་ལམ་ཆེན་མོ་ཉིན་མཐའ་མར་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བལ་ཡུལ་གནས་སྡོད་བོད་པ་དང་ཧི་མ་ལའི་མི་རིགས་གཙོ་བོ་གྱུར་པའི་ཆོས་ཞུ་བ་སྟོང་ཚོ་བཞི་ལྷག་ལ་ཆོས་འབྲེལ་ཚེ་དབང་གནང་ཡོད།

སྐབས་དེར་མགོན་པོ་གང་གིས་བཀའ་སློབ་སྩལ་དོན། ཆོས་ཞུ་བར་ཐོག་མ་ཀུན་སློང་ཀུན་སྤྱོད་སོགས་ལེགས་པོ་གསལ་བཏབས་དགོས་པ་དང་། རང་ཉིད་ཀྱིས་ཆོས་སྒྲུབ་ནས་ཆོས་པ་རྣམ་དག་ཞིག་ཡོང་དགོས་པ་དང་། དེ་ཡོང་བར་ཐོག་མ་རང་ཉིད་མི་ཡར་རབས་ཤིག་ཡོང་དགོས་སྐོར་སོགས་ཀྱིས་བཀའ་བསྩལ། ཡང་༧གོང་མ་རིན་པོ་ཆེ་མཆོག་གིས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་མི་གྲངས་བརྒྱར་ཉེ་བའི་སྐུ་སྲོག་མེར་ཕུལ་ཡོད་པས་དེ་དག་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། དེ་དག་གི་ཆེད་ཚང་མས་ཐུགས་སྨོན་སོགས་རྒྱ་མི་ཆུང་གནང་རོགས་སོགས་གསུང་གནང་སོང་། ས་སྐྱ་སྨོན་ལམ་འདི་བཞིན་ཕྱི་ལོ་༡༩༩༢ནས་དབུ་འཛུགས་གནང་ནས་ད་བར་ལོ་ལྟར་བཞིན་གནས་མཆོག་ལུམ་བྷའི་ཚལ་དུ་གདན་ས་ཁག་གི་རེ་མོས་ཀྱིས་གོ་སྒྲིག་འོག་ཚོགས་གནང་བཞིན་ཡོད་པ་རེད།

ཁ་སང་སྨོན་ལམ་ཆེན་མོ་ལེགས་སྒྲུབ་ཟིན་ནས་དེ་རིང་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཕྱིར་རྒྱ་གར་ལ་ཆིབས་ཞལ་བསྒྱུར་གནང་རྒྱུ་རེད་འདུག གནས་ཚུལ་མཁོ་གཏོང་བ་ཐུབ་བསྟན་རྒྱལ་མཚན་གྱིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།