༸གོང་ས་མཆོག་གིས་ལམ་རིམ་ཆེན་མོའི་བགྲོ་གླེང་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༢༩ཉིན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༩ ཉིན་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོར་ཆིབས་བསྒྱུར་བཀའ་དྲིན་ཆེ་ཞིང་། ཉིན་རྒྱབ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་གླིང་དུ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕྱི་ལོ་ ༢༠༡༢ ལོའི་སློབ་གཉེར་དོ་དམ་པས་གོ་སྒྲིག་གནང་བ་ལྟར། རྗེ་བདག་ཉིད་ཆེན་པོས་མཛད་པས་བྱང་ཆུབ་ལམ་རིམ་ཆེན་མོའི་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་དབུ་འབྱེད་གནང་ཡོད་པ་རེད།

དེ་ཡང་གངས་ལྗོངས་ཀྱི་གནས་ལྔ་རིག་པའི་པཎྜི་ཏ་ཁྱད་དུ་འཕགས་པའི་བསྟན་འཛིན་ཞིག་གིས་མཛད་པའི་བསྟན་བཅོས་འཛམ་གླིང་ཁྱོན་ཡོངས་སུ་འཕྲིན་ལས་ཁྱབ་བདལ་ཆེ་ཤོས་ནི་བྱང་ཆུབ་ལམ་རིམ་ཆེན་མོ་ཡིན་ཅིང་། དེ་ཡང་ཕྱི་ལོ་ ༡༤༠༢ ལོར་རྗེ་རྒྱལ་བ་གཉིས་པས་རྭ་སྒྲེང་དུ་ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད་གནང་ནས་ལོ་ ༦༡༠ འཁོར་བའི་དུས་སྟོན་དང་། ཕྱི་ལོ་༡༦༡༠ལོར་རྗེ་ཉིད་ཀྱི་ཞལ་སྔ་ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྱང་ཆུབ་ལམ་རིམ་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་ཅབ་ཟིང་རྒྱ་ཆེ་བ་བསྐོར་ནས། ད་བར་ལོ་ངོ་ཧྲིལ་པོ་ ༦༠༢ འཁོར་བའི་བཀའ་དྲིན་རྗེས་དྲན་རྣམ་དཀར་གྱི་མཛད་རིམ་གལ་ཆེར་འདིའི་དབུ་འབྱེད་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་གནང་ཡོད་པ་རེད།

མགོན་པོ་མཆོག་གིས་སྣང་གསལ་ཞལ་འབྱེད་ཀྱང་མཛད་པས་བྱང་ཆུབ་ལམ་རིམ་ཆེན་མོའི་ཐོག་མཁས་པའི་བགྲོ་གླེང་གི་དབུ་འབྱེད་མཛད་སྒོར་ལམ་སྟོན་གྱི་བཀའ་སློབ་ཀྱང་སྩལ་གནང་བསྐྱངས་ཡོད་པ་རེད།

མཁས་པའི་བགྲོ་གླེང་འདི་ཉིད་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཆོས་རྭ་ལེགས་བཤད་ཀུན་སྒྲོག་གླིང་དུ་དེ་རིང་ཕྱི་ཚེས་ ༢༩ ནས་བཟུང་ཕྱི་ཟླ་ ༡༢ ཚེས་ ༣ བར་ཕྱི་དྲོ་ ༦ པ་ནས་ ༨ བར་འཚོག་རྒྱུ་དང་། དེ་ཡང་གདན་ས་གསུམ་གྱི་གྲྭ་ཚང་དྲུག་གི་མཁས་དབང་ཞལ་གྲངས་བཅུ་ལྷག་ཙམ་ནས་རྩོམ་ཤོག་སྙན་སྒྲོན་ཞུས་ཏེ་དེ་དག་ཐོག་ནས་བགྲོ་གླེང་ཞིབ་ཅིང་རྒྱས་པ་གནང་རྒྱུ་རེད་འདུག

དགེ་ཐུབ་བསྟན༌ཡར་འཕེལ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།