ཝི་ཊི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོཌ་པའི་ཚོཌ་ཆེན་ཐེངས་དང་པོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༢༤ཉིན། དེ་རིང་ཕྱི་དྲོ་ཆུ་ཚོད་༣པའི་ཐོག་དྷ་ས་བྷག་སུ་Club House གསོལ་མགྲོན་ཁང་དུ་ཝི་ཊི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་རེད། ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་། མཁས་དབང་Vuong Ding Bach ཝི་ཨོན་ཏིན་བྷ་ཆི། Dr. Natasha Mehra མཁས་དབང་ནཱ་ཐཱ་ཤཱ་མའེ་རཱ་བཅས་དང་། གཞན་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་། བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་བཅས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་ཁག་ཅིག

དེ་བཞིན་ཝི་ཊི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་གསར་འཛུགས་གནང་མཁན་ལྕམ་ Nguyen ནོ་ཡན་ལགས་དང་། ཚོགས་གཙོ་བཟོད་པ་ལགས། ཚོགས་གཞོན་ཐུབ་བསྟན་ལགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་སྐུ་ཚབ་དང་། མི་མང་། གསར་འགོད་པ་བཅས་ཁྱོན་མི་གྲངས་༡༠༠ཙམ་མཉམ་ཞུགས་གནང་ཡོད་པ་རེད།

ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་། ཝི་ཊི་ནམ་གྱི་རྒྱལ་གླུ་བཅས་རིམ་པར་ཕུལ་རྗེས། བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་དང་། ཝི་ཊི་ནམ་རྒྱལ་ཁབ་ནང་རང་དབང་འཐབ་རྩོད་སྐབས་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མྱ་ངན་གུས་འདུད་བཅས་རིམ་པར་ཞུས།

དེ་ནས་ཚོགས་པའི་དེ་སྔོན་འགན་འཁུར་བ་ཐུབ་བསྟན་ལགས་ཀྱིས། ཚོགས་པ་འདི་གསར་འཛུགས་གནང་བའི་བརྒྱུད་རིམ་ངོ་སྤྲོད་སྐབས་ཁོང་གིས། ཚོགས་པ་འདི་གསར་འཛུགས་ཞུས་ནས་ད་ལྟ་བར་ཟླ་བ་༨ཙམ་ཕྱིན་པ་རེད། ཐོག་མའི་ཆར་ཚོགས་པ་འདི་གསར་འཛུགས་སྐབས་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ། ཚོགས་མི་འདི་རེད་ཟེར་བ་དེ་འདྲ་གང་ཡང་ཡོད་པ་མ་རེད་ལ། དམིགས་བསལ་གྱི་ལས་འགུལ་དེ་འདྲ་གང་ཡང་སྤེལ་ཐུབ་ཡོད་པ་མ་རེད།

གང་ཡིན་ཟེར་ན། ཚོགས་པ་གསར་པ་ཞིག་འཛུགས་དུས་དྲ་རྒྱ་ལ་སོགས་པའི་གྲ་སྒྲིག་མང་པོ་ཞིག་དགོས་ཀྱི་ཡོད་པ་རེད། འོན་ཀྱང་ཉེ་ཆར་ཕྱི་ཟླ་༡༠པའི་ཚེས་༦ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་བཟོད་པ་ལགས་ཚོགས་པ་འདིའི་ཚོགས་གཙོར་བསྐོས་པ་རེད། ད་ལྟའི་ཆར་ཚོགས་གཞོན་ངོས་རང་དང་། དྲུང་ཆེ་རིག་འཛིན་ལགས། དངུལ་གཉེར་པ་སངས་ལགས་བཅས་བསྐོ་བཞག་བྱས་ཡོད་པ་རེད་ཅེས་ངོ་སྤྲོད་འགྲེལ་བརྗོད་གནང་སོང་།

དེ་ནས་རིམ་པར་བོད་མི་མང་སྤྱི་འཐུས་སྐུ་ངོ་ཀརྨ་ཆོས་འཕེལ་ལགས་དང་། Mis Nguyen ལྕམ་ནོ་ཡན་ལགས། དེ་བཞིན་མཁས་དབང་Vuong Ding Bach ཝི་ཨོན་ཏིན་བྷ་ཆི། Dr. Natasha Mehra མཁས་དབང་ནཱ་ཐཱ་ཤཱ་མའེ་རཱ་བཅས་ནས་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་རིམ་པར་གནང་བ་དང་། ཚོགས་གཙོ་བཟོད་པ་ལགས་ཀྱིས། ཕྱི་ལོ་༢༠༡༢ཟླ་༡༠ཚེས་༦ཉིན་Mis Nguyen ལགས་ཀྱིས་ང་ལ་ཁྱེད་རང་ཚོགས་པ་འདིའི་ཚོགས་གཙོར་སྡོད་རོགས་བྱས་ན་ཡག་པོ་ཞེ་དྲག་ཡོང་ས་རེད་གསུངས་བྱུང་། སྐབས་དེར་ངས་རང་ལ་ཤེས་ཡོན་དང་འཇོན་ཐང་དེ་འདྲ་གང་ཡང་མེད་ལ། ངོས་རང་ད་ལྟ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གཏན་འཇགས་རྒྱུན་ལས་ཡིན་པར་སོང་། དྭང་བླངས་ཐོག་ལས་ཞོར་དུ་དུས་ཚོད་ནམ་བྱུང་ལ་རོགས་པ་གང་ཐུབ་ཐུབ་ཞུ་རྒྱུ་ཡིན་ཞེས་ལབ་པ་མ་གཏོགས། ངས་གཅིག་བྱེད་རྒྱུ་ཡོད་མདོག་མདོག་དེ་འདྲ་གང་ཡང་ཞུས་མེད་ཅེས་གསུངས་སོང་།

ཡང་ཚོགས་གཙོ་བཟོད་པ་ལགས་ཀྱིས། ཚོགས་པ་འདིའི་མ་འོངས་ལས་འཆར་ཁག་ཅིག་གསལ་བསྒྲགས་གནང་དོན།

དང་པོ། རྒྱ་གཞུང་གི་ཆེད་མངགས་བཟོས་པའི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་དེ་དག་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་ཁྱབ་བསྒྲགས་གང་ཐུབ་ཅི་ཐུབ་བྱ་རྒྱུ།

གཉིས་པ། རྒྱལ་ཁབ་གཉིས་དབར་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཐོག་ནས་ཨེ་ཤ་ཡའི་ནང་ལས་འགུལ་སྤེལ་རྒྱུ།

གསུམ་པ། བོད་ཀྱི་ཆུའི་ཐོན་ཁུངས་ནི་ཨེ་ཤ་ཡའི་མི་འབོར་བརྒྱ་ཆ་༥༠ཙམ་མཐུན་རྐྱེན་སྐྲུན་ཐུབ་ཀྱི་ཡོད་པར་སོང་། ཁོར་ཡུག་གོ་ཐོག་ལས་འགུལ་སྣེ་མང་སྤེལ་ཐུབ་པ་བྱ་རྒྱུ།

བཞི་པ། ཚོགས་པ་འདིའི་དམིགས་ཡུལ་དང་ལས་འགན་གལ་ཆེར་བརྩིས་ཏེ་ཚོགས་མི་ཚང་མ་སྤུན་མཆེད་ཀྱི་འདུ་ཤེས་ཐོག་གཅིག་ཕན་གཅིག་གྲོགས་དང་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་ལས་དོན་ལམ་ལྷོང་ཡོང་བ་བྱ་རྒྱུ་ཞེས་གསུངས་སོང་།

ཡང་ཁོང་གིས། ངོས་རང་ཚོགས་པ་འདི་ཚོགས་གཙོར་སྡོད་རིང་ཁས་གཅིག་དང་དམ་བཅའ་གཅིག་ཞུ་རྒྱུ་ཡིན། ཁས་ལེན་དང་དམ་བཅའ་ཞུ་དགོས་དོན་ནི། དེང་སང་སྤྱི་ཚོགས་ཐོག་ཚོགས་པ་རེ་ཟུང་གི་བོད་སྤྱིར་པའི་ལས་ཀའི་མིང་འཁྱེར་ནས་དཔལ་འབྱོར་གྱི་རྙོག་དྲ་དང་ཆབ་སྲིད་ཀྱི་རྙོག་དྲའི་རིགས་མི་ཉུང་བ་ཞིག་ཡོང་གི་ཡོད་པའི་གནས་ཚུལ་དེ་རིགས་མི་ཡོང་བའི་ཁས་ལེན་གཙང་མ་ཞུ་རྒྱུ་དང་། ཚོགས་པ་འདིས་རྒྱལ་ཁབ་གཉིས་ཀྱི་གཞུང་དང་མི་མང་ལ་ལྷག་བསམ་རྣམ་དག་གིས་ཐོག་ནས་ཞབས་འདེབས་བསྒྲུབ་རྒྱུ་དང་ཚོག་སཔའི་རོགས་རམ་གནང་མཁན་Mis Ngyyen ལྕམ་ནོ་ཡན་ལགས་དང་། Mis Dhang ལྕམ་ཌན་ལགས་ལ་སོགས་པའི་སེམས་བཟང་ཅན་གྱི་མི་སྣ་ཚོས་གནང་བའི་རོགས་དངུལ་དེ་དག་བག་མེད་ལོངས་སྤྱོད་དུ་མི་འགྲོ་བའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན་ཞེས་ཁས་ལེན་དམ་བཅའ་གནང་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།