རྒྱ་གཞུང་གི་དྲག་སྤྱོད་འགོ་གཙོ་གསར་པ་བདུན་ལ་ངོ་རྒོལ་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༢༢ཉིན། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་བོད་ནང་འཛིན་པའི་སྲིད་བྱུས་དང་། ཉེ་ཆར་རྒྱ་གཞུང་གི་འགོ་ཁྲིད་འཕོ་འགྱུར། དེ་བཞིན་བོད་ནང་བོད་མི་ཚོས་མུ་མཐུད་རང་ལུས་མེར་སྲེག་གི་གནས་དོན་བཅས་ལ་བརྟེན་ཟླ་འདིའི་ཕྱི་ཚེས་༢༡ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་Tamil Nadu ཏཱ་མལ་ནཱ་དྷུའི་རྒྱལ་ས་ Chennai ཅེ་ནའེ་འམ་ Madras མཱ་དྷ་རཱ་སིའི་ནང་མཐོ་རིམ་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་གནང་མཁན་བོད་ཕྲུག་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱས་འདུག

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣པ་ཙམ་ལ་ Tibetan Students Association of Madras (TSAM) མཱ་དྷ་རཱ་སི་བོད་རིགས་སློབ་ཕྲུག་ཚོགས་པའི་སློབ་ཕྲུག་༡༡༠ཙམ་གྱིས་འཕྲད་དར་སྟེང་ “Tibet is not part of China” བོད་ནི་རྒྱ་ནག་གི་ཆ་ཤས་མ་རེད། Seven new terrorist leaders of China on Tibet བོད་མིར་མནར་གཅོད་གཏོང་མཁན་གསར་དུ་སླེབས་པའི་རྒྱ་ནག་གི་འཇིགས་སྐུལ་དྲག་སྤྱོད་པའི་འགོ་གཙོ་བདུན་ཞེས་དྲིས་པའི་བོད་ཚིག་དང་། བོད་ཀྱི་རྒྱལ་དར་བཅས་འཕྱར་ནས། ས་གནས་དེར་ཡོད་པའི་ཨ་རིའི་ཚོང་འབྲེལ་དོན་གཅོད་ཁང་མདུན་དུ་ཚོར་ཤུགས་ཆེན་པོས་ངོ་རྒོལ་སྐད་འབོད་བྱས་འདུག

བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་གནང་མཁན་སྤྱི་དང་ལྷག་པར་ཉེ་བའི་ཆར་རང་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། མྱ་ངན་མཚོན་ཆེད་དེ་ཉིན་སློབ་ཕྲུག་ཚང་མས་སྟོད་གོས་ནག་པོ་གྱོན་ཡོད་འདུག་པ་དང་། སློབ་ཕྲུག་ཚོས་ངོ་རྒོལ་སྐད་འབོད་གནང་སྐབས་ས་གནས་རྒྱ་གར་གྱི་ཉེན་རྟོག་པས་སློབ་ཕྲུག་ཚང་མ་འཛིན་བཟུང་བྱས་ཀྱང་། དུས་ཡུན་ཆུ་ཚོད་༥ཙམ་བཀག་ཉར་བྱས་རྗེས་ཚང་མ་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།