༧གོང་ས་མཆོག་གིས་ཧཱ་ཝི་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༡༦ཉིན། ཟླ་འདིའི་ཕྱི་ཚེས༡༣ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཧཱ་ཝི་ཁུལ་དུ་ཆིབས་བསྒྱུར་གནང་ཏེ།  ཁུལ་དེའི་མི་མང་དང་སློབ་ཕྲུག་ཚོར་གསུང་བཤད་བཀའ་དྲིན་བསྐྱངས་ཡོད་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན།  ཕྱི་ཚེས་༡༣ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨའོ་ཝ་ཧུའུ་རུ་ཞབས་སོར་འཁོད་སྐབས།  ཐེངས་འདིའི་གཟིགས་སྐོར་གོ་སྒྲིག་གནང་མཁན་གཙོ་བོ་ཨའི་བྷི་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཕཱ་རའི་ཨའོ་མའི་ཌི་ཡར་ལགས་དང་ཚོགས་མི། དེ་བཞིན་ས་གནས་སློབ་ཕྲུག་རོལ་མོ་ཚོགས་པ་སོགས་ནས་ལག་ཏུ་མེ་ཏོག་སོགས་བཟུང་ནས་༧མགོན་པོ་གང་ཉིད་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

དེ་སྔོན་ཕྱི་ལོ་༢༠༠༧ལོར་༧གོང་ས་མཆོག་ཧཱ་ཝེ་རུ་ཆིབས་བསྐྱུར་བཀའ་དྲིན་བསྐྱངས་མྱོང་ཡོད་ལ། ཕེབས་བསུའི་སྐབས་ཁོང་གིས་ངོས་རང་ཧཱ་ཝེ་རུ་ཐེངས་མང་པོ་ཡོང་མྱོང་མེད་ཀྱང༌། ཁྱེད་ཚོའི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་ཆེན་པོ་ཡོད་པ་འདྲ་བོ་འདུག་ཅེས་སོགས་སྐར་མ་ཁ་ཤས་རིང་གསུང་བཤད་གནང་གྲུབ་རྗེས། རོལ་མོ་ཚོགས་པའི་སློབ་ཕྲུག་ཚོ་དང་མཉམ་དུ་སྐུ་པར་བསྒྲོན་པ་དང་ཁཱ་མའི་ཧཱ་མའི་ཧཱ་སློབ་གྲྭའི་དོ་དམ་པ་ཁར་བྷི་ཊི་ཀལ་ལཱ་མཱ་ལགས་དང་ཡུལ་དེའི་གོམས་སྲོལ་ལྟར་མཇལ་འཕྲད་གནང་ཡོད་འདུག

གཞན་ཡང༌། ཕྱི་ཚེས་༡༤ཉིན་གྱི་པྱི་དྲོའི་ཆུ་ཚོད་༡དང་སྐར་མ་༤༥སྟེང་༧མགོན་པོ་གང་ཉིད་ནས་ཆེད་དུ་སློབ་མ་ཚོར་གསུང་བཤད་གནང་ཡོད་པ་དང༌། ཕྱི་ཚེས་༡༥རེས་གཟའ་ཉི་མ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡དང་སྐར་མ་༣༠ཙམ་ལ།  ཧཱ་ཝི་ཁུལ ཐེབས་རྩ་ཁང་གི་གོ་སྒྲིག་འོག (Stan Sheriff Center)ཞེས་པ་རུ་མི་མང་ལ་གསུང་བཤད་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།