༧གོང་ས་མཆོག་ནུབ་ཕྱོགས་ཨ་རིར་ཆིབས་ཞལ་བསྒྱུར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༡༦ཉིན། ཟླ་འདིའི་ཕྱི་ཚེས་༡༢ཉིན་གྱི་ཕྱི་དྲོ་ཆུ་ཚོད་༡ཡས་མས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དྷ་རམ་ས་ལ་ནས་ནུབ་ཕྱོགས་ཨ་རིར་ཕྱོགས་སུ་ཆིབས་ཞལ་བསྒྱུར་སྐབས། བོད་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ལག་ཏུ་སྤོས་དང༌། མེ་ཏོག དར་དཀར་སོགས་བཟུང་ནས་ཕེབས་སྐྱེལ་ཞུས་ཡོད།

༧གོང་ས་མཆོག་གི་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་མཛད་འཆར་བཀོད་པ་ལྟར་ན།

ཕྱི་ཟླ་ ༤ ཚེས་ ༡༤ ཉིན་ཧ་ཝ་ཡི་སྤྱི་ཚོགས་ཐེབས་རྩ་དང་དེའི་འབྲེལ་ཡོད་ཀྱི་གོ་སྒྲིག་པ་གཅིག་ལྕོགས་པེ་ རི་དང་པ་མི་ལ་ ཨོ་མིཏ་ཡར་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཨ་རི་ཧ་ཝ་ཡི་གཙུག་ལག་སློབ་གྲྭ་ཆེན་མོའི་ས་ཊན་ ཤེ་རིཕ་ སེན་ཀྲར་རུ་ཁུལ་དེའི་སློབ་གྲྭ་དང༌། མཐོ་སློབ། གཙུག་ལག་སློབ་གྲྭ་ཆེན་མོ་བཅས་ཀྱི་སློབ་ཕྲུག་ཚོར་ནང་སེམས་ཀྱི་ཤེས་ཡོན་ཐོག་བཀའ་སློབ་སྩལ་རྒྱུ།

ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ཧ་ ཝ་ཡི་སྤྱི་ཚོགས་ཐེབས་རྩ་དང་དེའི་འབྲེལ་ཡོད་ཀྱི་གོ་སྒྲིག་པ་གཅིག་ལྕོགས་པེ་ རི་དང་པ་མི་ལ་ ཨོ་མིཏ་ཡར་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཨ་རི་ཧ་ཝ་ཡི་གཙུག་ལག་སློབ་གྲྭ་ཆེན་མོའི་ས་ཊན་ ཤེ་རིཕ་ སེན་ཀྲར་རུ་ཁུལ་དེའི་མི་མང་ལ་ཧ་ཝ་ཡི་ཡུལ་གྱི་མཛའ་བརྩེའི་ནུས་སྟོབས་ཀྱིས་ཞི་བདེ་གོང་འཕེལ་གཏོང་ཐབས་སྐོར་བཀའ་སློབ་སྩལ་རྒྱུ།

ཕྱི་ཟླ་ ༤ ཚེས་ ༡༨ ཉིན་སེན་ ཌི་ཡ་ཀོ་ ཀེ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོས་རི་མེཀ་རྩེད་ཐང་དུ་གོ་སྒྲིག་ ཞུས་པའི་ཀུན་ཁྱབ་སེམས་ཁུར་དང༌། བྱམས་བརྩེ། འགྲོ་བ་མིའི་རྣམ་རིག་བཅས་ཀྱི་ཐོག་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཆ་སྙོམས་ཡོང་ཐབས་ཀྱི་བཞུགས་མོལ་ཚོགས་འདུའི་གཙོ་མགྲོན་དུ་ཆིབས་སྒྱུར་བསྐྱང་རྒྱུ།

ཕྱི་ཟླ་ ༤ ཚེས་ ༡༨ ཉིན་རྒྱབ་སེན་ ཌི་ཡ་ཀོ་གཙུག་ལག་སློབ་གྲྭ་ཆེན་མོའི་རྩེད་ཐང་དུ་ཁུལ་དེའི་མི་མང་ལ་ཞི་བདེ་དང་ དྲང་བདེན་སྐྲུན་ཐབས་སྐོར་བཀའ་སློབ་སྩལ་རྒྱུ།

ཕྱི་ཟླ་ ༤ ཚེས་ ༡༩ ཞོགས་པ་སེན་ཌི་ཡ་ཀོ་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཝེ་ཇ་སི་རྩེད་ཐང་དུ་འགྲན་རྩོད་ཆེ་བའི་དུས་རབས་ནང་ཀུན་ཁྱབ་ཀྱི་བཟང་སྤྱོད་དང་བྱམས་བརྩེ་རྒྱུན་འཛིན་བྱེད་དགོས་སྐོར་མི་མང་ལ་བཀའ་སློབ་སྩལ་རྒྱུ།

ཕྱི་ཟླ་ ༤ ཚེས་ ༢༠ ནས་ ༢༡ བར་ཨ་ རི་ལོ་སི་ཨེན་ཇི་ལ་སི་ནང་ཡོད་པའི་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་ འདུས་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཨ་རི་ལོང་བིཇ་ལྷན་ཚོགས་ཁང་གི་རྩེད་རར་འཇིགས་བྱེད་ཀྱི་བཀའ་དབང་སྩལ་རྒྱུ། འབྲེལ་བ་བྱ་ཡུལ་དྲྭ་རྒྱའི་ཁ་བྱང༌།

ཕྱི་ཟླ་ ༤ ཚེས་ ༢༡ ཉིན་ཨ་ རི་ལོ་སི་ཨེན་ཇི་ལ་སི་ནང་ཡོད་པའི་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་འདུས་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཨ་རི་ལོང་བིཇ་ལྷན་ཚོགས་ཁང་གི་རྩེད་ཐང་དུ་མི་མང་ལ་དཀའ་རྙོག་གི་དུས་སྐབས་ནང་སེམས་ཀྱི་ཞི་བདེ་ཡོང་ཐབས་སྐོར་བཀའ་སློབ་སྩལ་རྒྱུ།

ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཨ་རི་ཆི་ཁ་གོར་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་ ཐེངས་ ༡༢ པར་ལྷན་ཞུགས་གནང་རྒྱུ།

ཕྱི་ཟླ་ ༤ ཚེས་ ༢༦ ཉིན་ཆི་ ཁ་གོ་བོད་ཀྱི་ལྟེ་གནས་ཁང་ (ཊི་བེཊ་སེན་ཀྲར་) གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ལོ་ཡོ་ལ་གཙུག་ལག་སློབ་གྲྭ་ཆེན་མོའི་ཇེ་ནི་ལའི་རྩེད་ཐང་དུ་འཚེ་མེད་ཞི་བའི་སྐོར་མི་མང་ལ་བཀའ་སློབ་སྩལ་རྒྱུ། འབྲེལ་བ་བྱ་ཡུལ་དྲྭ་རྒྱའི་ཁ་བྱང༌།

ཕྱི་ཟླ་ ༤ ཚེས་ ༢༦ ཉིན་ཆི་ ཁ་གོ་བོད་ཀྱི་ལྟེ་གནས་ཁང་ (ཊི་བེཊ་སེན་ཀྲར་) གིས་གོ་སྒྲིག་ཞུས་པ་བཞིན། ལོ་ཡོ་ལ་གཙུག་ལག་སློབ་གྲྭ་ཆེན་མོའི་ཇེ་ནི་ལའི་རྩེད་ཐང་དུ་ཆོས་ལུགས་ཕན་ཚུན་དབར་འབྲེལ་བ་དང་མཉམ་ལས་གནང་ཕྱོགས་སྐོར་བཀའ་སློབ་སྩལ་རྒྱུ་དང༌། དེའི་སྔ་རོལ་དུ་ལོ་ཡོ་ལ་གཙུག་ལག་སློབ་གྲྭ་ཆེན་མོས་ྋགོང་ས་མཆོག་ལ་མཁས་དབང་གི་ཆེ་བསྟོད་ཕྱག་འཁྱེར་འབུལ་བཞེས་མཛད་རྒྱུ།

ཕྱི་ཟླ་ ༤ ཚེས་ ༢༨ ཉིན་ཁེ་ ན་ཌ་བོད་ཀྱི་ཚོགས་པས་གོ་སྒྲིག་ཞུས་པ་བཞིན། ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཡོད་པའི་སི་ཝིཀ་ སན་ཊར་རུ་འཛམ་གླིང་ཀུན་ལ་སྨན་པའི་བཟང་སྤྱོད་སྐོར་མི་མང་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།