རྒྱ་གར་གཞུང་གིས་བོད་མི་ཞི་རྒོལ་བ་བཞི་གློད་བཀྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༢ཉིན། ཟླ་༣ཚེས་༣༠ཉིན། རྒྱ་གར་གཞུང་གིས་ཊི་ཧར་བཙོན་ཁང་དུ་ཉིན་བཞི་རིང་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་ཞི་རྒོལ་བ་༤གློད་བཀྲོལ་བཏང་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་རྒྱ་གར་ནང་ཡོང་བའི་སྐབས་དང་བསྟུན་ནས་བོད་མིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས།  ཟླ་༣ཚེས་༢༧ཉིན་གྱི་ཕྱི་དྲོར། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་དང་དགེ་འདུན་རྒྱ་མཚོ་ལགས། རིག་འཛིན་རྡོ་རྗེ་ལགས། བསྟན་འཛིན་ནོར་སྐྱིད་ལགས་བཅས་ཞི་རྒོལ་བ་བཞི་རྒྱ་གར་ཉེན་རྟོག་པས་ཉིན་གྲངས་༤རིང་ཊི་ཧར་བཙོན་ཁང་དུ་བཀག་ཉར་བྱས་ཡོད་ཀྱང་། ཕྱི་ཚེས་༣༠ཉིན་ཁོང་ཚོ་གློད་བཀྲོལ་བཏང་ཡོད་འདུག

ཐེངས་འདིར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མགར་བྱམས་སོགས་ཀྱིས་གྲུབ་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་ཆུང་ཞིོག་གིས། རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་ཨི་ནན་ཌི་ཀུ་མར་(Anand Kumar) དང་པར་ཌི་ཀུ་མར་སན་(Pardeep Kumar Singh)། རཱ་ཇིན་ཌི་རཱ་སན་རཱ་ནཱ། (Rajendrasinh Rana) ཁི་སུ་ཨི་ལཱ་གྷི་རི་(KS Alagiri)  ཊི་ཁི་སི་ལན་གྷོ་ཝན་(TKSElangovan)སོགས་ལ་ཆེད་བཅར་གྱིས་ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གཙོས་པའི་ཛ་དྲག་གནས་སྟངས་མྱུར་ཏུ་མཚམས་འཇོག་ཡོང་ཆེད། རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་ལ་གནོན་ཤུགས་དང་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། གྲོས་ཚོིགས་འཐུས་མི་ཚོས་ཀྱང་བོད་དོན་ལ་རྒྱབ་སྐྱོར་དང་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱ་རྒྱུ་ཡིན་པའི་ཞལ་བཞེས་ཐོབ་པ་ལྟར་།  རྒྱ་གར་གྲོས་ཚོགས་ནང་འཐུས་མི་འགས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།