ཝི་ཊི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་གསར་འཛུགས་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༢ཉིན། ཁ་སང་ཕྱི་ཚེས་༡རེས་གཟའ་ཉི་མའི་ཉིན་བཞུགས་སྒར་དྷ་རམ་ས་ལར་༼ཝི་ཊི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་༽ཟེར་བ་གསར་འཛུགས་ཀྱིས་དབུ་འབྱེད་མཛད་སྒོ་དང་གསར་འགོད་གསལ་བསྒྲགས་བྱས་ཡོད།

ཚོགས་པ་དེ་ནི་ཝི་ཊི་ནམ་གྱི་མང་གཙོ་དང་རང་དབང་འཐབ་རྩོད་པ་ལྕམ་ Nguyen thi ngoc hanh ཡིས་རྒྱབ་སྐྱོར་དང་མཐུན་རྐྱེན་འོག་གསར་དུ་བཙུགས་པ་ཞིག་དང་། ཚོགས་པ་དེས་བོད་དང་ཝི་ཊི་ནམ་གྱི་རང་དབང་འཐབ་རྩོད་ཐད་མཉམ་འབྲེལ་གྱི་ལས་འགུལ་སྤེལ་རྒྱུ་རེད་འདུག མཛད་སྒོ་ཐོག་དྷ་སར་ཡོད་པའི་བཙུན་དགོན་དགའ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་མཆོག་དང༌། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཆེད་ཕེབས་གནང་འདུག་ལ།

མཛད་སྒོ་སྐབས་ཐོག་མར་ཚོགས་བཅར་བ་ཡོངས་སྐུ་བཞེངས་ཀྱིས་བོད་ཀྱི་རྒྱལ་གླུ་དང་ཝི་ཊི་ནམ་གྱི་རྒྱལ་གླུ་བཅས་རིམ་པར་བཏང་། ཚོགས་པ་དེའི་འགན་ཁུར་བ་གཙོ་བོ་ཐུབ་བསྟན་བསྟན་འཛིན་ལགས་ཀྱིས་ཚོགས་པ་དེ་འདྲ་ཞིག་བཙུགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་དོན། སྤྱིར་ཝི་ཊི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་ཟེར་བ་དེ་འདྲ་ཡོ་རོབ་དེ་ཚོ་དང༌། ཨ་རི། དེ་བཞིན་ཁེ་ན་ཌ་དེ་ཚོར་འདུག བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་དྷ་རམ་ས་ལ་ལའང་དེ་བཞིན་ཝི་ཊི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་ཟེར་བ་ཞིག་དགོས་གལ་ཆེན་པོ་མཐོང་གི་འདུག

རྩ་བའི་ལས་དོན་འདིའི་ཆེད་རང་གཞན་ཚང་མས་དཀའ་ལས་མང་པོ་ཞིག་བརྒྱབ་ཡོད་རེད། སྤྱིར་སྟངས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལས་འགུལ་མང་པོ་ཞིག་སྤེལ་གྱི་ཡོད་པ་ནང་བཞིན། ཕྱིས་སུ་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ན་ཡང༌། ཝི་ཊི་ནམ་དང་བོད་མཉམ་འབྲེལ་གྱི་ཐོག་ནས་ལས་ཀ་བྱས་པ་ཡིན་ན། རྒྱལ་སྤྱིའི་སྒང་ལ་དམིགས་བསལ་གྱི་ནུས་པ་ཐོན་ཐུབ་པའི་རེ་བ་ཆེ་བ་ཡོད་པ་དང༌། ལས་འགུལ་དེ་ཡང་དྷ་ས་གཅིག་པུ་མ་ཡིན་པར་ཕྱིའི་རྒྱལ་ཁབ་ཁག་གཞན་དང༌། ལྷག་པར་དུ་ཝི་ཊི་ནམ་ནང་ལ་ཡང་ལས་འགུལ་སྤེལ་དགོས་པ་གལ་ཆེ་བ་མཐོང་གི་ཡོད། ལས་འགུལ་སྤེལ་བ་ཙམ་མ་ཡིན་པར་ཝི་ཊི་ནམ་དང་བོད་མཉམ་འབྲེལ་གྱིས་ཐོག་ནས། ལས་འགུལ་གྱི་དམིགས་ཡུལ་དེ་དག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་མཐོང་ནས་ཚོགས་པ་འདི་གསར་འཛུགས་བྱས་པ་ཞིག་ཡིན་ཞེས་གསུངས་སོང༌།

ཚོགས་ པ་དེར་ད་ལྟའི་ཆར་ཚོགས་མི་༣ འདུག་པ་དང་། Viet nam-Tibet Alliance fighting for freedom ཝི་ཊི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་དེ་ནི་བཞུགས་སྒར་དྷ་ས་མེ་གྷན་ཇོ་གྷི་ཝ་རའི་ལམ་དུ་ཡོད་ཅིང༌། འབྲེལ་གཏུགས་ཁ་པར་ནི། 91-9736923974 དང༌། གློག་འཕྲིན་ཁ་བྱང་ནི། This e-mail address is being protected from spambots, you need JavaScript enabled to view it

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།