དགོངས་ཚུལ།

བོད་ནི་རྒྱ་གར་ལ་གནད་འགག་ཇི་ཙམ་ཆགས་མིན་ཐོག་བགྲོ་གླེང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༢ཉིན། བོད་ཀྱི་གནས་སྟངས་ཛ་དྲག་དང་གཉན་འཕྲང་ཅི་ཆེར་སྐབས་རྒྱ་ནག་སྲིད་འཛིན་ཧུ་ཇིན་ཐའོ་ཕྱི་ལོ་ ༢༠༡༢ ཟླ་བ་ ༣ ཚེས་ ༢༨ ཉིན་རྒྱ་གར་དུ་ཉིན་གཉིས་བྷི་རིག་ཚོགས་འདུར་བསླེབ་པའི་དུས་བསྟུན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཕྱི་ཚེས་ ༢༧ ཉིན་གཅིག་སྔོན་རྒྱལ་ས་ལྡི་ལིར་ཨིན་གྲི་ཡ་ཧེ་སྦི་ཀྲེཀྲ་སེན་ཀྲར་དུ། བོད་ཀྱི་རྒྱ་གར་ལ་གནོན་ཤུགས་ཇི་ཙམ་ཆགས་ཀྱི་ཡོད་མེད་ཐོག་མཁས་དབང་གི་བགྲོ་གླེང་ཞེས་པའི་བརྗོད་གཞི་ཐོག་རྒྱ་གར་མཁས་དབང་དང་བོད་པའི་མཁས་དབང་དེ་བཞིན་མང་ཚོགས་ཀྱི་བསམ་ཚུལ་སླང་ཆེད་བགྲོ་གླེང་གོ་སྒྲིག་ཞུས་ཡོད།

བོད་ནང་གི་ཛ་དྲག་གི་གནས་སྟངས་དང་རྒྱ་ནག་གིས་དྲག་པོའི་དམག་དཔུང་གིས་བོད་མིའི་གཏན་ལྷིངས་ཆགས་འཇིགས་ཀྱི་གནས་སུ་བསྒྱུར་ཡོད་པ་དང་བོད་ནང་རྒྱ་ནག་དམག་ཤུགས་སྡུག་རྩུབ་ཇེ་ཆེར་ཇི་ཙམ་བཏང་ཡོད་ཀྱང་གཞིས་ལུས་བོད་མི་རྣམས་ནས་འཇིགས་ཞུམ་མེད་པའི་སྒོ་ནས་གདོང་ལེན་གནང་ཡོད་པར་འཛམ་གླིང་ཀུན་གྱི་དོ་སྣང་ཨེ་ཤི་ཡའི་ངོས་སུ་བསླེབ་ཡོད་ཅིང༌།

རྒྱ་གར་རྒྱལ་ས་ལྡི་ལིར་བྷི་རིག་ཚོགས་འདུ་དུས་བསྟུན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཕྱི་ཚེས་ ༢༧ ཉིན་གཅིག་སྔོན་རྒྱལ་ས་ལྡི་ལིར་ཨིན་གྲི་ཡ་ཧེ་སྦི་ཀྲེཀྲ་སེན་ཀྲར་དུ། མཁས་དབང་ཁག་གི་བོད་དང་རྒྱ་གར་རྒྱ་ནག་དབར་གྱི་གནད་དོན་ངེས་ཅན་རྣམས་མཁྱེན་ཐུབ་ཐབས་སླད་བགྲོ་གླེང་གོ་སྒྲིག་ཞུས་པར་ཐོག་མར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པ་དང་ཕྱི་ཚེས་ ༢༦ ཉིན་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནས་བོད་བསྟན་སྲིད་ཆེད་སྐུ་སྲོག་ཚུན་ཞུགས་འབུལ་གནང་བར་དམིགས་བསལ་རྗེས་དྲན་དུ་ངག་བཅད་གུས་བཏུད་སྔོན་སོང་ཏེ་མཁས་དབང་བཞིའི་སྐར་མ་བཅོ་ལྔ་རེར་ཆ་ཤས་བགྲོ་གླེང་ནང་དགོངས་འཆར་གནང་རྗེས་ཚོགས་བཅར་བའི་དྲི་བར་ལན་འདེབས་བཅས་གནང་ཡོད་པ་དང༌།

མཁས་དབང་ཁག་གི་ངོ་སྤྲོད་དུ། བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་དེ་བཞིན་སྐུ་ཞབས་མོ་ཧན་གུ་རུ་སོ་ལྦ་མི་མཆོག ཁོང་ནི་རྒྱ་གར་ཆབ་སྲིད་འདམ་ཀའི་བྱུས་ལམ་བསྟི་གནས་ཁང་དེ་ཉིད་གསར་འཛུགས་གནང་མཁན་དང་ད་ལྟ་ཚོགས་གཙོའི་ལས་འཁུར་གནང་བཞིན་པ་དང༌། ཁོང་ནི་རྒྱ་ནག་ཐོག་དམིགས་བསལ་མཁས་དབང་དང་རྩོམ་པ་པོ་ཡིན་ཅིང༌། སྐུ་ཞབས་ལྦི་ནོད་སེཡི་གྷལ་མཆོག་ནི་དམག་དཔོན་ཟུར་པ་དང་རྒྱལ་སྤྱིའི་བསྟོད་དབྱངས་སྒྲོག་པའི་སྲིད་དོན་གཞུང་ལུགས་ཀྱི་རྩོམ་པ་པོ་དང་སྣོད་བཅུད་རིག་པ་བསྟི་གནས་ཁང་གི་ཚོགས་གཙོ་ཡིན་ཞིང༌། བསྟན་འཛིན་བརྩོན་འགྲུས་ལགས་ནི་བོད་རིགས་ན་གཞོན་ལས་འགུལ་བ་དང་རྩོམ་པ་པོ་ཞིག་ཡིན་པ་བཅས་སོ་སོ་ནས་གཏམ་བཤད་གནང་ཡོད་པ་རེད།

སྐུ་ཞབས་བསྟན་པ་ཚེ་རིང་མཆོག་གིས་བོད་ཀྱི་སྤྱི་ཡོངས་འདས་དང་ད་ལྟའི་ལོ་རྒྱུས་འབྲེལ་ཨེ་ཤི་ཡའི་རྒྱལ་ཁབ་ཕན་ཚུན་དབར་ཡིད་ཆེས་བློ་འགེལ་ཇི་ལྟར་ཉམས་ཡོད་པའི་སྐོར་དང༌། བོད་མིའི་འཚེ་མེད་ཞི་བའི་བལྟ་གྲུབ་ཀྱི་སེམས་སྐུལ་དང་གཞི་རྩ་གཏིང་ཟབ་ཡོད་པ་འདི་བཞིན་དྲག་པོའི་དམག་དཔུང་རིང་ལུགས་ཀྱི་དབང་ཆའི་ཡོངས་ཁུངས་མིན་པ་ཞིག་མཚོན་ཐུབ་ཀྱི་ཡོད་པའི་སྐོར་དང༌། རྒྱལ་ཁབ་གཞན་ནས་ཀྱང་འཚེ་མེད་ཞི་བའི་ལྟ་གྲུབ་ཐོབ་ཕེབས་དགོས་པ་མ་ཟད། བོད་ཀྱི་གནད་དོན་འདི་གཉིས་ཕན་དབུ་མའི་ལམ་དེ་བཞིན་༧གོང་ས་མཆོག་གི་ལམ་སྟོན་གནང་ཡོད་པའི་གུ་ཡངས་དཀྱིལ་ཆེའི་ལམ་བརྒྱུད་དེ་རྒྱ་གར་གཞུང་ནས་རྒྱ་ནག་ལྷན་བཀའ་མོལ་གནང་ཐུབ་རྒྱུར་ཐབས་ལམ་བསྐྲུན་ཐུབ་པ་ཞིག་རེད་བཅས་བཀའ་གནང་ཡོད་པ་དང༌།

གུ་རུ་སོལྦ་མི་མཆོག་ནས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དམག་ཤུགས་སྐོར་དང་བོད་ཀྱི་གནད་དོན་ག་པར་བསླེབ་ཡོད་མེད་སྐོར་གསལ་བཤད་གནང་རྗེས། རྒྱ་གར་གཞུང་དང་མི་མང་ནི་རྒྱལ་ཁབ་སུ་འདྲ་ཞིག་ནས་སྐྱབས་བཅོལ་དུ་ཡོང་མཁན་ཚང་མར་སེམས་པ་ཆེན་པོའི་སྒོ་ནས་གཅིག་མཚུངས་ཀྱི་ཕེབས་བསུ་ཞུ་ཡི་ཡོད་པ་འདི་རྒྱ་གར་འཕགས་པའི་ཡུལ་གྱི་རང་བཞིན་གྱི་སྲིད་བྱུས་རེད། དཔེར་ན་ཕྱི་ལོ་ ༡༩༡༣ ལོར་བོད་ནས་རྒྱ་མི་རྣམས་ཐར་དཀྲོལ་བཏང་སྐབས་ཁོང་རྣམས་རྒྱ་གར་དུ་སྐྱབས་བཅོལ་ལ་བསླེབ་ཡོད་པའི་དཔེ་དེ་བཞིན་རྒྱ་གར་གྱི་རང་བཞིན་ནི་སེམས་པ་ཆེན་པོ་ཚང་མར་གཅིག་མཚུངས་བྱེད་ཀྱི་ཡོད་རེད། ཡིནའང་བོད་པ་ཚོས་རྒྱ་གར་ནང་ལས་འགུལ་ཆེ་ཤུགས་ཇི་ཙམ་སྤེལ་རུང་རྒྱ་གར་སྤྱི་ཚོགས་ནང་བོད་དོན་ཆེད་དུ་ང་ཚོས་དམག་རྒྱབ་ཐུབ་ཀྱི་མ་རེད་ཡིནའང་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་ཐུབ་ཀྱི་རེད་བཅས་བཀའ་གནང༌།

བསྟན་འཛིན་བརྩོན་འགྲུས་ལགས་ནས་ཨ་རི་གཞུང་དང་རྒྱ་གར་གཞུང་གཉིས་ནས་རྒྱལ་སྤྱིའི་ནང་ཚོང་འབྲེལ་གྱི་མཁེ་ཕན་གྲུབ་ཡོད་པ་ལས་བོད་ཀྱི་གནད་དོན་ཐོག་གང་ཡང་བྱེད་མེད་པ་དེ་ནི་རྒྱ་གར་གཞུང་ནས་ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་གྱི་ལྷན་དུ་འཐེན་རྒྱོང་ཉུང་ཉུང་བྱེད་ཐབས་བྱེད་རྐྱེན་ཡིན། འོན་ཀྱང་རྒྱ་གར་ང་ཚོའི་བཤེས་གཉེན་ཡིན་པར་རྒྱ་གར་གཞུང་མང་ནས་ང་ཚོར་ནུས་སྟོབས་དང་བློས་འཁེལ་འབྱིན་ཡོད་པ་རེད། ང་ཚོའི་བོད་མི་ཚོའི་ཆིག་བསྒྲིལ་གྱི་ནུས་པ་ནི་ང་ཚོའི་འདེགས་འཇའི་ཕན་རླབས་ཡིན། དཔེར་ན་འདི་ལོར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་སྐུ་ལུས་ཞུགས་འབུལ་ལ་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་ལོ་གསར་གཏོང་རྒྱུ་མིན་པའི་ལས་འགུལ་འདིའི་ཐོག་བོད་ཕྱི་ནང་གཉིས་ཀྱི་གཅིག་མཚུངས་སྤེལ་ཡོད་པ་འདི་ང་ཚོའི་རང་དབང་དང་ནུས་སྟོབས་རེད། ཡང་ཉེན་བརྡ་གནང་དོན་དུ། བོད་ཀྱི་རྩ་དོན་འདི་རྒྱ་ནག་ལ་ཞེ་སྣང་ཆགས་ཡོད། རྒྱ་ནག་ནམ་ཞིག་འཐོར་གྱི་རེད། འཐོར་བའི་སྐབས་སུ་རྒྱ་གཞུང་ལྷན་ཚོང་འབྲེལ་ཡོད་པ་ཚང་མར་མཉམ་དུ་འཐོར་འགྲོ་ཡི་རེད། རྒྱ་ནག་གི་ཞེ་སྣང་གཅིག་ནི་བོད་མིའི་རྡོག་རྩ་གཅིག་བསྒྲིལ་དང་ནང་ཆོས་འདི་ཉིད་ཡིན་པར་འདི་ཉིད་ང་ཚོའི་ནུས་སྟོབས་ཡིན་བཅས་གསུང༌།

སྐུ་ཞབས་ལྦི་ནོད་སཡེ་གྷལ་མཆོག་ནས་གསུང་དོན། གྲོས་བསྡུར་རམ་གྲོས་མོལ་ཟེར་ཡ་འདི་ཕྱོགས་གཉིས་ཕན་ཚུན་འདྲ་མཉམ་གྱི་གནས་སྟངས་ཞིག་གི་འོག་ནས་ཡོང་དགོས་པ་ཞིག་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་བོད་དོན་རྒྱབ་སྐྱོར་ཐོག་ཕྱི་ནུར་བྱེད་པའི་རྐྱེན་གྱི་སྲིད་གཞུང་མང་པོ་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་མུ་མཐུད་རྒྱབ་སྐྱོར་གནང་མ་ཐུབ་པ་ཆགས་ཡོད། དེང་སང་དཔལ་འབྱོར་གྱི་སྐད་ཆ་བཤོད་ཀྱིན་ཡོད་རེད། རྒྱ་གར་གྱི་རྒྱ་ནག་ལྷན་བོད་སྐོར་སྐད་ཆ་བཤད་ཐུབ་པའི་ཉི་མ་ཞིག་ཤར་བ་ཡིན་ན་དེ་ནི་༧གོང་ས་མཆོག་གི་སྐུ་ཚབ་ལྷན་རྒྱ་གཞུང་ནས་བཀའ་མོལ་གནང་དགོས་ཀྱི་ཡོད་ཞུ་ཡ་དེ་རེད། དེའི་དབར་དུ་བོད་མིའི་འཚེ་མེད་ཞི་བའི་བལྟ་གྲུབ་འདི་ནི་ཤུགས་ཆེ་ཤོས་དང་འཛམ་གླིང་གཞན་གྱི་སྔོན་མཐོང་མྱོང་མེད་པའི་འཚེ་མེད་ཞི་བའི་ནུས་སྟོབས་ཆགས་ཡོད། དེའི་མཚམས་ཚོགས་བཅར་བ་སློབ་ཕྲུག་དང་གསར་འགོད་པ་ཁག་ནས་རྒྱ་གར་མི་མང་ནས་བོད་ཐོག་ནུས་པ་ལྡན་པའི་རྒྱབ་སྐྱོར་དགོས་པའི་སྐོར་དྲི་བར་སྐུ་ཞབས་བསྟན་པ་ཚེ་རིང་མཆོག་ནས་རྒྱ་གར་གཞུང་ནས་ཆབ་སྲིད་ཀྱི་གནད་འབབ་འོག་གནང་ཐུབ་པ་ཆ་ཚང་གནང་ཡོད་རེད།

གུ་རུ་སལྦ་མི་མཆོག་ནས་རང་དབང་ཟེར་ཡ་འདི་མི་མང་རང་ངོས་ནས་དཀའ་ལས་རྒྱབ་དགོས་པ་ཞིག་རེད། བསྟན་འཛིན་བརྩོན་འགྲུས་ལགས་ནས་རྒྱ་གར་གཞུང་གི་བོད་རང་བཙན་ཡིན་པ་ཁས་ལེན་གནང་དགོས་པ་ནི་ཕྱི་ལོ་ ༡༩༡༤ ལོར་དབྱིན་ཇི་བོད་རྒྱ་གར་གསུམ་གྱི་དབར་བཞག་པའི་ཆིངས་ཡིག་ཡང་བཞག་ཡོད་པར་ཨ་རུ་ན་ཅལ་ཐོབ་དབང་ཐད་ཀྱང་འབྲེལ་བ་ཆགས་ཡོད་བཅས་གསུང༌། ཡང་གུ་རུ་སལྦ་མི་མཆོག་ནས་བོད་ཀྱི་གནང་སྟངས་ཛ་དྲག་ཐོག་བོད་མིའི་སྐུ་ལུས་ཞུགས་འབུལ་གནང་བར་རྒྱལ་སྤྱིའི་དོ་སྣང་དང་གསར་འགོད་པའི་དོ་སྣང་དེ་ཙམ་མེད་པའི་སྐོར་ལ་ལན་འདེབས་གནང་དོན། རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་སྐུ་སྲོག་ཞུགས་འབུལ་གནང་བ་མཐོང་སྐབས་སེམས་པ་སྐྱིད་པོ་མེད་པ་མ་ཟད་འགན་འཁུར་ཡང་ཡོད་པ་རེད། བརྩོན་འགྲུས་ལགས་ཀྱིས་བོད་མིའི་རང་དབང་ཐབ་རྩོད་བྱེད་དེ་རྒྱལ་ཁ་ཡང་ཐོབ་ཀྱི་རེད་ཡིནའང་ང་ཚོའི་སོ་སོ་རང་ཉིད་གསོད་ཀྱི་མ་རེད།

རང་ཉིད་མེར་བསྲེགས་བྱེད་སྲིད་པ་རེད། འདི་ང་ཚོའི་ནུས་སྟོབས་རེད། དེའི་རྗེས་གསོལ་ཇའི་བར་གསེང་སྐབས་ཕྱི་དྲོ་ཕྱག་ཚོད་ ༥།༣༠ ཐོག་གློ་བུར་དུ་རྒྱ་གར་ཉེན་རྟོག་པ་གྲངས་བཅུ་ཙམ་ནས་གྱོན་གོས་དཀྱུས་མའི་ཐོག་ཕེབས་ཏེ་བསྟན་འཛིན་བརྩོན་འགྲུས་ལགས་འཇབ་འགུག་གི་ངང་ནས་ཚོགས་ཁང་གི་སྒོའི་རྒྱབ་ནས་བཙན་ཁྲིད་བྱས་ཏེ་ད་ལྟ་ག་པར་ཡོད་མེད་ཤེས་མེད་པ་རེད། དེ་ནི་བོད་མི་དངོས་ཡོད་ཀྱི་གནས་སྟངས་ཇི་ལྟར་ཡིན་པ་ཡིད་ལ་ལྷངས་ངེས་དྲན་དགོས་པ་ཞིག་ཆགས་ཡོད་ཅིང༌། ཡ་མཚན་པ་ཞིག་ལ་ཁོ་པ་འཛིན་བཟུང་བྱེད་པ་དེས་བགྲོ་གླེང་གི་བརྗོད་གཞི་བོད་ཀྱི་རྒྱ་གར་ལ་གནོན་ཤུགས་ཇི་ཙམ་ཆགས་ཀྱི་ཡོད་མེད་དེ་ལྟར་དངོས་གསལ་དོད་པོའི་མཐོང་ཆོས་སུ་དྲན་ཐུབ་པ་ཞིག་ཆགས་ཡོད་པ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་ནི་ཐོག་མར་ཕྱི་ལོ་ ༡༩༥༩ ལོར་ལྷ་སར་དབུ་བརྙེས་པ་ཞིག་ཡིན། བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་གཉིས་པ་ཡིན་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལངས་ཕྱོགས་ནི་གཉིས་ཕན་དབུ་མེད་ལམ་གྱི་སྲིད་བྱུས་ཐོག་བདེན་རྩོད་ཞུ་རྒྱུ་ཡིན། ད་ལམ་གྱི་མཁས་དབང་བགྲོ་གླེང་ཚོགས་འདུ་ནི་རྒྱ་ནག་སྲིད་འཛིན་ཧུ་ཇིན་ཐའོ་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་པའི་སྐབས་བསྟུན་བརྡ་ལན་འཕྲོད་ཐབས་དང་བོད་ཀྱི་གནད་དོན་གྲོས་མོལ་གནང་དགོས་པའི་འབོད་བསྐུལ་གནད་སྨིན་ཡོང་རེ་རྩིས་ཀྱི་ཡོད།

གསར་འགོད་འབྲེལ་བ་གནང་ས།
ཚོགས་གཙོ་ཀིརྟིའི་སྒྲོལ་དཀར་ལྷ་མོ། ཁ་དཔར་ཨང༌། ༠ ༩༨༨༢༢༩༡༢༠༢
ཉམས་ཞིབ་དང་གསར་འགོད་འབྲེལ་མཐུད་འགན་འཛིན་ཤར་གླིང་བསྟན་འཛིན་ཟླ་སྒྲོན༌། ཁ་དཔར་ཨང༌། ༠ ༩༤༡༨༧༩༡༡༨༩ 
བགྲོ་གླེང་ཚོགས་འདུའི་སྐབས་ཀྱི་དཔར་སོགས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཕིལི་ཀར་ཤོག་ངོས་གཤམ་འཁོད་ནས་གཟིགས་ཐུབ།http://www.flickr.com/photos

/tibetanwomen/sets/72157629316734890/

གནས་ཚུལ་མཁོ་གཏོང་བ་བོད་ཀྱི་བུད་མེད་ལྷན་ཚོགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།