དགོངས་ཚུལ།

བོད་ཀྱི་རིག་གནས་ལོ་རྒྱུས་ཉར་ཚགས་ཀྱི་ལས་གཞི་ལག་བསྟར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ༣ཚེས་༣༡ཉིན། བོད་ཀྱི་ངག་རྒྱུན་ལོ་རྒྱུས་ལས་འཆར་ཁང་དང་(The Bank of Memori)གཉིས་མཉམ་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ལོ་རྒྱུས་ཉར་ཚགས་དང་འཛམ་གླིང་མི་མང་ལ་བོད་སྐོར་གྱི་གོ་རྟོགས་སྤེལ་བའི་ལས་གཞི་ལག་བསྟར་བྱེད་བཞིན་འདུག

བོད་ཀྱི་ངག་རྒྱུན་ལོ་རྒྱུས་ལས་འཆར་ཁང་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་དུ། ཕྱི་ལོ་༢༠༠༣ལོར་གསར་དུ་བཙུགས་པའི་ཚོགས་པ་ཞིག་ཡིན་ལ། དེ་བཞིན་(The Bank of Memori)་ནི་ཕྱི་ལོ་༢༠༠༧ཟླ་༨ནང་གསར་དུ་བཙུགས་སྟེ། ཕྱི་ལོ་༢༠༠༨ཟླ་༦ནང་ http://www.memoro.org/us-en/tibet/དྲ་རྒྱ་ཐོག་མར་དབུ་འབྱེད་གནང་བ་དང་། ཚོགས་པ་འདི་གཉིས་མཉམ་འབྲེལ་གྱིས་བཙན་བྱོལ་ནང་དུ་ཡོད་པའི་རྒན་རྒོན་ཚོར་བོད་རང་བཙན་སྐབས་ཀྱི་སོ་སོའི་ཁྱིམ་ཚང་གི་འཚོ་བ་དང་སྤྱི་ཚོགས་སྒྲིག་གཞི། ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས། དེ་བཞིན་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གིས་བོད་བཙན་བཟུང་གཏོར་བཤིག་བཏང་རྗེས་ཀྱི་གནས་ཚུལ་སོགས་བཅར་འདྲི་བྱས་པ་གློག་བརྙན་དུ་ལེན་པའི་ལས་གཞི་ཞིག་ལག་བསྟར་བྱེད་བཞིན་ཡོད་ལ། ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་རྒན་རྒོན་༡༢༠ཙམ་ལ་བཅར་འདྲི་གནང་ནས་གློག་བརྙན་བླངས་ཡོད་པ་མ་ཟད།  ད་ལོའི་ཕྱི་ཟླ་༥ནང་ངག་རྒྱུན་ལོ་རྒྱུས་ལས་འཆར་ཁང་གི་ལས་བྱེད་ཚོ་རྒྱ་གར་ནང་ཡོང་ནས་དྷ་རམ་ས་ལ་དང་བོད་མིའི་གཞིས་ཆགས་ཁག་ཏུ་སོང་ཏེ། བོད་མི་རྒན་པ་གྲངས་༥༠ཙམ་ལ་བཅར་འདྲི་བྱ་རྒྱུ་ཡིན་འདུག

ཁ་བྱང་འདི་http://www.memoro.org/བརྒྱུད་ནས་རྒྱ་ཆེའི་མི་མང་གིས་བོད་ཀྱི་ཉེ་བའི་རིག་གནས་ལོ་རྒྱུས་སོགས་རིན་མེད་ཀྱིས་ལྟ་ཆོག་ལ། གློག་བརྙན་གྱི་གསལ་བཤད་ཡི་གེ་དབྱིན་ཡིག་གི་ནང་དུ་ཡོད་པ་དང་།  མ་འོངས་པར་སྐད་རིགས་༧གྱི་ཐོག་བསྒྱུར་རྒྱུ་ཡིན་པ་དང་། གནས་ཚུལ་ཞིབ་ཕྲ་མཁྱེན་འདོད་ཡོད་ཚེ། http://www.memoro.org/us-en/tibet/གཟིགས་རོགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།