གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

finallamp

ལོ་གསར་གྱི་ཚབ་ཏུ་མཆོད་འབུལ།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

དཔལ་རྒྱལ་བ་ཀརྨ་པ་དགུང་གྲངས༢༥སོན་པའི་སྐུའི་འཁྲུངས་སྐར།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༢༧ཉིན་སྤེལ། དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང༡༧ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་༢༥སོན་པའི་སྐུའི་འཁྲུངས་སྐར་མཛད་སྒོ་དེ་ཟླ་འདིའི་ཕྱི་ཚེས་༢༦ཉིན། བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་ཀྱི་རྒྱུད་སྟོད་དགོན་པར་སྲུང་བརྩི་ཞུས་ཡོད་ཅིང༌། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་གི་ཁྲིམས་ཞིབ་པ་ཨ་མྱེ་ཚང་ཐུབ་བསྟན་བཀྲ་ཤིས་ལགས་དང༌། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས། བཀའ་བརྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུད། དཔལ་འབྱོལ་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་དྲུང་ཡིག་སྣང་ས་ཆོས་སྒྲོན་བཅས་ཀྱི་བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་འཁྲུངས་སྐར་མཛད་སྒོའི་ཐོག་ངོ་ཕེབས་གནང་ཡོད་འདུག

བཞུགས་སྒར་དྷ་སའི་སེར་སྐྱ་མི་མང་བརྒྱ་ཕྲག་དུ་དྷ་སའི་རི་འདབས་ཀྱི་རྒྱུད་སྟོད་དགོན་པར་ལྷན་འཛོམས་ཀྱིས་རྒྱལ་བ་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་མ་ཟད། ཁོང་རིག་གི་སྐུ་གེགས་སེལ་སླད་དུ་མཎྜལ་དང་བརྟན་བཞུགས་ལེགས་འབུལ་གནང་ཡོད་འདུག་ལ། ཤེས་རིག་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་ཚབ་བྱས་ཏེ་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐུའི་མཛད་འཕྲིན་སྟོན་ཟླ་བཞིན་རྒྱས་པའི་སྨོན་ཚིག་ཞུས་ཡོད་འདུག

གཞན་ཡང་ད་ལོར་རྙིང་མའི་ཆོས་རྒྱུད་ཆེན་མོའི་གཙུག་རྒྱན་སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་པ་དང༌། སྔར་ལོར་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་སྟོང་ཕྲག་མང་པོ་གསོད་རྡུང་འཇུ་གསུམ་བྱས་པ་སོགས་ལ་མྱ་ངན་གུས་འདུད་ཞུ་སླད། ཐེངས་འདིའི་རྒྱལ་བ་ཀརྨ་པའི་སྐུ་འཁྲུངས་ལ་གླུ་གར་ཞབས་བྲོའི་རིགས་ཀྱི་རྩེད་རིགས་དགའ་སྟོན་གང་ཡང་བཀོད་སྒྲིག་བྱས་ཡོད་མི་འདུག

དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནི་ཕྱི་ལོ༡༩༨༥ལོའི་ཟླ༦པའི་ཚེས༢༦ཉིན་བོད་ཁམས་ཕྱོགས་སུ་སྐུ་བལྟམས་ཤིང༌། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང༡༦པའི་སྐུའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་པ་རེད

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: