དགོངས་ཚུལ།

དྷི་ར་རྡུན་ས་གནས་བོད་མིས་བོད་དོན་ལས་འགུལ་སྤེལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༨ཉིན། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་རྒྱ་གར་དུ་རྒྱལ་དོན་ལྟ་སྐོར་ཡོང་ལ་ཉེ་བའི་ཉིན་གཉིས་ཀྱི་ཡ་སྔོན་ཏེ། ཟླ་འདིའི་ཕྱི་ཚེས་༢༦ཉིན་ཤེས་རབ་དགའ་ཚལ་སློབ་གླིང་(གསོག་སྒར་སློབ་གྲྭ་)ཡི་སློབ་ཟུར་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རྒྱ་ནག་གཞུང་དང་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་ངོ་རྒོལ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རང་ལུས་མེ་སྲེག་བཏང་ཡོད་སྟབས། ཁ་སང་ཕྱི་ཚེས་༢༧ཉིན་གྱི་དགོང་མོར་རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་བདེ་སྐྱིད་གླིང་ས་གནས་བུད་མེད་ཀྱིས་གོ་སྒྲིག་འོག ས་གནས་བོད་མི་༢༥༠ཙམ་འདུ་འཛོམས་ཀྱིས། དཔའ་བོ་ཁོང་གི་ཆེད་དུ་བསྔོ་སྨོན་གསོལ་འདེབས་གཞི་རྒྱ་ཆེ་བ་ཞིག་གནང་སོང་།

བདེ་སྐྱིད་གླིང་ས་གནས་བུད་མེད་ཀྱི་ཚོགས་གཙོ་ཚེ་རིང་བུ་ཁྲིད་ལགས་ཀྱིས་ང་ཚོར་འདིར་ཡོད་པའི་བདེ་སྐྱིད་གླིང་ས་གནས་བུད་མེད་དང་། རཱ་ཇི་པུ་ས་གནས་བུད་མེད། གཞན་ཡང་བདེ་སྐྱིད་གླིང་གི་ཉེ་ཁོར་དུ་ཡོད་པའི་ས་གནས་ཁག་གི་བུད་མེད་རྣམས་མཉམ་རུབ་ཐོག་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་ཞིག་གོ་སྒྲིག་བྱ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་དང་ཆབས་ཅིག ཁ་སང་ཧར་པ་པུར་ས་གནས་གཞོན་ནུས་གོ་སྒྲིག་འོག དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བདེན་ཚིག་སྨོན་ལམ་དང་དགོང་མོར་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད་ཅེས་ཧར་པ་པུར་ས་གནས་གཞོན་ནུའི་ཚོགས་གཙོ་བཀྲིས་དོན་འགྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

ཡང་དེ་རིང་བདེ་སྐྱིད་གླིང་ས་གནས་གྲོས་ཚོགས་ཀྱི་ཉིན་གཉིས་རིང་གི་གྲོས་ཚོགས་ཚོགས་དུས་༧པ་དེ་མཇུག་སྒྲིལ་སོང་བ་དང་། སྤྱིར་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་༧པ་དེ་ས་གནས་གྲོས་ཚོགས་ཀྱི་འབྱུང་འགྱུར་ཕྱི་ལོ་༡༢ཀྱི་ལོ་མཇུག་དང་། སྤྱི་ལོ་༢༠༡༣དང་༢༠༡༤བཅས་ཀྱི་དངུལ་རྩིས་གཏན་འབེབས་སྐོར་ཡིན་ན་ཡང་། བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གི་སྐུ་ལུས་མེ་སྲེག་གཏོང་མཁན་སྤྱི་དང་། ལྷག་པར་ཟླ་འདིའི་ཕྱི་ཚེས་༢༦ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རང་ལུས་མེ་སྲེག་གཏོང་མཁན་མཇམ་པ་ཡེ་ཤེས་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་གྲོས་ཆོད་བཅས་བཞག་གནང་ཡོད་ལུགས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་པདྨ་བསྟན་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

གཞན་ཡང་བདེ་སྐྱིད་གླིང་ས་གནས་མི་མང་གིས་ཟླ་འདིའི་ཚེས་༡ཉིན་འགོ་འཛུགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་རིས་མེད་བླ་སྤྲུལ་སྐྱེ་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་སེལ་ཆེད་བཻཛྲ་གུ་རུ་དུང་སྒྲུབ་ཅིག་བསགས་དང་གསོག་བཞིན་པ་རེད་འདུག

རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་ས་གནས་སུ་ཡོད་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནི། རྒྱ་གར་བྱང་ཕྱོགས་ཁུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཆེ་ཤོས་དེ་ཡིན་པ་དང་། གཞིས་ཆགས་དེ་གཅིག་པུར་ཁྱོན་ཁྱིམ་དུད་༥༠༠ལྷག་ཙམ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༩༢༠༡༢༠༢༣༢
གཞོན་ནུ་ཚོགས་པ་ཕུད། ཆུ་སྒང་དང་བུད་མེད་ཚོགས་པ་གཙོས་པའི་ཚོགས་པ་ཆེ་ཁག་དེ་ཚོར། ཚོགས་པའི་མིང་ཁུར་སྟེ་མི་དམངས་རྩར་ནས་ཁྲལ་དངུལ་བསྡུ་མཁན་ཙམ་ཞིག་ལས། བོད་སྤྱི་ལ་ཕན་པའི་ཚོགས་པ་ཞིག་མིན་པ་ར་འཕྲོད་གསལ་པོ་བྱུང་སོང། ད་ནས་བཟུང་སྟེ་བཙན་བྱོལ་དུ་ཡོད་པའི་གསར་འབྱོར་བ་ཡོངས་ནས་བསམ་བློ་གཏོང་དང། བོད་སྤྱི་ལ་ཕན་པའི་ཚོགས་པ་གང་ཡིན་ངོས་འཛིན་གསལ་པོ་བྱེད་དགོས་འདུག། གཞོན་ནུས་ལངས་ཕྱོགས་དང་དམིགས་ཡུལ་ལ་ནམ་ཡང་འགྱུར་བ་མི་འདུག། བྱས་ཙམ་བོད་ཀྱི་རྩ་དོན་ལ་བསམ་བློ་གཏོང་ནས་ཆོལ་ཁ་དང་ལུང་ཞེན་མེད་པ། གཞོན་ནུའི་ཕྱོགས་སུ་ལངས་ན་བོད་ཀྱི་རྩ་དོན་ལ་ཕན་ངེས་རེད། ཡང་ང་ལྟར་བུ་ཡིན་ན་དེ་སྔོན་ཆུ་སྒང་གིས་མི་ཡིན། ད་ནས་བཟུང་སྟེ་གཞོན་ནུའི་གྲལ་མཐའ་འཐུད་པ་ལས་རེ་བ་མེད་པའི་ཚོགས་པའི་ནང་དུ་འཛུལ་རྩིས་མེད། ད་ནི་ཁྱེད་རང་ཚོས་བསམ་བློ་ཐོང། ལེགས་ཉེས་ལ་དབྱེ་འབྱེད་བྱེད་རོགས།
1 ༢༨༢༠༡༢༢༣༢༢
གངས་ཅན་པ།
གཞིས་ཆགས་དེ་གཅིག་པུར་ཁྱིམ་དུད་༥༠༠ལྷག་ཡོད་ན་་་་་བདེ་སྐྱིད་གླིང་དང་རཛཱཔུར་་་ད་དུང་བདེ་གླིང་དང་བར་ཐག་ཉེ་ས་ན་་་གཞིས་ཆགས་གསར་པ་ཞིག་ཀྱང་ཡོད་རེད། དེ་ཚོ་ཙང་མ་ནས་མ་མེར་ཁྲོམ་སྐོར་ལ་ཕེབས་མཁན་མི་༢༥༠ལས་མེད་པ་དེ་དངོས་ཉིད་སེམས་པ་སྐྱོ་དགོས་ཡ་དང། དཔའ་བོ་དང་དཔའ་མོ་ཚོར་མྱ་ངན་མཚོན་བྱེད་ཅིག་ད་ཕར་ཞོག་་་་ངོ་རྒོལ་བྱེད་བསྡད་པ་འདྲ་བོ་ཞིག་འདུག་དྲན་སོང། ནོར་མེད་ན།



བརྗོད་གཞི་གཞན་ཁག་ལ་གཟིགས།