དགོངས་ཚུལ།

རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་སྐུ་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༨ཉིན། དེ་རིང་ཞོགས་པ་ཆུ་ཚོད་༧དང་ཕྱེད་ཀ་ཙམ་ལ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་འདས་གྲོངས་སུ་གྱུར་པར་བརྟེན། བོད་གཞུང་མང་གཉིས་ནས་སྨོན་ལམ་གསུང་འདོན་དང་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་བྱས་སོང་།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ལྡི་ལི་ཇན་ཏར་མན་ཏར་ས་གནས་སུ་རང་ལུས་མེར་བསྲེགས་བཏང་རྗེས། རམ་མན་ནོ་ཧར་ལོ་ཧའེ་ཡ་སྨན་ཁང་(Ram Manohar Lohia Hospital)དུ་མྱུར་སྐྱོབ་བྱས་བཞིན་ཡོད་ཀྱང་། དེ་རིང་ཞོགས་པ་ཆུ་ཚོད་༧དང་ཕྱེད་ཀ་ཙམ་ལ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་སྨན་ཁང་དུ་སྐུ་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས།

ཕྱི་དྲོ་ཆུ་ཚོད་༤ཙམ་ལ། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་པ། ཤེས་རབ་དགའ་ཚལ་སློབ་གླིང་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་མང་སྟོང་ཕྲག་གཉིས་ལྷག་འདུ་འཛོམས་ཀྱིས། རྒྱལ་གཅེས་དཔའ་བོ་ཁོང་ལ་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་པོ་གནང་ཡོད་པ་རེད།

སྐབས་དེར་བཀའ་ཁྲི་མཆོག་གིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གང་འཚམ་སླེབས་ཐུབ་ཡོད་ལ། བཀའ་སྤྱི་གཉིས་ནས་མུ་མཐུད་དེ་འབད་བརྩོན་བྱ་རྒྱུ་ཡིན་ལུགས་དང་། རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ནུས་མེད་ཆགས་རྒྱུའི་རེ་བ་རྒྱག་བཞིན་ཡོད་པ་ལྟར། འཆར་གཞི་སྣ་ཚོགས་སྒྲིག་གིན་ཡོད་ལ། མི་མང་ལ་ཚོར་བ་ཤུགས་ཆེན་པོ་སླེབས་པའི་གོ་སྐབས་འཇུས་ཏེ་གནས་ཚུལ་བཟོ་རྒྱུའི་ཉེན་ཁ་ཡོད་པས། ཚོགས་པ་ཁག་དང་མི་མང་གིས་གཟབ་གཟབ་དང་ལྷིང་འཇགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལུགས་སོགས་གསུངས་སོང་།

བསྔོ་སྨོན་མཆོད་འབུལ་རྗེས། བོད་ཀྱི་བུད་མེད་ལྷན་ཚོགས་དང་ཤེས་རབ་དགའ་ཚལ་སློབ་གླིང་གཉིས་མཉམ་འབྲེལ་ཐོག་རྒྱལ་གཅེས་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་གནང་ཡོད་པ་མ་ཟད། ཤེས་རབ་དགའ་ཚལ་གླིང་གིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཞལ་ཆེམས་དབྱིན་བསྒྱུར་བྱས་ནས་བོད་དབྱིན་གཉིས་ཐོག་ནས་སྒྲོག་སྦྱངས་གནང་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
མཚོ་ནག་གིས་བོད་རིག་འཆམ་མཐུན་དགོས་པའི་འབོད་བསྐུལ་དང་རང་ཉིད་ལས་འགུལ་དངོས་སུ་བཞུགས་ནས་དམ་བཅའ་གནང་བ་བསྔགས་བརྗོད་དང་རྒྱབ་སྐྱོར་མཉམ་བཞུགས་བྱེད་འདོད་སྤྲོ་བྱུང་། འོན་ཅང་གཟབ་གཟབས་མ་བྱས་ན་གྲོགས་པོ་ངན་པས་བླུན་ཁྲིད་འོག་ཏུ་ཚུབས་ཡག་ཉེན་ཁ་ཡོང་མེད་པ་མ་རེད་བསམ། ཁ་བཤད་ལག་ལེན་གསེར་གྱི་ཐིག་པ་དཔེ་ཡོང་དྲན་ཡོང་གི་འདུག། ག་ཚོད་བར་དུ་སྨྱུང་གནས་བསྡད་ཡག་རེད་འདུག་བསྒུག་ནས་ཡོད། ཐུགས་རྗེ་ཆེ་ལམ་བསླངས་ཡག་པོ་ཡོང་བའི་སྨོན་མདུན་ཞུ།།།
མཚོ་ནག་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག ཁྱེད་ཀྱི་འདོན་གནང་བས་དོན་ཚན་དག་ལ་ངེས་པར་དུ་མོས་མཐུན་ཡོད་ལགས་ན་སྐུ་ཉིད་ཐུགས་སེམས་བདེ་པོ་བྱོས།
ཁྱེད་དང་ང་གཉིས་ནས་འགོ་གཙུག་སྟེ་མནའ་འབྲེལ་དམ་བཅའ་འཇོག་གི་ཡིན། ངས་དཀོན་མཆོག་དཔང་དུ་གཙུག་ནས་དྲ་གྲོགས་བློ་བཟང་ཉི་མ་ཁྱེད་དང་ཉི་མ་དེ་རིང་ནས་མནའ་ཤག་བརྩི་གི་ཡིན་པ་མ་ཚད། བོད་སྤྱི་པའི་དོན་དུ་ཕན་འདོག་མ་ཐུབ་ཀྱངགནོད་པའི་ལས་དུས་དང་རྣམ་པར་ཀུན་ཏུ་མི་བྱེད་པའི་དམ་བཅའ་བློ་ཐག་གཙང་བཅད་ཞུ་གི་ཡིན། དྲ་གྲོགས་ཁྱེད་ཀྱང་དེ་ལྟར་དུ་འཇོག་རོགས། ང་གཉིས་ནས་འགོ་གཙུག་སྟེ་ངལ་བ་དང་དུ་བླངས་སྟེ་ཁྱབ་སྤེལ་བྱེད་ཐུབ་པ་བྱེད་རོགས། ཁྱེད་མོས་མཐུན་ཡོད་ན་བརྡ་ལན་ཡོད་པ་ཞུ། འདི་ལག་ལེན་རྒྱུན་མཐུད་བྱེད་ཐུབ་ན་བོད་ལ་ཕན་པའི་བྱས་རྗེས་ཞིག་ཡིན་པ་ངོས་འཛིན་བྱེད་གི་ཡོད།
3 ༢༩༢༠༡༢༠༤༡༡
མཚོ་ནག་གིས་བསམ་ཚུལ་དེ་དངོས་གནས་ཡག་འདུག དེ་རིང་ངེས་པར་དུ་དམ་བཅའ་་་དམ་བཅའ་་་་དམ་བཅའ་་་་་དཀོན་མཆོག་གསུམ་ད་ག་རེ་དགོས་ན་
མི་རིགས་གཅིག་པ་ལས་དབང་གཅིག་པ་ཆོད་སེམས་གཅིག་པའི་རང་རེའི་ཆོལ་གསུམ་བོད་ཀྱི་དྲ་གྲོགས་ཡོངས་ལ་ཞུ་རྒྱུར། གུས་པ་མཚོ་ནག་གིས་བསམ་ན་ང་རང་ནས་འགོ་གཙུགས་སྟེ་དྲ་གྲོགས་ཕན་ཚུན་མནའ་མཐུན་བྱས་ནས། དཀོན་མཆོག་དཔང་དུ་གཙུག་སྟེ་དེ་རིང་ནས་འགོ་བཟུང། ཆོལ་གསུམ་བོད་རིགས་ནང་ཁུལ་དུ་ནང་འཁྲུག་དང་ནང་རྐུན་མི་བྱེད་པ་དང། སྤྱི་ལ་ཕན་པའི་ལས་ཀ་བྱེད་མ་ཐུབ་ཀྱང་སྤྱི་ལ་གནོད་པའི་ལས་མི་བྱེད་པའི་དམ་བཅའ་འཇོག་ན་འདས་པོ་དེ་ཚོའི་ཞལ་ཆེམས་དང། ད་ལྟའི་དུས་འདིར་ནང་ཁུལ་འཆམ་མཐུན་ཡོད་ན་དགོས་གལ་ཆེ་བར་དང། མ་འོང་རང་རེས་བུ་ཚ་རིགས་རྒྱུད་ལ་ཡང་ཕན་པ་མ་ཚད། བོད་སྤྱི་བའི་རྩ་དོན་ལ་ཡང་ཕན་ངེས་ཡིན་པས་དང་པོ་དྲ་གྲོགས་ཚང་མ་ཕན་ཚུན་དམ་བཅའ་འཇོག་རོགས་ཞུ་རྒྱུ་དང། དེ་ནས་རིམ་པས་གཅིག་གིས་བཅུ་དང། བཅུའི་བརྒྱ་ལ་བྱས་ནས་བྱེས་པ་ཡོངས་ལ་ཁྱབ་སྤེལ་བྱེད་ཐུབ་ན་གཞིས་བཞུགས་ཚང་མ་ལ་ཕན་ཐོགས་ཡོད་པ། མ་ཚད་རང་རེའི་ཆོལ་གསུམ་་ནང་ཁུལ་དུ་ཡང་བློས་འགེལ་ཡིད་ཆེས་ཆོག་པ་ཡོང་ངེས་པས། དེ་ལྟར་དྲ་གྲོགས་ཡོངས་ཀྱི་རྒྱབ་བསྐྱོར་བྱེད་རོགས་ཟེར་ནས་རེ་བ་ཞུ་གི་ཡོད་པས། ཚང་མས་དེར་དགོངས་བཞེས་ཡོད་པ་ཞུ། དཀོན་མཆོག་དཔང་དུ་གཙུག་སྟེ་་སྙིང་གཏིང་ནས་རེ་བར་ཞུ་གི་ཡོད།
༄༅། །རྒྱལ་གཅེས་དཔའ་བོ་འཇལ་དཔལ་ཡེ་ཤེས་ལགས།།
ཁྱེད་ཀྱི་བསམ་དོན་མྱུར་དུ་འགྲུབ་པར་ཤོག།
སླར་ཡང་བོད་ཆོས་ལྡན་གྱི་ཞིང་དུ་སྐྱེ་བར་ཤོག།
བོད་མིའི་ལམ་སྣ་འདྲེན་པའི་དཔའ་བོ་ཡོང་བར་ཤོག།
ཁྱེད་ཀྱི་དགོངས་འདུན་དོན་ཚན་ལྔ་པོ།།
རྗེས་བཞུགས་བོད་མིས་སྒྲུབ་ཐུབ་པར་ཤོག།
གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བར་ཤོག།
ལྔ་ལམ་གྱིས་འཇིགས་པ་གང་ཡང་མེད་པར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔



བརྗོད་གཞི་གཞན་ཁག་ལ་གཟིགས།