རྒྱ་གར་གཞུང་གིས་ཧིན་སྒོར་འབུམ་༡༧༠ཡིས་རོགས་རམ་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༨ཉིན། རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེ་ཁུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ནང་འཐུང་ཆུ་མཁོ་འདོན་དང་གཞུང་ལམ་ཞིག་གསོ་ཆེད་མངའ་སྡེ་གཞུང་གི་གྲོང་གསེབ་འཛུགས་སྐྲུན་ཡར་རྒྱས་ཁང་གིས་ཧིན་སྒོར་འབུམ་༡༧༠ ཡི་རོགས་རམ་གནང་འདུག

རྒྱ་གར་ལྷོ་ཕྱོགས་བྷང་ལོར་དུ་ཡོད་པའི་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཁྱབ་བཀྲིས་ཕུན་ཚོགས་ལགས་ཀྱིས། ཟླ་བ་མང་པོའི་རིང་མངའ་སྡེ་གཞུང་གི་གྲོང་གསེབ་ཡར་རྒྱས་ལས་ཁུངས་ཀྱི་དྲུང་ཆེ་ལྕམ་ཨ་མི་ཏ་པཱར་སཱ་ཌ་དང་མཇལ་བཅར་ཞུས་ཏེ། མངའ་སྡེ་དེའི་ནང་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་འཐུང་ཆུ་དང་ རྒྱ་ལམ་ཉམས་གསོ་བྱ་རྒྱུར་དཔལ་འབྱོར་གྱི་རོགས་རམ་དགོས་གལ་ཆེ་བའི་རེ་འདུན་རིམ་པར་ཞུས་པར་བརྟེན། ཕྱི་ཟླ་གཉིས་པའི་ཚེས་༣ ཉིན་ལྕམ་ཨ་མི་ཏ་པཱར་སཱ་ཌ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ནང་དུ་རྒྱ་ལམ་ འཛུགས་སྐྲུན་ཆེད་དུ་རྒྱ་གར་གྱི་སྒོར་མོ་འབུམ་༦༠ རོགས་རམ་བཀའ་ཁྲོལ་གནང་ཡོད་པ་དང༌། ད་དུང་ཕྱི་ཟླ་གཉིས་པའི་ཚེས་༢༡ ཉིན་འཐུང་ཆུའི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་རྒྱ་གར་གྱི་སྒོར་མོ་འབུམ་༡༡༠ བཀའ་ཁྲོལ་གནང་བ་ནས་མེ་སོར་བོད་མིའི་གཞིས་ཆགས་ལ་སྒོར་འབུམ་༥༥ དང། ཀོ་ལེ་གྷལ་གཞིས་ཆགས་ལ་འབུམ་༣༣ ། མོན་གྷོ་ཌི་གཞིས་ཆགས་ལ་སྒོར་འབུམ་༢༢ ཆ་བགོས་གནང་ཡོད་པ་རེད།

ད་རེས་རྒྱ་གར་གཞུང་གི་གྲོང་གསེབ་ཡར་རྒྱས་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་འཐུང་ཆུ་དང་རྒྱ་ལམ་འཛུགས་སྐྲུན་གྱི་ཆེད་དུ་རྒྱ་གར་གྱི་སྒོར་མོ་ཁྱོན་བསྡོམས་འབུམ་༡༧༠ རོགས་རམ་གནང་བ་དེར། ལྷོ་ཕྱོགས་གཞིས་ཆགས་ཀྱི་སྤྱི་ཁྱབ་བཀྲས་ཤིས་ཕུན་ཚོགས་ལགས་ཀྱིས། ལྕམ་ཨ་མི་ཏ་པཱར་སཱ་ཌ་མཆོག་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༠༩༢༠༡༢༡༤༡༧
གནའ་ནས་ད་ལྟའི་བར་དུ་རྒྱ་གར་གཞུང་གིས་བོད་ལ་ཕན་པའི་བྱ་བ་ཆུང་ངུ་ཁ་ཤས་བསྒྲུབས་ཡོད་མོད། བོད་ལ་གནོད་པའི་ཆབ་སྲིད་ཀྱི་ཉེན་པ་རྣམས་དག་ཐབས་མེད་པ་དེ་ཡང་ཤེས་དགོས། ༡༩༤༩ལོ་ནས་བོད་ལ་ཉེན་ཚབས་དེ་དག་རྒྱལ་སྤྱིའི་ཐོག་ལ་འགྲོ་མི་ཐུབ་པ་དེ་རྒྱ་གར་དང་འབྲེལ་བ་ཟབ་མོ་ཡོད། དེའི་སྐོར་ཤེས་འདོད་ན་བོད་ཀྱི་དེང་རབས་ཀྱི་ཆབ་སྲིད་དེབ་ཐེར་རྣམས་སུ་གཟིགས་དང་གསལ་པོ་ཡོད།
3 ༠༧༢༠༡༢༢༢༢༧
ཡག་པོ་རེད་་རྒྱ་གར་དང་རྒྱ་ནག་གཅིག་པ་མ་རེད་་་་་གསོ་མཁན་དང་གསོད་མཁན་གཅིག་པ་མ་རེད་།མི་འབུམ་ལྷག་ལོ་༥༠ ལྷག་ལ་གཅེས་སྐྱོང་བྱས་པ་རེད་།རང་དབང་སྤྲད་པ་རེད་།རྒན་རྡེ་དང་མོ་གཉིས་མི་ཡིན་པ་གཅིག་པ་རེད་་་་
2 ༢༩༢༠༡༢༠༡༠༩
ཞི་མི་དཀར་པོ་དང་ནག་པོ་གཉིས་ཚོན་འདོག་མ་འདྲ་བ་མ་གཏོག་དོན་ལ་ཤ་བཟན་ཡིན་པ་གཅིག་པ་རེད། རྒྱ་གར་རྒྱ་ནག་མིང་ཙམ་ལས་དོན་ལ་ཁྲེལ་མེད་ཡིན་པ་གཅིག་པ་རེད།
1 ༢༨༢༠༡༢༡༧༥༠
ངོ་མ་འཀའ་དྲིན་ཆེན་པོ་རེད། ཡིན་ན་ཡང་དོན་དངོས་མང་ཚོགས་སུ་ག་ཚོད་ཁེ་ཕན་འབྱུང་མིན་ཤོད་མི་ཤེས་འདུག དབུ་ལ་བཞུགས་མཁན་ཚོས་གང་འདྲ་གནང་མིན་ད་མི་བཤད་ཡ་སེམ་ན་གི



བརྗོད་གཞི་གཞན་ཁག་ལ་གཟིགས།