དགོངས་ཚུལ།

བལ་བོའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས་༢༥ཉིན་སྤེལ། ཟླ་འདིའི་ཚེས༢༢ཉིན་བོད་མི་མང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་ཀྱི་སྣེ་ཁྲིད་འོག་མི་དྲུག་ལས་གྲུབ་ཅིང་སྲིད་དོན་ཚོགས་པ་བཞིའི་ཁོངས་གཏོགས་ཡིན་པའི་བལ་བོའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་ངོ་ཕེབས་གནང་ཡོད་པ་མ་ཟད། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མས་གཙོས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་མཁས་དབང་ཟམ་གདོང་རིན་པ་ཆེ་མཆོག་དང༌། གཞན་གྱི་མཐོ་རིམ་ལས་བྱེད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་བལ་བོའི་ནང་གནས་སྡོད་བྱས་ཡོད་པའི་བོད་མི་སྐྱབས་བཅོལ་བ༣༠༠༠༠ལྷག་གི་གནད་དོན་དང་དམིགས་བསལ་གནས་བབས་སྐོར་གོ་བསྡུར་གནང་ཡོད་འདུག
ཕྱི་ཚེས༢༤ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གོ་སྒྲིག་འོག་བལ་བོའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཞིང༌། གསར་འགོད་གསལ་བསྒྲགས་ཐོག་བལ་ཡུལ་ལིམ་བྷི་ནིའི་ཐེབས་རྩ་ཚོགས་པའི་ཚོགས་གཙོ་གོ་ཏམ་ལགས་ཀྱིས་བརྗོད་དོན། འབྱུང་འགྱུར་ནང་ང་ཚོས་བལ་བོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་བྱེད་པར་བསམ་ཞིབ་བྱེད་ངེས་ཡིན། ཞེས་དང༌། ང་ཚོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུའམ་བལ་ཡུལ་གྱི་ས་ཁུལ་གཞན་ན་འཚོ་གནས་བྱེད་བཞིན་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་འཕྲད་ཀྱིན་པའི་ཆབ་སྲིད་ཀྱི་དཀའ་ངལ་དག་སེལ་འདོད་ཡོད་པ་མ་ཟད། བལ་ཡུལ་གྱི་རྩ་ཁྲིམས་ནང་བོད་མི་སྐྱབས་བཅོལ་བ་ལ་དམིགས་བསལ་ཁེ་དབང་དང་མཐུན་སྦྱོར་གནང་དགོས་ལུགས་བལ་ཡུལ་དབུས་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང༌།
ཁོང་གིས་མུ་མཐུད་དུ་བརྗོད་དོན། བལ་བོའི་རྒྱལ་ཁབ་ཀྱིས་བལ་བོད་གཉིས་ཀྱི་ཆོས་དང་རིག་གཞུང་གི་འབྲེལ་ལམ་རྒྱུན་སྲིང་དར་སྤེལ་བྱེད་འདོད་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་འབྲེལ་བ་ཡར་རྒྱས་སུ་གཏོང་པའི་མོས་པ་ཡོད། ཅེས་གསུང་ཡོད་པ་རེད།
བལ་ཡུལ་གྱི་བ་ལི་ཌི་ཇན་ཇ་ཌིའི་སྲིད་དོན་ཚོགས་པའི་ཚོགས་གཙོ་བྷི་སི་བཎ་ཌར་ཕ་སི་བན་ལགས་ཀྱིས་བརྗོད་དོན། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་བལ་ཡུལ་གཞུང་གི་ཁྲིམས་མཐུན་གྱི་སྐྱབས་བཅོལ་ལག་འཁྱེར་( RC )གནང་རྒྱུའི་སྐོར་དང༌། བལ་ཡུལ་ནང་གི་ཏཱ་ལའི་བླ་མའི་སྐུ་ཚབ་དོན་གཅོད་ཁང་སྒོ་སླར་ཕྱེ་སྐོར་གྱི་དེང་གི་གནད་དོན་རིགས་ང་ཚོས་གྲོས་ཚོགས་སུ་གླེང་སློང་བྱེད་ངེས་ཡིན། ཞེས་གཏམ་བཤད་སྤེལ་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།