དགོངས་ཚུལ།

འཇམ་དཔལ་ཡེ་ཤེས་རང་ལུས་མེར་སྲེག་ལ་སྤྱི་འཐུས་ཀྱི་བསྒྲགས་གཏམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༢ལོའི་ཟླ༠༣ཚེས་༢༦ཉིན། ལྡི་ལིར་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་དང་འབྲེལ་བའི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།
ཤམ་བྷ་ལའི་ཕོ་ཉ། ༢༠༡༢ལོའི་ཟླ༠༣ཚེས་༢༦ཉིན། ལྡི་ལིར་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་དང་འབྲེལ་བའི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་གྱི་ཉིན་གུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཇན་ཏར་མ་ཏར་རུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་འཁྲིད་དེ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཚོགས་འདུར་སླེབས་ལ་ཉེ་བ་དང་བསྟུན་ནས། བོད་མི་སྟོང་ཕྲག་གཉིས་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་པའི་སྐབས། ཉིན་དེའི་ཆུ་ཚོད་ ༡༢ དང་སྐར་མ་ ༢༥ སྟེང་ཁམས་རྟའུ་ནས་ཡིན་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གློ་བུར་ལུས་སྟེང་དུ་སྣུམ་བླུགས་ཏེ་རང་ལུས་མེ་སྲེག་བཏང་ཡོད་པ་དང༌། སྐབས་དེར་ཁོང་གིས་བོད་རྒྱལ་ལོ་ཞེས་སྐད་འབོད་བྱས་ནས་གོམ་པ་ ༢༠ ལྷག་གོམ་བགྲོད་གནང་རྗེས། ལུས་ལ་མེ་འབར་ཤུགས་ཆེ་དྲགས་ནས་སར་འགྱེལ་ཡོད་པ་དང༌།  ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས། ལྡི་ལིར་རྟེན་གཞི་བྱས་པའི་སྨན་ཁང་ (Rammanohar Lohia Hospital) ཞེས་པའི་ནང་མྱུར་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་གནས་འདུག
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི་ཁམས་རྟའུ་ནས་ཡིན་པ་དང༌། ད་ལྟ་རང་ལོ་ ༢༧ ཡིན་འདུག ཁོང་ ༢༠༠༦ ལོར་རྒྱ་གར་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་དང༌། ད་ལོ་སློབ་མཐར་ཕྱིན་རྗེས་ལྡི་ལིར་གནས་སྡོད་བྱས་ཡོད་འདུག ཁོང་ནི་ཕྱི་ལོ་ ༢༠༡༡ ནས་ད་ལྟའི་བར་བཙན་བྱོལ་ནང་རང་ལུས་མེར་སྲེག་གནང་མཁན་གསུམ་པ་དེ་ཆགས་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་རྔ་པ་ནས་ཡིན་པ་རང་ལོ་ ༢༠ སོན་པ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ བར་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༣༠ དང།  དེའི་ནང་ནས་མི་གྲངས་ ༢༢ འདས་གྲོངས་སུ་གྱུར་ཡོད། གཞིས་ལུས་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མིའི་བདེན་དོན་སྤྱི་དང།  ཁྱད་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ།  བོད་མི་ཚོར་རང་དབང་དང་ཐོབ་ཐང་དགོས་པ།  བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་དང་བཅས་ལས་འགུལ་རྒྱུན་ཆད་མེད་པ་སྤེལ་བས། རྒྱ་གཞུང་གིས་དྲག་གནོན་ཚད་མེད་བཏང་དང་གཏོང་བཞིན་པ་རྣམས་ལ། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་དགོས་པ་དང༌། རྒྱལ་སྤྱིའི་ཚོགས་སྡེ་ཁག་སོགས་ཀྱིས་བོད་དོན་རྒྱབ་སྐྱོར་དགོས་པའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པས། ད་ཐེངས་ཀྱི་རང་ལུས་མེར་སྲེག་འདིའང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔག་མོ་ཚོར་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་རྒྱབ་སྐྱོར། བོད་མི་ཤི་གསོན་གཉིས་ཀྱི་རེ་འདུན་འགྲུབ་ཆེད་དང༌། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས། མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་དང་དྲང་བདེན། མང་གཙོ་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་ནས་བོད་དོན་ཐོག་འགན་འཁྱེར་དགོས་པའི་རེ་འདུན་བཏོན་པ་ཞིག་ཡིན་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་དེ་ལྟར་ལག་བསྟར་དོན་འཁྱོལ་ཡོང་བར་ནན་བརྗོད་བྱེད་རྒྱུ་དང་སྦྲགས་ནས། སྐབས་༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༦ པ་དོན་ཚན་བརྒྱད་འཁོད་བཞག་ཡོད་པ་དང༌། དེའི་རྗེས་སུ་ཟུར་སྣོན་གྲོས་ཆོད་ ཡིག་ཆ་ཨང་ ༤༨ དོན་ཚན་༨ ཅན་ཞིག་བཞག་ཡོད་པ་དེ་དག་ངེས་པར་དུ་ལག་བསྟར་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།