གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་སུམ་ཅུ་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

finallamp

ལོ་གསར་གྱི་ཚབ་ཏུ་མཆོད་འབུལ།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་དྷ་སྟེང་བོད་ཁྱིམ་དུ་འགོ་ཚུགས།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༢༤ཉིན་སྤེལ། བཞུགས་སྒར་དྷ་རམ་ས་ལའི་དྷ་སྟེང་བོད་ཁྱིམ་ཚོགས་ཁང་ནང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཟླ་འདིའི་ཚེས༢༤ཉིན་ནས་ཉིན་གཉིས་རིང་ལ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་དེ་གནང་འགོ་ཚུགས་ཤིང༌། རྒྱ་གར་ནང་གི་མཐོ་སློབ་ཁག་དང་དྷ་སའི་ཉེ་འགྲམ་གྱི་སློབ་གྲྭ་ཁག་གི་སློབ་མ་༣༠༠ལྷག་ཐེངས་འདིའི་ནང་ཆོས་ངོ་སྤྲོད་ཐོག་བཅར་ཡོད་པ་རེད།
བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འདི་ནི་དྷ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་བཀོད་འདོམས་གྲ་སྒྲིག་གནང་བ་ཞིག་ཡིན་ཞིང༌། ལས་རིམ་འདིའི་དགོས་དམིགས་གཙོ་བོ་ནི་བོད་རིགས་ན་གཞོན་རྣམས་ཀྱི་ནང་བསྟན་རིག་པའི་རྣམ་གཞག་གི་གོ་རྟོགས་གོང་སྤེལ་དང༌། བོད་ཀྱི་ཆོས་དང་ལེགས་བྱང་མི་ཉམས་རྒྱུད་འཛིན་བྱེད་སླད་རེད་འདུག
ད་ལོའི་ནང་ཆོས་ངོ་སྤྲོད་ཐོག་ྋགོང་ས་མཆོག་གིས་ྋརྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མ་ལྗགས་ཁྲིད་གནང་ཐོག བདག་མེད་དང་སྟོང་ཉིད་སྐོར་གྱི་སློབ་མ་རྣམས་ཀྱི་དོགས་འདྲི་དང་དཀའ་གནད་རིགས་ལ་གསལ་བཀྲོལ་ལན་ལྡོན་ཡང་གནང་སོང༌།
ྋགོང་ས་མཆོག་གིས་གསུང་དོན། རྟགས་གསལ་གཏོང་བའི་རིག་ལམ་ཟེར་བ་དེ་ནི་སློབ་སྦྱོང་གི་རྣམ་དཔྱོད་གོང་ནས་གོང་ཏུ་འཕེལ་བའི་ཐབས་ལམ་ཞིག་ཆགས་བསྡད་ཡོད་པ་རེད། རིག་པ་འདུད་འགུགས་ཡོང་བྱེད་ཀྱི་ཐབས་ལམ་ཞིག་ཆགས་བསྡད་ཡོད། མཚན་ཉིད་རིག་ལམ་སྦྱངས་ཟེར་དུས་ཕྱོགས་གཅིག་ནས་ཆོས་རྐྱང་རྐྱང་སྦྱངས་བ་ཞིག་རྩ་བ་ནས་མ་རེད། གཉིས་ནས་ཆོས་པའི་ནང་ནས་རབ་བྱུང་བ། རབ་བྱུང་ནང་ནས་ཀྱང་གཞུང་ཆེན་ཉན་མཁན་གྲངས་མ་གཏོགས་སྦྱངས་མི་དགོས་པའི་མཐོང་ཚུལ་ནི་ནོར་འཁྲུལ་དང་རྗེས་ལུས་རེད། དེ་འདྲ་ཡིན་ཙང༌། ཡོན་ཏན་སློབ་སྦྱོང་བྱེད་མཁན་ཞིན་ཡིན་ཕྱིན་ཆད་ལ། རིག་ལམ་གྱི་ཐོག་ནས་སློབ་སྦྱོང་བྱས་པ་ཡིན་ན། ཤེས་བྱའི་སྡེ་ཚན་གང་དང་གང་ཡིན་ནའང༌། དེ་མཐའ་འཁྱོལ་བ་ཞིག་ཤེས་པའི་ཐུབ་པར་ཏན་ཏན་ཁྱད་པར་ཡོང་གི་རེད། ཅེས་དང༌། ཕྱི་དངོས་པོ་རྒྱུ་དང་རྐྱེན་ལ་བརྟེན་ནས་འགྱུར་བ་འགྲོ་བ་ལྟར། ནང་བསམ་བློའི་ནང་ལའང་བསམ་བློའི་འགྲོ་སྟངས་དེ་དག་ཁོ་རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བསམ་བློ་འགྱུར་བ་འགྲོ་བ་ཞིག་དང༌། བློ་གསར་བ་གསར་བ་སྐྱེས་པ་དེ་དག་མང་པོ་ཞིག་རྒྱུ་དང་རྐྱེན་ལ་བརྟེན་ནས་ཁ་ཐུག་ཁ་ཐུག་ཏུ་ཡོང་བ་ཞིག་ཡིན་པ་རེད། དེ་བཞིན་དུ་སེམས་ཀྱི་མྱོང་བ་ཟེར་བ་དེའང་ག་ཚོད་ཀྱིས་དོན་ལྡན་པ་གོམས་འདྲིས་ཡོད་པ་དེ་ཚོས་ཉམས་ལེན་གྱི་ནུས་པ་ཤུགས་ཆེར་འགྲོ་བ་དང་བསྟུན་མྱོང་བའི་ཚོར་སྣང་ཤུགས་ཆེར་འགྲོ་བ་ཞིག་རེད། དེ་དང་ཆབས་གཅིག་བསམ་བློའི་ནང་ལ་ཕྱིན་ཅི་ལོག་པའི་བློ་ཞིག་དང་ཕྱིན་ཅི་མ་ལོག་པའི་བློ་ཡོད་པ་གསལ་བོ་རེད། མི་འདོད་པའི་སྡུག་བསྔལ་ཟེར་བ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། རྒྱུ་དང་རྐྱེན་གྱི་ནང་ལ་ཕྱིན་ཅི་ལོག་པའི་བློ་མང་པོ་ཞིག་རྒྱུ་རྐྱེན་བྱས་ཡོད་པ་རེད། དེ་འདྲ་ཡིན་ཙང༌། ཕྱིན་ཅི་ལོག་པའི་བློ་དེ་སེལ་དགོས་ན། ཕྱིན་ཅི་ལོག་པའི་བློ་དེ་ལ་བརྟེན་ནས་བྱུང་བའི་རྒྱུ་རྐྱེན་དེ་དག་བཀག་དགོས་པ་རེད། དེ་བཀག་པ་ཡིན་ན་དེ་ལ་བརྟེན་ནས་བྱུང་བའི་འབྲས་བུ་སྡུག་བསྔལ་དག་མེད་པར་ཆགས་འགྲོ་གི་རེད། ཅེས་གསུང་ཆོས་གནང་སོང༌།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: