དགོངས་ཚུལ།

ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཀྱི༥༠དུས་དྲན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས་༢༣ཉིན་སྤེལ། ཟླ་འདིའི་ཕྱི་ཚེས་༢༦ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་བོད་མིའི་བསམ་ཡས་གླིང་གཞིས་སྒར་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་ཡོད་ཅིང༌། དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་བྱ་དུ་བསོད་ནམས་བཟང་པོ་ལགས་དང༌། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་ཚེ་རིང་པོ་ལགས། སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་སོགས་གདན་འབོད་ཞུས་ཡོད་པ་མ་ཟད། ས་གནས་རྒྱ་གར་གཞུང་གི་སྐུ་མགྲོན་ཁག་ཅིག་ཀྱང་ངོ་ཕེབས་གནང་ཡོད་འདུག
ཆུ་སྒང་དུས་དྲན་གྱི་དངོས་གཞིའི་མཛད་སྒོའི་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་སྦྲགས། བོད་བསྟན་སྲིད་ཀྱི་དོན་དུ་རང་གི་གཅེས་སྲོག་བློས་གཏོང་མཁན་གྱི་བོད་རིགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་༡གནང་ཡོད་འདུག དེ་རྗེས་ཆུ་སྒང་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ཟུར་གླིང་ཚང་ཚེ་རྡོར་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་གི་ལས་བསྡོམས་སྙན་ཐོ་སྒྲོག་འདོན་གནང་བ་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་དབུས་རྒྱུན་ལས་ཀྱི་ཡོངས་ཁྱབ་གསུང་བཤད་སྤེལ་ཡོད་འདུག ཐེངས་འདིའི་མཛད་སྒོའི་སྟེང་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པ་དབུ་འབྱེད་གནང་ཡོད་པ་མ་ཟད། ཆུ་སྒང་དམག་སྤྱི་དང་ཨ་རིའི་དམག་སྦྱོངས་ཐོབ་པའི་མཁའ་མཆོངས་བོད་རིགས་དམག་མི་རྣམས་ལ་གཟེངས་བསྟོད་བྱ་དགའ་ཡང་སྩལ།
གཞན་ཡང་ཆུ་སྒང་དུས་དྲན་མཛད་སྒོའི་ཐོག་རྒྱན་དཀྲུག་གི་ལམ་ནས་སློབ་ཡོན་རིམ་པ་གཉིས་པ་ལེགས་འབུལ་གནང་ཡོད་པ་ལས། སློབ་ཡོན་དང་པོ་དེ་ཕ་ཡུལ་སྡེ་དགེ་ནས་ཡིན་ཞིང་ད་ལྟ་བྷིར་སློབ་གྲྭའི་ནང་སློབ་གཉེར་བྱེད་བཞིན་པའི་བུ་མོ་བསྟན་འཛིན་མཚོ་མོ་ལགས་ལ་རྒྱན་ཐོབ་བྱུང་ཡོད་པ་དང༌། སློབ་ཡོན་གཉིས་པ་དེ་གོ་སྒྲིག་ཚོགས་ཆུང་གིས་བོད་རིགས་དཔའ་བོ་ལི་ཐང་རུང་རྒྱས་ཨ་གྲགས་ལགས་ཀྱི་བུ་མོ་ལ་འབུལ་རྒྱུ་གཅིག་སྤྱི་མོས་ཀྱིས་ཐག་གཅོད་བྱུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༩༢༠༠༩༠༩༡༩
མཛད་སྒོ་དེ་ཟླ་འདིའི་ཚེས་ 26 མ་རེད། ཚེས་ 16 རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།