དགོངས་ཚུལ།

རྡོ་རྗེ་རྒྱལ་པོ་ལགས་སྨན་ཁང་དུ་བཙན་ཁྲིད་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༠ཉིན། ཉིའུ་ཡོག་གྲོང་ཁྱེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ལུས་སྲོག་བློས་གཏོང་གིས་ཟས་བཅད་ངོ་རྒོལ་གནང་མཁན་རྡོ་རྗེ་རྒྱལ་པོ་ལགས་ཉེན་རྟོག་པས་སྨན་ཁང་དུ་བཙན་ཁྲིད་བྱས་འདུག

ད་ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༢ཉིན་ནས་བཟུང་ཉིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་དབུས་ལས་ཁུངས་མདུན་དུ་ལུས་སྲོག་བློས་གཏོང་གིས་ཟས་བཅད་ངོ་རྒོལ་གནང་མཁན་དགུང་ལོ་༣༢ཡིན་པ་ཨ་ལགས་ཤིང་བཟའ་རིན་པོ་ཆེ་དང་དགུང་ལོ་༣༩ཡིན་པ་ཡེ་ཤེས་བསྟན་འཛིན། དེ་བཞི་དགུང་ལོ་༥༩ཡིན་པ་རྡོ་རྗེ་རྒྱལ་པོ་ལགས་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དོན་ཐོག་བརྡ་ལན་གསལ་བོ་ཞིག་མ་འབྱོར་བར་དུ་ཟས་བཅད་ངོ་རྒོལ་མཚམས་མ་བཞག་པར་གནང་བས་དེ་རིང་གིས་ཉིན་༢༧འགྲོ་བཞིན་ཡོད་ལ།

ད་ལྟ་ཁོང་ཚོའི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ཡིན་ལ། ལྷག་པར་དུ་རྡོ་རྗེ་རྒྱལ་པོ་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པར་བརྟེན། ཨ་རིའི་ཉེན་རྟོག་པས་ཁོང་བཙན་གྱིས་སྨན་ཁང་དུ་ཁྲིད་ཡོད་ཀྱང་། ཁོང་གིས་སྨན་ཁང་དུ་མུ་མཐུད་ནས་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་པའི་དམ་བཅའ་བཞག་གནང་ཡོད་པ་དང་། གཞན་གཉིས་ནས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
འདི་བསམ་ཚུལམང་པོ་མེད་པ་གང་ཡིན་ནམ། ཨ་མའི་བུ་དགོད་ཚོ་དེ་འདྲ་རང་ཨེ་ཡིན་ན་ད་ད་ད་ད་ད་་་་་་་་་
ངེ་བྱས་ན་དཔའ་བོ་ཁང་ཚོ་འདྲ་ང་ཚོ་ལ་མང་པོ་དགོས་གལ་ཆེ་བས་སྐུ་སྲོག་ལ་བདག་གཅེས་དགོས་གལ་ཆེན་པོ་འདག



བརྗོད་གཞི་གཞན་ཁག་ལ་གཟིགས།