གཞོན་ནུའི་དགོས་འདུན་༥དེ་བོད་མི་ས་ཡ་དྲུག་གི་དགོས་འདུན་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༩ཉིན། ཁ་སང་ཕྱི་ཚེས་༡༨ཉིན། རྒྱལ་གཅེས་དཔའ་བོ་གསུམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ་བྱས་ནས་ཉིན་གྲངས་༢༦འགྲོ་བཞིན་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་བྱས་སོང་།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་༡༨ཉིན་གྱི་སྔ་དྲོ་ཆུ་ཚོད་༩དང་ཕྱེད་ཀ་ཙམ་ལ། དྷ་ས་མེག་གྷན་གྱི་གསུམ་མདོ་རླངས་འཁོར་འབབ་ཚིགས་སུ། བོད་མི་མང་སྤྱི་འཐུས་ཀྱི་འཐུས་མི་ཁག་གཅིག་དང་གཞོན་ནུའི་རྒྱུན་ལས་ཟུར་པ། དེ་བཞིན་དྷ་ས་ཁུལ་གྱི་བོད་མི་བཅས་མི་གྲངས་༣༠ཙམ་གྱིས་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་བྱས་སོང་།

ཐོག་མར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་ཟས་བཅད་ངོ་རྒོལ་བ་རྣམ་པའི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པའི་སྐོར་དང་། དེ་བཞིན་ཐེངས་འདིའི་ལུས་སྲོག་བློས་གཏོང་གི་ཟས་བཅད་ངོ་རྒོལ་ལ་དོན་འབྲས་ཆེན་པོ་གསུམ་སྨིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས་གསུངས་དོན། གཞིས་ལུས་བོད་མི་ཚོས་རང་དབང་དང་དྲང་བདེན་གྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་སོགས་ཀྱི་ཐོག་ནས་བོད་ནང་གི་འཐབ་རྩོད་ཀྱི་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་གསལ་བོ་ཡིན་ནའང་། བཙན་བྱོལ་ནང་གི་འཐབ་རྩོད་གྱི་ཚད་གཞི་མཐོ་རུ་འགྲོ་བཞིན་ཡོད་མེད་སོ་སོས་སོ་སོར་དྲི་བ་ཐོངས། ང་ཚོའི་འཐབ་རྩོད་དེ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་བར་གྱི་འཐབ་རྩོད་དང་། ཡང་ན་ལམ་དབུ་མ་དང་རང་བཙན་བར་གྱི་འཐབ་རྩོད་མ་ཡིན་པར་འདི་ནི་བོད་རྒྱ་གཉིས་བར་གྱི་འཐབ་རྩོད་ཅིག་ཆགས་བསྡད་ཡོད་པ་རེད་ཅེས་དང་། དེ་བཞིན་གཞོན་ནུའི་དགོས་འདུན་༥དེ་མི་སྒེར་རམ་ཡང་ན་ཚོགས་པ་ག་གེ་མོའི་དགོས་འདུན་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་དགོས་འདུན་ཡིན་པར་བརྟེན། བོད་གཞུང་མང་གཉིས་ནས་ལས་འགུལ་གྱི་ཆ་ཤས་ལེན་རྒྱུ་འདོར་དུ་མེད་པའི་འོས་འགན་ལུགས་སོགས་གསུངསས་སོང་། དེ་རྗེས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སོགས་ནས་ཟས་བཅད་ངོ་རྒོལ་དང་འབྲེལ་བའི་གསུང་བཤད་སོང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།