དགོངས་ཚུལ།

ཚན་རིག་དང་ནང་བསྟན་རིག་པའི་འགྲེམས་སྟོན་དང་པོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༢༢ཉིན་སྤེལ། བཞུགས་སྒར་དུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་ཚན་རིག་དང་ནང་བསྟན་ཆོས་རིག་དང་འབྲེལ་བའི་འགྲེམས་སྟོན་ཐེངས་དང་པོ་དེ་བཞུགས་སྒར་དུ་བཀོད་བཤམ་ཞུས་ཡོད་པ་དང༌། དེ་ནི་བོད་མི་རྣམས་བཙན་བྱོལ་བ་ཆགས་ནས་མི་ལོ༥༠འཁོར་བ་དང༌། བོད་ནང་དུ་བོད་མིས་རང་དབང་སྒེར་ལངས་ཆེན་མོ་གནང་ནས་མི་ལོ༥༠འཁོར་བའི་དུས་དྲན་གྱི་ཆེད་དུ་བོད་ཀྱི་དགེ་འདུན་པ་དྲུག་གིས་བོད་ཀྱི་དགོན་སྡེ་དག་གི་ངོ་བོ་མཚོན་པའི་སྒོ་ནས་འགྲེམས་སྟོན་དབུ་འབྱེད་ཞུས་ཡོད་པ་རེད།
ཚན་རིག་སློབ་སྦྱོང་ལས་འཆར་ནི་ཕྱི་ལོ༢༠༠༠ལོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་དང་སྐུད་འདེད་འོག་གསར་འཛུགས་གནང་ཞིང༌། དེ་ནི་འགྲེམས་སྟོན་དང་ཚོད་ལྟ་བརྒྱུད་བོད་ཀྱི་ནང་བསྟན་རིག་པའི་གཞུང་ལུགས་དང་ནུབ་ཕྱོགས་ཚན་རིག་ཤེས་བྱའི་སྐོར་གྱི་མཁྱེན་རྟོགས་བཙན་བྱོལ་བོད་རིགས་སྤྱི་ཚོགས་ནང་གོང་སྤེལ་གཏོང་སླད་ཀྱི་ལས་འཆར་རླབས་ཆེན་ཞིག་ཡིན་པ་རེད།
ཨེ་མོ་རེས་བོད་ཀྱི་ཚན་རིག་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་མཉམ་འབྲེལ་ཐོག་ ཕྱི་ལོ༢༠༠༨ལོའི་ཚན་རིག་སློབ་སྦྱོང་ལས་འཆར་ཞིག་འགོ་འཛུགས་གནང་ཡོད་ཅིང༌། ལས་འཆར་འདིའི་དགོས་དམིགས་གཙོ་བ་ནི་བོད་ཀྱི་དགོན་སྡེ་ཁག་ནང་དེང་རབས་ཚན་རིག་ཤེས་བྱ་ངོ་སྤྲོད་བྱེད་སླད་ཡིན་ཁར། ཨ་རིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གི་དངོས་ཁམས་རིག་པ་དང༌། སྐྱེས་ཁམས་རིག་པ། ཚེ་སྲོག་ཚན་རིག ཚོར་ཤེས་དང་ཀླད་པའི་རྩ་ཁམས་རིག་པའི་མཁས་དབང་མང་པོ་བགྲོ་གླེང་གོ་བསྡུར་དང་དཔྱད་གཏམ་སྤེལ་བར་གདན་འབོད་ཞུ་བཞིན་ཡོད་པ་རེད།
བོད་ཀྱི་ནང་བསྟན་རིག་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཤིན་ཏུ་ཆེ་བའི་དེང་གི་དུས་འདིར། ཚན་རིག་དང་ནང་ཆོས་གཉིས་བློ་བསྡུར་དཔྱད་བརྡར་གྱིས་ངོ་མཚར་ཅན་གྱི་ཕན་འབྲས་ལྡན་པའི་ལྟ་གྲུབ་དང་བསམ་བློ་གསར་པ་ཞིག་བསྐྲུན་ཐུབ་པར་བློ་ལྡན་ཡོངས་ཀྱི་ཡིད་ཆེས་དང་རེ་སྙེག་བྱེད་བཞིན་ཡོད་འདུག
ཐེངས་འདིའི་དགེ་འདུན་པའི་ཚན་རིག་གི་འགྲེམས་སྟོན་གྱི་མིང་བྱང་དུ་༼ཚན་རིག་ཤེས་བྱའི་སྒང་ལ་སྤོས་པའི་སྲ་བརྟན་གྱི་བྱིས་འགྲོས༽་ཞེས་འཁོད་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།