ཨ་སམ་ཁུལ་དུ་བོད་མི་༣༠༠ལྷག་གིས་དུས་དྲན་སྲུང་བརྩི་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༣ཉིན། ཟླ་འདིའི་ཕྱི་ཚེས་༡༠ཉིན། རྒྱ་གར་བྱང་ཤར་གྲོང་ཁྱེར་གྷ་ཝཱ་ཧཱ་ཊི་ཡི་ནང་དུ་ས་གནས་བོད་རིགས་༣༠༠ལྷག་གིས་ལུས་ལ་བོད་ཆས་གཙང་མ་སྤྲས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་འདུག

གོང་ཚེས་ཉིན། ས་གནས་བོད་རིགས་གདུང་སེམས་མཉམ་སྐྱེད་ཚོགས་པའི་གོ་སྒྲིག་འོག རྒྱ་གར་བྱང་ཤར་ཨ་སམ་ཁུལ་དང་ཨ་རུ་ན་ཅལ་མངའ་སྡེ་ཡི་ས་གནས་བོད་རིགས་༣༠༠ལྷག་གིས་གསུམ་བཅུའི་དུས་དྲན་ཉིན། ལུས་ལ་བོད་ཆས་གཙང་མ་སྤྲས་ནས་བོད་དར་དང་འབོད་ཚིག་འཕྲེད་དར་བཟུང་ནས་གྷ་ཝཱ་ཧཱ་ཊི་གྲོང་ཁྱེར་གྱི་ནང་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང༌། ཕྱི་དྲོ་ཡང་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་གནང་ཡོད་འདུག

སྐབས་དེར་ལས་འགུལ་གོ་སྒྲིག་པ་ཟླ་བ་ཐེག་ཆོས་ལགས་ཀྱིས་དེ་རིང་གི་ཉིན་མོ་འདི་ནི་བོད་ཕྱི་ནང་གཉིས་ཀྱི་མི་མང་ལ་མཚོན་ན་ཆེས་གལ་འགངས་ཆེ་བའི་ཉིན་མོ་ཞིག་ཡིན་པས། ང་ཚོས་ཉིན་མོ་འདིར་གྷ་ཝཱ་ཧཱ་ཊིའི་ནང་དུ་རྒྱ་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་དང་དུས་དྲན་གལ་ཆེན་འདི་སྲུང་བརྩི་བྱས་པ་ཡིན་ཞེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།