ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་རང་མགོར་རྡོ་ཡིས་གཞུས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༧ཉིན། ཟླ་འདིའི་ཕྱི་ཚེས་༦ཉིན། ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་ཉིས་བརྒྱ་ཙམ་གྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་མགོ་ལ་རྡོ་གཞུས་སྟེ་རྨས་སྐྱོན་ཆེན་པོ་བཟོས་ཡོད་འདུག

རའོ་ཧེ་ནཱའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་བོད་མིའི་གཞིས་སྒར་བསམ་ཡས་གླིང་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་སྣེ་འཁྲིད་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་བོད་རིགས་ཉིས་བརྒྱ་ཙམ་འདུ་འཛོམས་ཀྱིས། ཉིའུ་ཡོག་དབུས་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་དུ་རྒྱལ་གཅེས་ལྷག་བསམ་ཅན་གྱི་བོད་རིགས་གསུམ་གྱིས་ཆུ་ཚོད་ངེས་མེད་ཀྱིས་ཟས་བཅད་ངོ་རྒོལ་གནང་བཞིན་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྡ་ལན་སྤྲོད་དགོས་པའི་སྐོར་ལ་འབོད་སྐུལ་གནང་དོན།   མཉམ་འབྲེལ་རྒྱལ་ཚོགས། བོད་མེ་ཡིས་འབར་གྱིན་འདུག ང་ཚོར་ཁྱེད་ཀྱི་བརྡ་ལན་དགོས། ང་ཚོར་བདེན་དོན་དགོས་ཞེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་གནང་ཡོད་འདུག

སྐབས་དེར་ཞི་རྒོལ་བ་ཚོར་རྒྱ་གར་ཉེན་རྟོག་པས་བཀག་འགོག་ཆེན་པོ་བྱས་ཡོད་ཀྱང་། བོད་རིགས་མཐོ་རིམ་སློབ་མ་ཁག་ཅིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཆེན་ནང་དུ་མཆོང་རྩིས་བྱས་ཡོད་པ་མ་ཟད།  ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་མགོར་རྡོ་ཡིས་གཞུས་སྟེ་ཁྲག་དམར་གྱིས་གདོང་སོགས་དམར་པོར་གྱུར་ཡོད་པ་དང་། གཡས་གཡོན་གྱི་ཞི་རྒོལ་བ་ཚོས་ཁོང་གི་ལག་པ་གཉིས་ནས་བཙན་གྱིས་འཇུ་དགོས་བྱུང་ཡོད་འདུག དེ་བཞིན་བོད་རིགས་བུ་མོ་ཚོས་ངོ་གདོང་མཆི་མས་ཁེངས་ཏེ་སྐད་འབོད་ཤུགས་ཆེར་བྱས་ཡོད་པ་སོགས་བོད་ཀྱི་མི་རབས་གསར་པའི་གཞོན་སྐྱེས་ཚོས་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག

ཐེངས་འདིའི་ལས་འགུལ་བརྒྱུད། རའོ་ཧེ་ནཱ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་གསུམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། ཞི་རྒོལ་བ་ཚོས་ཆུ་ཚོད་༢ཙམ་གྱི་རིང་སྐད་འབོད་གནང་རྗེས་བོད་ཀྱི་རྒྱལ་གླུ་བཏང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།