དགོངས་ཚུལ།

བོད་རིགས་ཞི་རྒོལ་བ་༡༣་ལ་བལ་སྒོར་༣༥༡༠༠༠ཉེས་ཆད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༧ཉིན། ཟླ་འདིའི་ཕྱི་ཚེས་༥ཉིན། འདི་ལོའི་ལོ་གསར་སྐབས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་རིགས་ཞི་རྒོལ་བ་༡༣ལ་ཁྱོན་བལ་སྒོར་༣༥༡༠༠༠ཉེས་ཆད་བཏང་ཏེ་གློད་བཀྲོལ་བཏང་ཡོད་འདུག

ད་ལོའི་ལོ་གསར་ཚེས་གསུམ་ཉིན། བལ་ཡུལ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་རིགས་སློབ་མ་བུ་༡༡དང་བུ་མོ་༢ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་ཤུགས་ཆེན་གནང་སྐབས། བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་སྟེ་ཡུན་རིང་བཀག་ཉར་བྱས་ཡོད་ཀྱང་།  འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་ཀྱི་རྒྱབ་སྐྱོར་འོག་ཁྲིམས་གཏུགས་བྱས་པ་བརྒྱུད། ཟླ་འདིའི་ཕྱི་ཚེས་༥ཉིན།  ཁྲིམས་ཁང་གིས་བོད་རིགས་སློབ་མ་རེ་རེར་བལ་སྒོར་ཁྲི་༢དང་༧སྟོང་དང་། ཁྱོན་སློབ་མ་༡༣ལ་བལ་སྒོར་༣༥༡༠༠༠ཉེས་ཆད་བཏང་ཏེ་གློད་བཀྲོལ་བཏང་ཡོད་འདུག

ཡིན་ནའང་། ཉེས་ཆད་སྒོར་མོ་དེ་སློབ་མ་རང་ངོས་ནས་གཏོང་མ་དགོས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། མདོ་སྟོད་ཚོགས་པ། སྟོད་པ་སྐྱིད་སྡུག བློ་གསལ་གླིང་། ཨ་ཅག་ཚུལ་ཁྲིམས་སོགས་མཉམ་རུབ་ཀྱིས་སློབ་ཕྲུག་ཚོའི་སློབ་སྦྱོང་གི་ཆུ་ཚོད་ཆུད་ཟོས་སུ་མི་གཏོང་བའི་ཕྱིར། ཉེས་ཆད་བལ་སྒོར་༣༥༡༠༠༠ཆ་ཚང་སྤྲད་ནས་ཞི་རྒོལ་བ་སློབ་ཕྲུག་ཚང་མ་གློད་བཀྲོལ་གཏོང་དུ་བཅུག་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།