དགོངས་ཚུལ།

མེ་སྲེག་སྐོར་རྒྱལ་ཡོངས་འཐུས་ཚོགས་ནང་གླེང་སློང་བྱེད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༦ཉིན། ཉེ་ཆར་ཕྱི་ཚེས་༤དང་༥བཅས་ཉིན་གཉིས་ནང་བོད་མདོ་སྨད་ཁུལ་ནས་རང་ལོ་༣༢ཡིན་པའི་སྐྱེས་མ་རིན་ཆེན་ལགས་དང༌། རང་ལོ་༡༩ཡིན་པའི་སློབ་མ་ཚེ་རིང་སྐྱིད་གཉིས་ཀྱིས་བོད་མི་རིགས་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་སྲེག་བཏང་བར་མྱང་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༦ཉིན། ཉེ་ཆར་ཕྱི་ཚེས་༤དང་༥བཅས་ཉིན་གཉིས་ནང་བོད་མདོ་སྨད་ཁུལ་ནས་རང་ལོ་༣༢ཡིན་པའི་སྐྱེས་མ་རིན་ཆེན་ལགས་དང༌། རང་ལོ་༡༩ཡིན་པའི་སློབ་མ་ཚེ་རིང་སྐྱིད་གཉིས་ཀྱིས་བོད་མི་རིགས་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་སྲེག་བཏང་བར་མྱང་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ཁ་སང་ཕྱི་ཚེས་༥ཉིན་གྱི་དགོང་མོར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལར་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་ཞིག་བྱས་སོང༌།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། ཁ་སང་རྔ་པ་ནས་ཡིན་པ་ཕྲུ་གུ་བཞིའི་སྐྱེས་མ་རིན་ཆེན་གྱིས་ཀིརྟི་དགོན་པའི་གཞུང་སྒོའི་ཉེ་འགྲམ་དུ་ཡོད་པའི་རྒྱའི་ཉེན་རྟོག་པའི་ལས་ཁུངས་ཀྱི་མདུན་དུ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་བཅས་ཀྱི་འབོད་ཚིག་སྒྲོག་བཞིན་སྐུ་ལུས་མེར་བསྲེགས་བཏང་ཡོད། དེ་བཞིན་རེས་གཟའ་སྤེན་པ་སྟེ་ཕྱི་ཚེས་ ༣ ཉིན་རྨ་ཆུ་ས་ཁུལ་གྱི་བོད་རིགས་འབྲིང་རིམ་སློབ་གྲྭར་འགྲིམ་བཞིན་པའི་སློབ་མ་ཚེ་རིང་སྐྱིད་ཀྱིས་རྨ་ཆུ་ཁྲོ་ཁོ་སྨན་མ་གྲོང་ཚོའི་སྔོ་ཚལ་ཁྲོམ་རའི་ཁྲོད་དུ་རང་ལུས་མེར་བསྲེགས་བཏང་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།

མདང་དགོང་མར་མེ་ཁྲོམ་སྐོར་སྐབས་རྨ་ཆུ་ནས་ཡིན་པའི་བཙན་བྱོལ་བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་ད་ཆ་རྨ་ཆུའི་ཁུལ་དུ་དམ་དྲག་ཤུགས་ཆེ་ཡོད་པ་དང་འབྲེལ་ལམ་གྱི་བྱེད་སྒོ་མཐའ་དག་བཀག་འགོག་བྱས་འདུག མ་ཟད་བོད་མིའི་ཁྱིམ་ཚང་ནང་ཞིབ་བཤེར་བྱེད་པ་དང་དེ་བས་ཀྱང་བོད་རིགས་སློབ་འབྲིང་ནི་དོགས་སྲུང་འོག་གནས་ཡོད་འདུག་ཅེས་འགྲེལ་བརྗོད་གནང་སོང༌།

བུད་མེད་ལྷན་ཚོགས་ཀྱིས། བུད་མེད་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་ནི་བོད་པའི་ལོ་རྒྱུས་ནང་སྐྱ་བོ་བུད་མེད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཐོག་མ་དེ་ཆགས་ཀྱི་ཡོད། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་རྔ་པའི་ཉེ་འགྲམ་གྱི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་ནས་ཡིན་པའི་བཙུན་མ་བསྟན་འཛིན་དབང་མོ་རང་ལོ་ ༢༠ ཡིན་པ་ཁོང་གིས་བོད་ནང་ཆོས་དད་རང་དབང་དགོས་པ་དང་ྋགོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེ་སྲེག་བཏང་ནས་འདས་གྲོངས་སུ་འགྱུར་ཡོད།

ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༡ ཚེས་ ༣ ཉིན་དཀར་མཛེས་རྟའུ་བཙུན་དགོན་དགེ་ལྡན་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་རང་ལོ་༣༥ ཡིན་པས་རང་ལུས་མེར་བསྲེགས་བཏང་སྟེ་གཞིས་བྱེས་བོད་མི་མཉམ་འཛོམས་མགྱོགས་མྱུར་ཡོང་བ་དང༌ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་སྐད་འབོད་སྒྲོག་ཏེ་འདས་གྲོངས་སུ་འགྱུར་ཡོད།

ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༢ ཚེས་ ༡༡ ཉིན་ཡང་བསྐྱར་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་གི་བཙུན་མ་བསྟན་འཛིན་ཆོས་སྒྲོན་རང་ལོ་༡༨ ཡིན་པས་རང་དགོན་གྱི་ཉེ་འགྲམ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་སྒྲོག་ཏེ་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་འགྱུར་ཡོད། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ཚེས་ ༢༧ ཉིན་སྐྲ་བེ་ཡི་སྐུ་ལུས་མེར་བསྲེགས་བཏང་བ་ནས་བཟུང༌། ད་དུང་མི་གྲངས་ ༢༤ ནས་རང་ལུས་མེར་བསྲེགས་བཏང་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྐུ་ལུས་ཞུགས་འབུལ་བཏང་སྟེ་འདས་གྲོགས་སུ་འགྱུར་མཁན་དཔའ་ཕོ་མོ་བཅོ་བརྒྱད་ལ་མྱ་ངན་གུས་འགུད་ཞུ་བ་དང་སྦྲགས་གནས་སྟངས་ཧ་མི་གོ་བ་དང་སྨན་ཁང་ནང་ལུས་པ། ནང་མི་ཐུགས་འཕྲད་དུ་མི་གཏོང་བའི་དཔའ་བོ་གཞན་བདུན་གྱི་གནས་སྟངས་ལ་བློ་འཚབ་ཚེན་པོ་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་ནང་ཕྱི་ལོ་ ༢༠༡༡ ནས་བཟུང་རྒྱའི་དམག་དཔུང་གིས་དམ་དྲག་དང་བཀག་བསྡོམས་ཇེ་ཆེར་འགྲོ་ཡོད་པར་བློ་འཚབ་བྱེད་བཞིན་ཡོད།

བོད་ས་ཡོངས་སུ་རྒྱའི་དམག་དཔུང་གིས་ཡ་ང་སྙིང་རྗེ་བྲལ་བའི་གདུག་རྩུབ་འོག་ཉེས་མེད་འཇུ་བཟུང་གིས་བཀག་ཉར་དང༌། གར་སོང་ཆ་མེད་དུ་འགྱུར་བཞིན་པའི་རང་རིགས་ཤ་ཁྲག་གཅིག་པའི་ཚེ་སྲོག་དང་བདེ་འཇགས་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག བོད་མིའི་ཞི་རྒོལ་སྐོར་དེ་རིང་ནས་འགོ་འཛུགས་བྱེད་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་ནང་གླེང་སློང་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཚོགས་ཆེན་དེ་དག་གི་སྔ་ནུབ་ལ་སྐུ་ལུས་མེར་བསྲེགས་གཏོང་མཁན་གཉིས་བྱུང་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་རང་ལུས་མེ་སྲེག་གཏོང་མཁན་གྱི་དཔའ་བོ་ཕོ་མོ་ ༢༥ ཡིས་བོད་ལ་རང་དབང་དགོས་པ་དང་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་མངོན་འདོད་དང་དགོས་འདུན་ལ་ཡ་ལན་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་མིའི་ཚེ་སྲོག་སྐྱོབ་པར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་བོད་ནང་དྲག་གནོན་མཚམས་འཇོག་ཡོང་བར་ཐེ་ཇུས་དགོས་པ་དང༌། བོད་དུ་གསར་འགོད་འགྲོ་བསྐྱོད་ཆོག་པ་ལ་སོགས་པའི་ཕྱོགས་ཡོངས་ནས་རྒྱ་གཞུང་ལ་གོ་རིམ་ལྡན་པའི་གནོན་ཤུགས་སྤྲད་རྒྱུར་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

ད་དུང་ང་ཚོས་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་མཆོག་ལ་བོད་ནང་གི་དཀའ་རྙོག་ཡོད་སའི་ས་ཁུལ་ཁག་ལ་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་སྐུ་ཉིད་ངེས་ཕེབས་དགོས་པའི་ཁར་ཞིབ་འཇུག་མི་སྣ་གཏོང་གནང་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན། དོ་དགོང་གི་འདུས་འཛོམས་དེར་སྟབས་བསྟུན་སྟེ་སླེབས་ལ་ཉེ་བའི་གསུམ་པའི་བཅུ་གཉིས་ཉིན་བོད་ཀྱི་བུད་མེད་ཀྱིས་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་མི་ལོ་ ༥༣ འཁོར་བའི་དུས་དྲན་གྱི་ཉིན་མོ་སྲུང་བརྩི་དང་རྗེས་དྲན་ཞུ་ཆེད། དེ་ཉིན་བོད་མི་དང་རྒྱབ་སྐྱོར་བ་གང་མང་མང་ནས་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

རྒྱ་དམར་གྱི་དྲག་གནོན་ལ་བོད་པའི་བུད་མེད་ནས་ནམ་ཡང་ཞུམ་མེད་སྙིང་སྟོབས་ཀྱིས་གདོང་ལེན་མཐར་ཕྱིན་བྱས་པའི་ཉེར་ལེན་ལས་དྲང་བདེན་མིན་པ་དང༌། གཉའ་གནོན་གྱི་ལམ་ལུགས་ལ་སྒེར་ལངས་ཐུབ་པའི་འཐབ་རྩོད་དེ་དག་རྒྱུན་འཁྱོངས་ཐུབ་པའི་སེམས་ཤུགས་སྟེར་གྱི་ཡོད་པའི་ཡིད་ཆེས་ཡོད་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།