དགོངས་ཚུལ།

དེ་རིང་གི་ན་གཞོན། སང་ཉིན་གྱི་འགོ་ཁྲིད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡༦ཉིན་སྤེལ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱ་གར་ས་གནས་ཁག་༢༠ལྷག་ནས་ཆེད་ཕེབས་གནང་བའི་བོད་རིགས་མཐོ་རིམ་སློབ་ཕྲུག༥༠ལ་དེ་རིང་གི་ན་གཞོན།  སང་ཉིན་གྱི་འགོ་ཁྲིད། ཅེས་པའི་བརྗོད་གཞིའི་འོག་ཉིན་དགུའི་ཟབ་སྦྱོང་ལས་རིམ་ཞིག་ཕྱི་ཚེས༩ཉིན་ནས་བཟུང་བཀོད་སྒྲིག་ཞུས་ཡོད་པ་རེད།
བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་འདས་པའི་ལོ་༨ནང་བསྟུད་མར་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་ཟབ་སྦྱོང་ལས་རིམ་སྣ་མང་ཞིག་བཀོད་སྒྲིག་ཞུ་བཞིན་ཡོད་ཅིང༌། དེ་ཡང་ཟབ་སྦྱོང་ལས་རིམ་འདི་བཀོད་སྒྲིག་ཞུ་དགོས་པའི་དགོས་པ་དམིགས་ཡུལ་གཙོ་བོའི་ཐད་ཟབ་སྦྱོང་བཀོད་སྒྲིག་པ་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་འདི་ག་གསར་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་དོན།

བཙན་བྱོལ་ནང་ཕྱིས་སུ་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཚོ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་རིག་གཞུང་ལྟེ་གནས་ཁང་དང༌། འཛིན་སྐྱོང་དང་ཆབ་སྲིད་སོགས་ཀྱི་ལས་རིགས་ཐོག་ཕྱག་ལས་གནང་བར་རིམ་བཞིན་ཕེབས་ཀྱིན་ཡོད་པ་རེད། དེ་བས་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་ཆ་ཚང་དང༌།  བཙན་བྱོལ་བོད་གཞུང་གི་རྩ་བའི་སྲིད་བྱུས། དེ་བཞིན་དུ་བོད་ནང་གི་གནས་སྟངས་དང༌། རྒྱ་ནག་གི་བོད་དོན་ཐད་ཀྱི་སྲིད་བྱུས། རྒྱལ་སྤྱིའི་ཐོག་གི་བོད་ཀྱི་གནས་བབས། ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུའི་མཛད་རྗེས་སོགས་འཐུས་ཚང་བ་མཁྱེན་རྟོགས་སྤེལ་སླད་དང༌། ལྷག་པར་དུ་དེ་རིང་ཁ་སང་ནད་ཡམས་འདྲ་མིན་ཞིག་ས་གནས་གང་སར་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་ཙང༌། གཞོན་སྐྱེས་ཚོས་ཇི་ལྟར་བྱས་ཏེ་ནད་ཡམས་སྔོན་འགོག་བྱེད་རྒྱུའི་རྩ་འགང་གི་དོན་དུ་ཟབ་སྦྱོང་ལས་རིམ་འདི་བཀོད་སྒྲིག་ཞུས་པ་ཡིན། ཞེས་འགྲེལ་བརྗོད་གནང་སོང༌།

ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གྱི་སློབ་ཐོན་བྱེད་ལ་ཉེ་བའི་སློབ་ཕྲུག་རྣམས་ལ། བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པས་གཙོས་བའི་མི་སྣ་༣༠ལྷག་གི་བཀའ་སློབ་གསུང་བཤད་དང༌། སྨན་དང་རྩིས་རིག་པའི་ཤེས་བྱ་ངོ་སྤྲོད། གཞན་ཡང་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཆ་ཚང་ནང་དུ་གཟིགས་སྐོར་དུ་ཁྲིད་པའི་གོ་སྐབས་ལེགས་འབུལ་གནང་ཡོད་ཅིང༌། འཇར་མན་གྱི་གུ་ཡངས་རོགས་ཚོགས་ཀྱིས་སྔར་བཞིན་ཟབ་སྦྱོང་གི་འགྲོ་གྲོན་མཐུན་འགྱུར་གནང་ཡོད་འདུག

དེ་རིང་གི་ན་གཞོན། སང་ཉིན་གྱི་འགོ་ཁྲིད། ཅེས་པའི་ཟབ་སྦྱོང་ལས་རིམ་ནང་ཅན་དྷི་གྷར་དང༌། ལྡི་ལི། མ་དྷི་ར་སི། བྷེང་ལོར། མེར་ལོར། ཧེ་དྷེ་ར་བྷ་ཊི། བྷ་རོ་ཊ། ཝ་ར་ན་སི། དྷ་ཝ། ཊི་པོ་ཇེ་སོགས་ཀྱི་ས་གནས་མཐོ་སློབ་ནས་ཕེབས་པའི་སློབ་མའི་གྲངས་འབོར་དེ་མང་ཤོས་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།