རྒྱ་རིགས་ཤིག་གིས་བོད་མི་ཟས་བཅད་ངོ་རྒོལ་བར་འཚམས་འདྲི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༥ཉིན། ཟླ་འདིའི་ཕྱི་ཚེས་༣ཉིན་ཨ་རིའི་གྲོང་ཁྱེར་ཉེའུ་ཡོག་ཏུ་མཉམ་སྦྲེལ་རྒྱལ་ཚོགས་མདུན་དུ་བོད་མི་༣གྱིས་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་༡༠འཁོར་ཉིན། ཉམས་ཞིབ་པ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ཡཱང་ཅན་ལི་ཡིས་ཁོང་ཚོར་འཚམས་འདྲི་དང་། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཉིན་གང་ཁོང་གསུམ་པོ་དང་ལྷན་དུ་ཟས་བཅད་ངོ་རྒོལ་ལ་བཞུགས་ཡོད་འདུག

མཁས་དབང་ཡཱང་ཅི་ལི་ནི་རྒྱ་ནག་མང་གཙོ་དང་བླངས་ལས་འགུལ་བའི་ཚོགས་གཙོ་དང་། ཧྭར་ཝ་ཌི་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་ལས་རོགས་བཅས་ཡིན་འདུག ཁོང་ནི་དེ་སྔོན་ཕྱི་ལོ་༡༩༨༩ལོར་རྒྱ་ནག་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་དང་ལོ་༥བཙོན་འཇུག་བྱས་ཡོད་འདུག

དེ་ཉིན་གཞན་ཡང་བོད་མི་མང་པོ་ཞིག་ཡོང་ནས་ཟས་བཅད་ངོ་རྒོལ་བ་༣ལ་ཁ་བཏགས་གཡོག་པ་དང་། བུད་མེད་ཅིག་གིས་ཤིང་བཟའ་རིན་པོ་ཆེའི་ཞབས་ལ་ཕྱག་འཚལ་བ་དང་། མིག་ནས་མཆི་མ་འདོན་བཞིན་ངུ་འབོད་བྱས། མ་ཚད་ཨ་རིའི་བྱང་ཕྱོགས་མངའ་སྡེ་ཁལ་ཕོ་ནིང་ཡ་གཙོས་པའི་ས་ཕྱོགས་གང་ས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཟས་བཅད་ངོ་རྒོལ་གནང་མཁན་གསུམ་ལ་འཚམས་འདྲི་དང་། གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཁ་པར་སོགས་ཡིག་ངག་གཉིས་ཐོག་ནས་ཆ་འཕྲིན་མང་པོ་ཞིག་འབྱོར་བཞིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༦༢༠༡༢༢༡༠༡
གུང་ཁྲན་གཏང་གི་རྒྱལ་དར་མེ་སྲེག་པ་ལ་རྣམ་རྟོགས་མིན་འདུག་གཱ ད་བྱས་ན་རྒྱ་དམར་གྱི་དར་དམར་དེ་ཙ་བ་ཉིད་ནས་མེད་པ་བཟོ་དགོས་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།