ཁལ་ཁ་རྗེ་བཙུན་དམ་པ་མཆོག་ལ་བསྔོ་སྨོན་མཆོད་འབུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༣ཉིན། ཟླ་འདིའི་ཕྱི་ཚེས་༡ཉིན་དཔལ་༧རྒྱལ་བ་ཇོ་ནང་བསྟན་པའི་མངའ་བདག་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་༡༡པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པ་དང༌། དེ་རིང་ཞོགས་པ་ཆུ་ཚོད་༨པའི་ཐོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག དམ་པ་གང་ཉིད་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་གཟབ་རྒྱས་ཤིག་གནང་ཡོད་པ་རེད།

དེ་རིང་བསྔོ་སྨོན་མཆོད་འབུལ་སྐབས་སྐུ་བཅར་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་གཙོས་པའི་བླ་སྤྲུལ་དགེ་བཤེས་རྣམ་པ་དང༌། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་གཙོས་པའི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་གྱིས་གཙོས་པའི་སྤྱི་འཐུས་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གཙོས་པའི་ཁྲིམས་ཞིབ་པ་གཞན་རྣམས་དང༌།  རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང༌། ངྷ་སའི་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་ ༡༠༠༠ ཙམ་བསྔོ་སྨོན་ཐོག་ལྷན་འཛོགས་གནང་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།