བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་ཕུལ་བྱུང་གཟེངས་རྟགས་ཕུལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢ཉིན། ཡོ་རོབ་ Ireland ཨི་ལན་ཌིའི་རྒྱལ་ས་ Dublin ཌོའུ་ལན་ནང་ཡོད་པའི་ College Historical Society of Trinity College ཅེས་པའི་མཐོ་རིམ་སློབ་གྲྭ་ཞིག་གིས་ཟླ་འདིའི་ཕྱི་ཚེས་༡ཉིན་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་༼ཕུལ་བྱུང་གསེར་གྱི་གཟེངས་རྟགས་༽ཤིག་ཕུལ་ཡོད་པ་རེད།

མཐོ་རིམ་སློབ་གྲྭ་དེའི་རྩོམ་སྒྲིག་པ་ Ms Ursula Ni Choill ལྕམ་ཨུར་ཤུ་ལཱ་མཆོག་ནས་བཀའ་ཁྲིར་ཕུལ་བྱུང་གཟེངས་རྟགས་དེ་འབུལ་སྐབས། བཀའ་ཁྲིས་དེ་རིང་ Trinity College ཊི་ནི་ཊི་མཐོ་རིམ་སློབ་གྲྭ་ངོས་ལ་གཟེངས་རྟགས་འདི་འདྲ་ཞིག་གནང་བར་ངོས་ཀྱི་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་ཡོངས་ཀྱི་ཚབ་ཞུས་ནས་ཁྱེད་ཚོས་བོད་མིའི་འཐབ་རྩོད་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། སྨྲ་བརྗོད་རང་དབང་མེད་པའི་བོད་ནང་གི་བོད་མི་ཚོར་འདི་འདྲའི་རྒྱབ་སྐྱོར་གྱི་འབོད་སྒྲ་ནི་ཧ་ཅང་གལ་ཆེན་ཡིན་ཞེས་གསུངས་འདུག

ཏྲི་ནི་ཊི་མཐོ་རིམ་སློབ་གྲྭ་ཆེན་མོའི་ College Historical Society སྡེ་ཚན་ནི་འཛམ་གླིང་ནང་ནས་བགྲོ་གླེང་གོ་སྒྲིག་གནང་མཁན་ཚོགས་པ་རྙིང་ཤོས་ཞིག་ཡིན་འདུག་པ་དང༌། ད་ལྟའི་ཆར་ཡང་མཐོ་སློབ་དེ་ནི་གཏམ་གླེང་དང་བགྲོ་གླེང་སྦྱང་བཤད་ཀྱི་བསྟི་གནས་གཙོ་བོ་ཞིག་ཡིན་འདུག

དེར་བརྟེན་འཛམ་གླིང་ནང་བགྲོ་གླེང་དང་གཏམ་བཤད་ཀྱི་ལམ་ནས་གཞན་ལ་ཕན་ཐོགས་དང༌། སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ནུས་དམིགས་བསལ་འདོན་ཐུབ་མཁན་གྱི་མི་སྣར་༼ཕུལ་བྱུང་གསེར་གྱི་གཟེངས་རྟགས་༽དེ་འབུལ་གྱིན་ཡོད་འདུག

དེ་སྔོན་གཟེངས་རྟགས་དེ་དབྱིན་ཇིའི་སྲིད་བློན་ John Major ཇོན་མཱ་ཇོར་དང༌། ནོ་བྷེ་ཞི་བདེའི་གཟེངས་རྟགས་བཞེས་མཁན་འབར་མ་མང་གཙོའི་དབུ་ཁྲིད་ལྕམ་ Aung San suu kyi  ཨང་སན་སུ་སྐྱིད། ལྷོ་ཨ་ཧྥ་རི་ཁའི་ཡེ་ཤུའི་ཆོས་དཔོན་ Desmond tutu  ཌེ་སི་མོན་ཌི་ཊུའུ་ཊུའུ། ཨར་ལན་ཌིའི་སྲིད་འཛིན་ཟུར་པ་ Mrs Mary Robinson ལྕམ་མཱ་རེ་རོ་བྷིན་སོན་བཅས་ལ་ཕུལ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༠༢༢༠༡༢༢༡༢༡
བཀའ་ཁྲི་མཆོག་ལ་སྙིང་ཐག་པ་ནས་ལེགས་སོ་དབུག་དབྱུང་ུ་འཚལ་ལོ།
3 ༠༣༢༠༡༢༡༣༥༢
དེང་རིང་གཏམ་བཟང་དེ་གོ་དུ་དངོས་ནས་དགའ་པོ་བྱུང། ང་ཚོས་རེ་བ་རྒྱག་ས་འཁྱུག་མི་འདུག།
མི་རབས་གསར་པའི་གཟི་བརྗིད་ཀྱི་འོད་སྣང་འབར་བ།
བཀའ་ཁྲི་ལ་གཟེངས་རྟགས་ཐོབ་པར་དགའ་བསུ་ཡོད། ཁྱོད་ལ་རྒྱབ་སྐྱོར་ཐོབ་ན་བོད་ལ་རྒྱབ་སྐྱོར་བྱས་པ་དང་གཅིག་མཚུངས་རེད། ཡིན་ན་ཡང་། དོན་དག་དང་འཆར་གཞི་རྣམས་ཁ་བཤད་ཙམ་དུ་མི་འཇོག་པར་ལག་བསྟར་དངོས་སུ་བྱ་དགོས་པ་རེད། ད་དུང་ཡང་བཀའ་ཁྲིའི་གཏམ་བཤད་ནང་རང་ཉིད་ཀྱི་ཆེ་བ་ངོ་སྤྲོད་དང་། ཚིག་བརྗོད་རྙིང་པ་རྣམས་བསྐྱར་ཟློས་མང་ཙམ་འདུག གླེང་སྟེགས་ཀྱི་སྡིངས་ཆ་དེ་རྣམས་གོ་སྐབས་གལ་ཆེན་དུ་ངོས་ཟིན་ཐོག་བོད་དོན་རྐྱང་བ་བརྗོད་ན་ལེགས།



བརྗོད་གཞི་གཞན་ཁག་ལ་གཟིགས།