རྒྱ་གཞུང་ལ་འཕགས་བོད་མཐའ་མཚམས་གྲོས་མོལ་གྱི་ཐོབ་ཐང་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡ཉིན། དེ་རིང་ཞོགས་པ་ཆུ་ཚོད་༡༠ དང་སྐར་མ་༡༥ཙམ་ལ། རའོ་ཧི་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་སློབ་ཕྲུག་༡༦ཀྱིས་རྒྱ་ནག་གི་ཕྱི་འབྲེལ་དཔོན་པོ་ཡཱང་ཅེ་ཁྲི་དང་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཁེར་ཞི་ནཱ་གཉིས་ཧེ་ཌེར་ར་བྷ་ཌི་ཚོགས་ཁང་དུ་མཇལ་འཕྲད་གནང་བཞིན་པའི་སྐབས་དང་བསྟུན་ནས་ཞི་བའི་ངོ་རྒོལ་སྐད་འབོད་ཤུགས་ཆེན་གནང་ཡོད་འདུག

རྒྱ་ནག་ཕྱི་འབྲེལ་དཔོན་པོ་ཡཱང་ཅེ་ཁྲི་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གནད་དོན་སོགས་ཚུད་པའི་རྒྱལ་སྤྱིའི་གནད་དོན་ཁག་ཅིག་གི་ཐོག་གྲོས་མོལ་ཆེད། ཁ་སང་ཕྱི་ཚེས་༢༩ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འབྱོར་ཡོད་པ་དང་། དེ་རིང་ཕྱི་ཚེས་༡ཉིན་གྱི་ཞོགས་པ་ཆུ་ཚོད་༡༠དང་སྐད་མ་༡༥ཙམ་ལ། ཧེ་ཌེར་ར་བྷ་ཌི་ཚོགས་ཁང་དུ་རྒྱ་གར་ཕྱི་འབྲེལ་བློན་ཆེན་ཁེར་ཞི་ནཱ་དང་མཇལ་འཕྲད་གནང་ཡོད་འདུག་ལ། སྐབས་དེར་ཚོགས་ཁང་ཕྱི་རོལ་དུ་རའོ་ཧི་ནི་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་སློབ་ཕྲུག་བུ་མོ་༨དང་བུ་༨ཀྱིས་རྒྱ་དཀར་ནག་གི་མཐའ་མཚམས་ཟེར་བ་ཞིག་མེད་ལ། རྒྱ་གཞུང་ལ་མཐའ་མཚམས་ཀྱི་གནད་དོན་ཐོག་གྲོས་མོལ་བྱེད་པའི་ཐོབ་ཐང་མེད་ཅེས་སོགས་སྐད་འབོད་ཤུགས་ཆེན་གནང་ཡོད་པ་དང་། ད་ལྟ་ཞི་བའི་ངོ་རྒོལ་བ་སློབ་ཕྲུག་རྣམས་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག

རྒྱ་གཞུང་གི་བཙན་འཛུལ་དམ་དྲག་འོག ན་ནིང་ཕྱི་ཟླ་༣ནས་བཟུང་ད་ལྟའི་བར་བོད་མི་སེར་སྐྱ་༢༣རང་ལུས་མེར་བསྲེགས་བཏང་ནས་ཞི་བའི་ངོ་རྒོལ་བྱས་ཡོད་ལ། ང་ཚོས་ནམ་ཡང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རེ་བ་སྟོང་ཟད་དུ་མི་གཏོང་བར་བོད་ལ་རང་དབང་གི་ཉི་མ་ཤར་ཏེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལའི་ནང་དུ་གདན་འདྲེན་ཞུ་མ་ཐུབ་ཀྱི་བར་དུ། ང་ཚོས་ངོ་རྒོལ་མཚམས་འཇོག་མི་སྲིད། བོད་དང་རྒྱ་གར་བར་གྱི་མཐའ་མཚམས་གྲོས་མོལ་བྱེད་དུ་ཡོང་མཁན་གྱི་རྒྱ་གཞུང་གི་མགོ་ཁྲིད་ཚོར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ལ། བོད་ཀྱི་མ་འོངས་པ་དེ་བོད་རིགས་མི་མང་གིས་ཐག་གཅོད་བྱ་ངེས་ཡིན་ཞེས་སོགས་བརྗོད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༢༢༠༡༢༡༩༢༨
༄༅། །ཐུགས་རྗེ་ཆེ། དེ་དེ་བཞིན་རེད། འཕགས་བོད་ས་མཚམས་གླེང་བའི་ཐོབ་ཐང་རྒྱ་དམར་ལ་མེད།



བརྗོད་གཞི་གཞན་ཁག་ལ་གཟིགས།