གནས་ཆེན་མཚོ་པདྨ་རུ་སྨོན་ལམ་ཐོག་ཆིབས་བསྒྱུར་གནང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡ཉིན། དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོ་ཕྱི་ཟླ་ ༣ ཚེས་ ༨ ཉིན་གྱི་ཞོགས་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་གསུང་ཆོས་སྩལ་རྒྱུ་རེད་འདུག སྐབས་དེར་གཞིས་བྱེས་འབའ་ཐང་སེར་སྐྱ་མི་མང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་རྒྱས་པ་ཞིག་འབུལ་རྒྱུ་རེད་འདུག

དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་རྒྱབ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཐང་ཆེན་དུ་ཤེས་ཡོན་ ནང་བཟང་སྤྱོད་དགོས་པའི་སྐོར་མི་མང་ལ་བཀའ་སློབ་སྩལ་རྒྱུ་དང༌། ཕྱི་ཟླ་ ༣ ཚེས་ ༣༡ ནས་ཕྱི་ཟླ་ ༤ ཚེས་ ༡ བར་གུ་ རུའི་གནས་ཆེན་མཚོ་པདྨར་ (རི་ཝལ་སར་)  ཆིབས་སྒྱུར་གྱིས་སྨོན་ལམ་ཁག་གཅིག་གི་ནང་ལྷན་ཞུགས་གནང་རྒྱུ་ཡིན་འདུག

གཞན་ཡང་ཕྱི་ཟླ་ ༤ ཚེས་ ༣ ནས་ ༥ བར་ཁམས་སྤྲུལ་རིན་པོ་ཆེས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅལ་སིཏ་སྦ་རིར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉེ་འགྲམ་དུ་ཡོད་པའི་འཆི་མེད་དགའ་འཚལ་གླིང་དུ་བཀའ་བརྒྱད་ཀྱི་བཀའ་དབང་སྩལ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༠༨༢༠༡༢༢༡༣༢
དགའ་ལྡན་ཕོ་བྲང་ཡིག་ཚང་་་་་
3 ༠༣༢༠༡༢༠༠༣༠
བཀྲ་རྣམ།
དྲ་རྒྲ་དོ་དམ་པ་ལགས། དྲིས་ལན་དུ་འགྲེལ་བརྗོད་གསལ་པོ་གནང་བར་བཀའ་དྲིན་ཆེ་ཞུ།།
2 ༠༢༢༠༡༢༠༩༥༦
དྲ་རྒྱ་དོ་དམ་པ།
བཀུར་འོས་བཀྲ་རྣམ་ལགས། སྤྱིར་དེ་སྔོན་སྐུ་སྒེར་ཡིག་ཚང་དང་ད་ལྟ་གོང་དུ་བརྗོད་པའི་དགའ་ལྡན་ཕོ་བྲང་ཡིག་ཚང་གཉིས་གཅིག་པ་རེད། འོན་ཀྱང་དེ་སྔོན་༧གོང་ས་མཆོག་གིས་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བཞིན་པའི་སྐབས་སུ། བོད་གཞུང་མ་ལག་དང་བཅས་པའི་ལས་ཁུངས་ཡིག་ཚང་ཡོད་པས་མ་ཚད། གང་ཉིད་སྐུ་སྒེར་ལའང་ཡིག་ཚང་ཞིག་ཡོད་པས་ན་སྐུ་སྒེར་ཡིག་ཚང་ཞེས་ལོགས་སུ་འབོད་ཀྱིན་ཡོད་པ་རེད། ད་ཆ་གང་ཉིད་བོད་གཞུང་གི་ཆབ་སྲིད་དབུ་ཁྲིད་ཀྱི་ཐུགས་འགན་ལས་ཡོངས་སུ་བགྲེས་ཡོལ་གནང་ཟིན་དུས། སྒེར་དང་གཞུང་ཟེར་བ་ཞིག་འབོད་དགོས་ཀྱི་མེད་སྟབས། གང་ཉིད་ཀྱི་བླ་བྲང་གི་མིང་སྟེ་དགའ་ལྡན་ཕོ་བྲང་ཡིག་ཚང་ཞེས་འབོད་ཀྱི་ཡོད་པ་རེད་སྙམ། ཉེ་བའི་ཆར་སྐུ་སྒེར་ཡིག་ཚང་ནས་བཏོན་གནང་བའི་གསལ་བསྒྲགས་ཁག་གི་འགོ་བརྗོད་དུ་དགའ་བྲང་ཕོ་བྲང་ཡིག་ཚང་ནས་ཞེས་བཀོད་གནང་འདུག
1 ༠༢༢༠༡༢༠༧༤༥
བཀྲ་རྣམ།
བཀུར་འོས་གསར་འགོད་པ་ལགས། གསར་བྱུང་གི་དགའ་ལྡན་ཕོ་བྲང་ཡིག་ཚང་དང་སྔར་ཡོད་སྐུ་སྒེ་ཡིག་ཚང་གཉིས་གཅིག་པ་རེད་དང་ཁ་ཁ་རེད་མགྲེལ་བརྗོད་ཅིག་གནང་རོགས་ཞུ། དགའ་ལྡན་ཕོ་བྲང་གི་ཡིག་ཚང་ཟེར་བ་ཞིག་དར་བར་གོ་མ་མྱོང་བས་ཡིན་ནོ།།



བརྗོད་གཞི་གཞན་ཁག་ལ་གཟིགས།