གཞིས་རྩེ་ཁུལ་དུ་བོད་མི་ཁག་ཅིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣༡ཉིན། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན།  ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༢ ཉིན་རྒྱ་ནག་གཞུང་གི་གཏེར་འདོན་ཚན་པ་ཞིག་ནས་བོད་གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་རྟ་སྨོ་ཤང་གི་གླིང་ཀ་དགོན་པའི་རྒྱབ་ངོས་སུ་གཏེར་རིགས་ཕུན་སུམ་ཚོགས་པོ་ཞིང་ཡོད་པ་དེར་གཏེར་ཁ་སྔོག་འདོན་བྱེད་པར་ཡོང་སྐབས།  དེ་ཉིན་རང་གླིང་ཀ་དགོན་པའི་དགེ་འདུན་པས་སྣེ་འཁྲིད་འོག་ཡུལ་མི་མང་པོས་གཏེར་འདོན་པར་ངོ་རྒོལ་གྱིས་གཏེར་ཁ་སྔོག་འདོན་བྱ་རྒྱུ་བཀག་འགོག་བྱས་འདུག

 

འོན་ཀྱང་གཏེར་འདོན་ཚན་པའི་མི་སྣ་དང་འབྲེལ་ཡོད་ས་གནས་དཔོན་རིགས་ཀྱིས་འཇམ་མཁས་ཀྱི་མུ་མཐུད་གཏེར་ཁ་སྔོག་འདོན་བྱེད་རྩིས་བྱས་ཀྱང༌། མི་མང་གིས་ཁོ་ཚོའི་གཡོ་ཐབས་ལ་མགོ་བོ་མ་འཁོར་བར་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༡ ཕྱི་ཚེས་ ༢༢ ནས་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༨ བར་རྣམ་པ་འདྲ་མིན་གྱི་ངོ་རྒོལ་མུ་མཐུད་བྱས་རྐྱེན། བཞད་མཐོང་སྨོན་རྫོང་གི་ཉེན་རྟོག་པ་སླེབས་ནས་བཀག་འགོག་བྱེད་སྐབས། ཉེན་རྟོག་པ་དང་མི་མང་དབར་གདོང་ཐུག་གི་ཕན་ཚུན་ཁ་འཁྲུགས་ཤུགས་ཆེན་བྱུང་ཤིང༌། དེ་དུས་ཡུལ་མི་མང་མང་བ་ཡོད་སྟབས་ཉེན་རྟོག་པར་དམིགས་བསལ་བྱ་ཐབས་ཟད་ནས་ཁ་མཁས་ངང་ངོ་རྒོལ་བ་ཁ་གཏོར་གཏོང་ཐབས་བྱས་ཀྱང་དོན་ཕན་མ་སོན་པར་བརྟེན། གཞིས་རྩེ་ས་ཁུལ་ནས་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དམག་མིས་འབོར་ཆེན་སླེབས་ནས་དགེ་འདུན་པ་དང༌།  ཡུལ་མི་མང་དག་ཅིག་ལ་ཉེས་རྡུང་དང་འཛིན་བཟུང་བྱས་ཡོད་པ་ལྟར་གླིང་ཀ་དགོན་པའི་དགེ་འདུན་པ་ཁག་གཅིག་འཛིན་བཟུང་བྱས་འདུག

ཉེ་དུས་གཞིས་རྩེ་ས་ཁུལ་འབྲེལ་ཡོད་ཁྲིམས་ཁང་ཞིག་ནས་གླིང་ཁ་དགོན་པའི་རང་ལོ་ ༤༩ སོན་པའི་མཁན་པོ་བཟང་པོ་ལགས་དང༌།   རང་ལོ་ ༣༨ དུ་སོན་པ་དགེ་འདུན་པ་འཇམ་དབྱངས་ཚེ་རིང་ལགས་ཀྱིས་གཙོས་དགེ་འདུན་པ་ལྔ་ཙམ་ལ་དུས་བཀག་བཙོན་འཇུག་ལོ་ ༥ ནས་ ༤ བར་བཏང་འདུག་པ་མ་ཟད།  སྐབས་དེར་ངོ་རྒོལ་བྱུང་སྐབས་བཞད་མཐོང་སྨོན་རྫོང་སྟག་མོ་གྲོང་ཚོའི་འགོ་ཁྲིད་ ནས་ལས་འགན་ཡག་པོ་གྲུབ་མེད་པར་བསྙད་དེ་གྲོང་ཚོའི་འགོ་ཁྲིད་བོད་རིགས་ཤིག་ལ་དུས་བཀག་བཙོན་འཇུག་ལོ་ ༢ བཏང་སྟེ་ད་ལྟ་གཞིས་རྩེ་ས་ཁུལ་ཁོངས་སུ་ཡོད་པའི་ཉ་རི་བཙོན་ཁང་དུ་ངལ་རྩོལ་བསྒྱུར་བཀོད་བྱེད་པར་བཏང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།