བརྡ་ལན་མ་གནང་བར་ཟད་བཅད་ངོ་རྒོལ་མཚམས་འཇོག་བྱ་རྒྱུ་མིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༩ཉིན། ད་ལོའི་ལོ་གསར་ཚེས་༡ནས་བཟུང་བོད་མི་གསུམ་གྱིས་ཨ་རིའི་ཉིའུ་ཡོག་གྲོང་ཁྱེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་དུས་ཡུན་ངེས་མེད་ཀྱིས་ཟས་བཅད་ངོ་རྒོལ་བྱས་ཏེ། ཉིན་གྲངས་༦འགྲོ་བཞིན་ཡོད་ལ། ཟས་བཅད་ངོ་རྒོལ་བ་རྣམ་པའི་གཟུགས་པོའི་གནས་སྟངས་སྐྱོ་རུ་འགྲོ་བཞིན་ཡོད་པའི་ཁར་ཁ་ཆར་འབབ་པ་སོགས་ཀྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཟས་བཅད་ངོ་རྒོལ་ཐོག་མར་མགོ་འཛུགས་དུས་ནས་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ་གནང་རྒྱུར་ཆོག་མཆན་སྤྲད་མེད་ལ། ཕྱི་ཚེས་༢༥ཉིན་ཉིའུ་ཡོག་ཉེན་རྟོག་ལས་ཁུངས་ཀྱིས་ངོ་རྒོལ་བའི་སྡོད་གུར་ཕྱིར་བསྡུ་གནང་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང་། ངོ་རྒོལ་བ་རྣམ་པས་རྒྱལ་ཚོགས་ཀྱི་ངོས་ནས་ཁོ་ཚོའི་རེ་འདུན་ལ་བརྡ་ལན་གསལ་པོ་ཞིག་མ་སྤྲད་བར་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་ལ། ཟས་བཅད་ངོ་རྒོལ་གནང་སའི་ས་ཆར་ཡང་འགྱུར་བ་གཏོང་རྒྱུ་མིན་ཞེས་གསུངས་ནས་ད་ལྟའི་ཆར་འགྱུར་བ་གང་ཡང་བཏང་མེད་འདུག

ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རྒྱུན་འཁྱོངས་བྱས་ནས་ཉིན་གྲངས་༦འགྲོ་བཞིན་པའི་རིང་ལ། ཉིའུ་ཡོག་ཁུལ་དུ་ཁ་ཆར་འབབ་པ་དང་ལྷག་རླུང་གཡུག་པ་སོགས་ཀྱིས་ངོ་རྒོལ་བ་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པ་དང་། ད་ལྟའི་ཆར་ཨ་ལགས་ཤིང་བཟའ་རིན་པོ་ཆེའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་ ༤ མར་ཆག་ཡོད་པ་དང་། དེ་བཞིན་རྡོ་རྗེ་རྒྱལ་པོ་ལགས་དང་ཡེ་ཤེས་བསྟན་འཛིན་ལགས་གཉིས་ལའང་སྤྱི་རྒྱ་ ༢ ཡས་མས་རེ་མར་ཆག་ཡོད་འདུག

ཉིའུ་ཡོག་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ད་བར་ མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གཞུང་ངོས་ནས་ང་ཚོར་དམིགས་བསལ་གྱི་འབྲེལ་བ་གང་ཡང་གནང་མ་སོང་ལ། རྒྱལ་ཚོགས་ཀྱིས་བརྡ་ལན་ཞིག་མ་གནང་བར་དུ་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་ཞེས་གསུངས་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།