རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་བློ་འཚབ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༥ཉིན། རྒྱ་གཞུང་གི་དྲག་གནོན་འོག་སི་ཁྲོན་དང་མཚོ་སྔོན་སོགས་ནས་བོད་མི་སེར་སྐྱ་མང་པོས་རང་ལུས་མེར་བསྲེགས་བཏང་བ་དང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་པར་བྱུང་སྐབས། རྒྱ་གཞུང་གིས་ས་གནས་དེ་ཚོར་གསར་འགོད་པ་བཀག་འགོག་དང་ཁ་པར་སོགས་ཀྱི་བརྒྱུད་ལམ་ཆ་ཚང་བཀག་སྡོམ་བྱེད་བཞིན་པར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་བརྗོད་དོན། ཉེ་ཆར་རྒྱ་གཞུང་གིས་༼རྒྱལ་སྤྱིའི་གསར་འགྱུར༽(Courier international)ཞེས་པ་དེའི་ནང་དུ་ཧྥ་རན་སིའི་སྐད་ཡིག་ཐོག་སྤེལ་བའི་འཁྱོག་བརྗོད་དེ་ཚོ་ང་ཚོས་ཁ་གསལ་བཟོ་ངེས་ཡིན།

ང་ཚོས་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཕྱི་ཟླ་༣ནས་བཟུང་ད་ལྟའི་བར་ཆེས་ཉུང་མཐར་བོད་མི་༡༥རང་ལུས་མེར་བསྲེགས་བཏང་ཡོད་པ་དང༌། དེ་བཞིན་ཉེ་ཆར་སྔ་གཞུག་ཏུ་བྱུང་བའི་ཞི་བའི་ངོ་རྒོལ་སྐོར་ཀྱི་གནས་ཚུལ་མང་པོ་ཞིག་རྒྱལ་ཕྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་བྱུང་བ་ཧ་ཅང་ཉུང་ཉུང་རེད།  དེ་ནི་རྒྱལ་ཕྱིའི་གསར་འགྱུར་བརྒྱུད་ལམ་ཙམ་མ་ཡིན་པར་རྒྱ་ནག་ནང་ལོགས་ཀྱི་སྲིད་གཞུང་གིས་ཆེད་འཛུགས་བྱས་པའི་གསར་འགྱུར་བརྒྱུད་ལམ་དཔེར་ན༼འཛམ་གླིང་དུས་བབ༽ཟེར་བ་ལྟ་བུས་བོད་དོན་སྐོར་ལ་འཁྱོག་བརྗོད་སྣ་ཚོགས་སྤེལ་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐེ་གཏོགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད།

སྔོན་ཆད། རྒྱ་གཞུང་གི་དམིགས་འབེན་གཙོ་བོ་བོད་རིགས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་བཀག་སྡོམ་བྱེད་པ་དང༌། ལྷག་པར་དུ་ས་གནས་གང་སར་བྱུང་བཞིན་པའི་གནས་ཚུལ་མཁོ་སྒྲུབ་པ་རྒྱ་ནང་གསར་འགོད་པ་དང་རྒྱལ་ཕྱིའི་གསར་འགོད་པ་བཀག་སྡོམ་གྱི་དམིགས་འབེན་གཙོ་བོར་འཛིན་གྱི་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཏོན་པའི་བོད་དོན་སྐོར་གྱི་གསར་འགྱུར་གཙང་བསུབ་བྱེད་བཞིན་པ་དང༌།  བོད་དང་འཛམ་གླིང་གི་ས་ཁུལ་གཞན་དག་བར་གྱི་འབྲེལ་ལམ་ཡང་འགོག་རྩིས་བྱེད་ཀྱི་ཡོད་པ་རེད།

གཞན་ཡང༌། སྨྲ་བརྗོད་རང་དབང་སོགས་ཀྱི་ཆེད་དུ་བོད་ནང་གི་རྩོམ་པ་པོ་གང་མང་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་བཞིན་པ་རེད། དཔེར་ན། འདི་ལོའི་ཟླ༢་ཚེས་༡༥ ཉིན་གྱི་བོད་ནང་གི་མཚན་མོའི་ཆུ་ཚོད་ ༡༡ ཐོག གསེར་རྟ་རྫོང་སྒེར་གཉེར་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་པ་ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་གློ་བུར་དུ་ཉེན་རྟོག་པ་༢༠ཙམ་ཡོང་ནས་རང་ཁྱིམ་ནས་བཙན་ཁྲིད་བྱས་ཡོད་པ་དང༌། དེ་བཞིན་རྩོམ་པ་པོ་སྒྱིས་ཚང་སྟག་སྨྲིག་ལགས་ཀྱིས་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡༨ ཉིན་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཞེས་པའི་བརྙན་འཁོར་འོད་སྡེར་ཞིག་ཁྱབ་སྤེལ་བྱས་རྗེས་མི་ལོ་གཅིག་ཙམ་རིང་ཁོང་གབ་བྲོས་བྱས་ཡོད་ཀྱང་མཐར་༢༠༡༠ ཟླ་ ༧ ཚེས་ ༢༧ ཉིན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་བཀག་ཉར་བྱས་ཡོད་པ་རེད།

ཡང་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ པའི་ནང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་ཁང་ཞིག་ནས་ན་གཞོན་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་སུ་ཆབ་སྲིད་ཀྱི་ཉེས་མིང་འོག་དུས་ཡུན་ལོ་ངོ་ ༢ ཁྲིམས་ཐག་བཅད་དེ་ལྷ་ས་གྲོང་ཁྱེར་གྱི་ཉེ་འགྲམ་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་འདུག  ཁོང་འཛིན་བཟུང་བཙོན་འཇུག་བྱེད་དགོས་དོན་གཙོ་བོ་ནི།  ཁོང་གིས་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་དང་འབྲེལ་བའི་ཐོག་ནས་རྩོམ་དེབ་ཀྱི་ཁ་བྱང་དུ་༼ཁྱོད་ལ་གདུག་རྩུབ་དང་དྲག་གནོན་ཡོད་ན་ང་ལ་བྱམས་བརྩེའི་བདེན་པ་ཡོད།༽ ཅེས་པའི་རྩོམ་དེབ་འབྲི་རྩོམ་དང་དཔར་བསྐྲུན་བྱས་ཏེ་དཔལ་ཡུལ་སོགས་ས་གནས་མང་པོར་ཁྱོན་ཆེ་འགྲེམས་སྤེལ་བྱས་པ་དང༌། དེ་བཞིན་རྒྱ་གཞུང་གི་དྲག་གནོན་འོག རང་ཡུལ་དུ་སྡོད་མ་ཐུབ་པར་བྲོས་བྱོལ་ལ་འགྲོ་དགོས་པའི་གནས་ཚུལ་ཡང་མང་དུ་བྱུང་ཡོད་པ་དཔེར་ན། ཕྱི་ལོ་༢༠༡༠ལོར་ན་གཞོན་རྩོམ་པ་པོ་ཤེལ་དགེ་འདུན་ཚེ་རིང་ངམ་སྨྱུག་མིང་འདྲེ་མྱེ་ལགས་རྒྱ་གར་ནང་སྐྱབས་བཅོལ་ཡོང་དགོས་བྱུང་ཡོད་པ་རེད།

ཉེ་ལམ་ཁ་པར་སོགས་གསར་འགྱུར་བརྒྱུད་ལམ་ཁག་བཀག་སྡོམ་བྱས་ཡོད་པ་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཕྱི་ཟླ་༡ཚེས་༢༤ཉིན་ནས་བཟུང་སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་དང་དེའི་ཉེ་འཁོར་གྱི་ཁ་པར་དང་དྲ་རྒྱ་སོགས་བརྒྱུད་ལམ་ཚང་མ་སྒོ་བརྒྱབ་ཟིན་པ་དང༌། ཡུལ་ཕྱོགས་གཞན་ལའང་དེ་བཞིན་གྱི་བཀག་འགོག་བྱས་ཡོད། ཟླ་འདིའི་ཕྱི་ཚེས་༣ནས་བཟུང་བོད་ཡིག་དྲ་རྒྱ་༼སེང་རྡོར་དྲ་བ༽དང་༼རང་གྲོལ་དྲ་རྒྱ༽སོགས་མང་པོ་སྒོ་བརྒྱབ་ཡོད་པ་མ་ཟད།  རྒྱལ་ཕྱིའི་གསར་ཁང་སི་ཨན་ཨན་དང་བྷི་བྷི་སི་སོགས་ཀྱི་གསར་འགོད་པ་བོད་ནང་གི་དོན་རྐྱེན་བྱུང་ཁུལ་ཁག་ཏུ་སྐྱོད་རྒྱུར་བཀག་སྡོམ་དང་འཇིགས་སྐུལ་སོགས་བྱས་ཡོད་པ་རེད། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་འགྲེམས་སྤེལ་བྱས་པའི་ཕྱི་ལོ་༢༠༡༡ནས་༢༠༡༢བར་གྱི་འཛམ་གླིང་གསར་འགོད་རང་དབང་གི་གནས་བབ་ཆེས་སྐྱོ་ཤོས་ཀྱི་རྒྱལ་ཁབ་༡༧༨མིང་གཞུང་བཏོན་པའི་ནང་དུ་རྒྱ་གཞུང་ནི་ཨང་རིམ་༡༧༤པ་ཆགས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (6)
6 ༢༧༢༠༡༢༡༩༤༤
དགོངས་འགལ་མེད་པར་ཞུ། ངས་ཡི་གེ་གཏོང་ས་ནོར་ནས་ཤམ་བྷ་ལ་ལར་གཏོང་འདུག་བ། དངོས་གནས་དགོངས་པ་མ་འཚོམ་རོགས་ཞུ་རྒྱུ་ཡིན། ངས་བསམ་པ་དུས་བབས་ལ་གཏོང་ཡོད་བསམ་བྱུང།
5 ༢༧༢༠༡༢༡༦༠༡
དྲ་རྒྱ་དོ་དམ་པ།
མཚོ་ནག་ལགས། ངེད་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་རྒྱ་དང་། ཤམ་བྷ་ལའི་དྲ་རྒྱ་གཉིས་ཀའི་ནང་ཕྱི་ཚེས་༢༦ཉིན་ཁམས་སྡེ་དགེ་དབོན་ཐོག་ཤང་ནས་གཞོན་སྐྱེས་ཤིག་གིས་རང་ལུས་མེ་སྲེག་བཏང་ནས་གྲོངས་ཡོད་ཚུལ་ཞིག་གཏན་ནས་བཀོད་མེད་ཀྱང་། ཁྱེད་ཀྱིས་གཞི་མེད་སྐྱོན་འཛུགས་ལུང་པ་གང་བྱས་འདུག ཡང་ན་དྲ་རྒྱ་དང་གསར་ཁང་གཞན་གྱིས་དེ་ལྟར་ཁུངས་ལུང་མེད་པའི་གསར་འགྱུར་ཞིག་བཀོད་ཡོད་ཚེ། ཁྱེད་ཀྱིས་འགྲེལ་བརྗོད་དང་། སྐད་རྒྱག་ས་དེ་ནོར་བ་རེད། བ་ཤར་ལ་བཏགས། ཕུག་མ་ནུབ་ལ་བཏབ་ཟེར་བ་ལས་མ་འདས་སོ། མི་ལ་སྐྱོན་དང་ནོར་འཁྲུལ་མེད་བཞིན་དུ་དོན་མེད་སྐྱོན་འཛུགས་བྱས་ན་ཉེས་པ་གང་ཡོད་པ་དེ་ཁྱེད་ཀྱིས་ཤེས་པ་གནང་རོགས། ཤམ་བྷ་ལའི་རྩོམ་སྒྲིག་པས།
4 ༢༧༢༠༡༢༡༤༤༤
གསར་འགོད་པ་ལགས། ག་རེ་བྱེད་གི་ཡོད་རེད་སྨྱོན་པ་ཡིན་པས། གཟའ་རོ་ཡིན་པས་བོད་མིའི་རང་ལུས་མེ་བསྲེག་བྱེད་པ་དེ་ཚོར་རྩེད་མོ་འདྲ་མཐོང་གི་འདུག་བས། རང་ལུས་མེ་བསྲེག་བྱས་འདུག་ཟེར་བའི་ཚིགས་གཅིག་གིས་ཀྱང་སྤྱི་ཚོགས་སུ་ག་རེ་འབྱུང་གི་ཡོད་མེད་ཧ་གོ་གི་ཡོད་པས། བརྫུན་མ་མང་པོ་ལབ་ནས་མེ་བསྲེག་མ་བྱས་ན་ཡང་མེ་བསྲེག་བྱས་འདུག་ཟེར་བ་དེས་དེ་སྔོན་མེ་བསྲེག་དངོས་སུ་གཏོང་ཟིན་པ་དེ་ཚོར་ལ་ཡང་དོག་པ་སྐྱེ་བ་བཟོ་གི་རེད། དོན་མེད་དཀྲུག་གཏམ་མ་བཟོ། ད་ལྟ་གཉན་འཕྲང་ཅན་གྱི་དུས་འདིར་བོད་མིས་དམར་ཤོག་ལ་ངོ་རྒོལ་གྱི་མཚོན་བྱེད་ཐ་ན་གཅེས་པའི་ཚེ་སྲོག་ཡང་འབུལ་གི་འདུག་ཟེར་བའི་སྐད་གྲགས་ཆེན་པོ་འདི་མེད་པ་བཟོ་བསམ་གི་འདུག་བས། གཟབ་གཟབ་བྱེད་རོགས།
3 ༢༧༢༠༡༢༡༣༥༡
ཁ་སོང་སྤྱི་ཚེས་ཉེར་དྲུག་ཉིན་ཁམས་སྡེ་དགེ་དབོན་ཐོག་ཤང་ནས་གཞོན་སྐྱེས་ཞིག་གིས་རང་ལུས་མེ་བསྲེག་གཏོང་ནས་གྲོངས་ཚུལ་གསུངས་འདུག། གསར་འགོད་པ་ལགས། འདིའི་མེ་བསྲེག་གཏོང་ཚུལ་འདི་ཁུང་ལུང་ཡོད་པ་ཞིག་མཐོང་གི་མི་འདུག་བས་དངོས་ཡོད་གནས་ཚུལ་ཧ་གོ་ན་མ་གཏོག་གང་ཡིན་འདི་ཡིན་མེད་པའི་གནས་ཚུལ་དེ་འདྲ་དྲ་ཚིགས་སུ་མ་འགོད་རོགས། དཔེར་ན་ཁ་སྔོན་གསེར་རྟ་སུ་མི་གསུམ་གི་མེ་བསྲེག་བྱས་པའི་གནས་ཚུལ་གཅིག་འཁོ་སྤྲོད་བྱས་བྱུང་ཡང་དེ་བརྫུན་མ་རེད་འདུག་ཟེར་ནས་གསལ་སྒྲག་བྱེད་པ་དེ་ཚོ་དངོས་གནས་ཐབས་སྡུག་གིས་ལས་ཀ་རེད། བྱས་ཙམ་དངོས་ཡོད་གནས་ཚུལ་མ་གཏོག་གང་ཡིན་འདི་ཡིན་མེད་པའི་གཏམ་འཆལ་མ་བྲི་རོགས་ཟེར་ནས་ཞུ་བ་བྱེད་གི་ཡོད། འདི་ཚོ་གལ་ཆེན་པོ་ཡིན་དུས་གསར་འགོད་པས་རྟག་དཔྱད་ལེགས་པོ་བྱས་ནས་དྲ་ཚིགས་སུ་འགོད་རོགས་ཞུ་རྒྱུ་ཡིན།
ཆེས་སྡུག་རྩུབ་དང་ཆེས་གཉའ་གནོན་ཅན་གྱི་སྲིད་དབང་སྒེར་གཅོད་པ་འདི་ཚོ་མེད་པ་མ་ཆགས་པ་བར་དུ་བོད་ལ་སྐྱིད་པའི་ཉི་མ་ཞིག་ཡོང་རེ་བྲལ།
༄༅། །རྒྱ་དམར་སྡུག་སེམས་གནག་པ་དང་། ནང་རུལ་བའི་ཞབས་འདྲེན་ལ་ཅི་མ་རུང་། ལྷ་སར་ལོ ༦༠ རྟེན་འབྲེལ་ཟེར་བར་བཙན་བྱོལ་ནང་ནས་ཞབས་འདྲེན་པ་ཁག་ཅིག་མཉམ་ཞུགས་བྱས་འདུག་ཟེར། རྒྱ་དམར་གྱི་ཕུང་འདྲེ་དེ་ཚོའི་གདོང་རུལ་ཕྱི་ལ་གཏོང་དགོས།།



བརྗོད་གཞི་གཞན་ཁག་ལ་གཟིགས།