བལ་ཡུལ་ཉེན་རྟོག་པས་བོད་མི་༡༣འཛིན་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༥ཉིན། ཕྱི་ཚེས་༢༤ཉིན་བོད་རྒྱལ་ལོའི་ལོ་གསར་ཚེས་༣ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢པའི་སྟེང་བལ་ཡུལ་གྱི་རྒྱལ་ས་ཀ་ཊི་མན་ཊུ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ཁང་གི་མདུན་དུ་བོད་མི་ཚོས་ཞི་བའི་འབོད་སྐུལ་གནང་སྐབས། བལ་ཡུལ་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་༡༣འཛིན་བཟུང་བྱས་འདུག

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉིན་དེར། བོད་མི་ཚོ་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་དང་འབོད་ཚིག་འཕྲེད་དར་སོགས་བཟུང་ནས་བལ་ཡུལ་རྒྱལ་ས་ཀ་ཊི་མན་ཊུ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ཁང་གི་མདུན་དུ།  ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ཐད་དོ་སྣང་གནང་དགོས་པའི་འབོད་སྐུལ་གནང་སྐབས། བལ་ཡུལ་ཉེན་རྟོག་པས་བོད་མི་ཚོར་དྲག་གནོན་གཅར་རྡུང་བྱེད་ཞོར་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། བོད་མི་ཞི་རྒོལ་བ་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་དང་། ད་ལོ་བོད་ཀྱི་ལོ་གསར་སྐབས་སྔོན་མ་དང་མི་འདྲ་བར་བོད་མི་གནས་སྡོད་བྱ་ཡུལ་གང་སར་བལ་ཡུལ་གཞུང་ཕྱོགས་ནས་ཉེན་རྟོག་པ་མང་པོ་བཀྲམ་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།