བཀའ་ཁྲི་མཆོག་ཨ་རི་དང་ཡོ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༥ཉིན། ཟླ་འདིའི་ཕྱི་ཚེས་༡༦ཉིན་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག ད་ལྟ་བོད་ནང་དུ་ཛ་དྲག་གི་གནས་སྟངས་འགྲེལ་བརྗོད་བཅས་ཀྱི་ཆེད། ཨ་རི་དང༌། ཁེ་ན་ཌ། ཡོ་རོབ་ཁུལ་བཅས་ཀྱི་ཁུལ་དུ་དུས་ཡུན་བདུན་ཕྲག་༢རིང་གི་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད།

དེ་ཡང་ཕྱི་ཚེས་ ༡༥ ཉིན་ཕྱི་དྲོར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་བཞུགས་སྒར་ངྷ་སར་ཕེབས་ཐོན་གྱིས་གྷ་གྷལ་གནམ་གྲུ་བརྒྱུད་ལྡི་ལིར་འབྱོར་རྒྱུ་དང༌། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ལོན་ཌོན་དང༌། དེ་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཕེབས་ཡོད་པ་རེད། ཕྱི་ཚེས་ ༡༧ ནས་ ༢༠ ཉིན་བར་བཀའ་ཁྲི་མཆོག་སྒེར་གྱི་གུང་གསེང་ལ་བཞུགས་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་ཨ་རིའི་གཙུག་ལག་སློབ་ཆེན་ཞིག་ཏུ་གཏམ་བཤད་སྤེལ་ཡོད།

ཕྱི་ཚེས་ ༢༥ ནས་ ༢༦ ཉིན་བར་ནེའུ་ཡོག་དང་ཊོ་རོན་ཊོ་ཁུལ་གྱི་ས་གནས་བོད་མི་ཚོར་བོད་ནང་གི་གནས་སྟངས་སྐོར་གཏམ་བཤད་གནང་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༢༧ ནས་ ༢༩ ཉིན་བར་ཨི་ཊ་ལིའི་ལྷོ་ཊེ་རོལ་ (South Tyrol)  དང་ཊེ་རིན་ཊི་ནོ་(Trentino)  ཁུལ་གྱི་དཔོན་རིགས་ཚོར་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་ངོ་སྤྲོད་དང༌། ཤེས་ཡོན་བསྟི་གནས་ཁང་ཞིག་ཏུ་མང་ཚོགས་ལ་གཏམ་བཤད་བཅས་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཁོང་གི་གཟིགས་སྐོར་སྐབས། ཨར་ལན་ཌིའི་རྒྱལ་སར་ཡོད་པའི་ (College Historical Society of Trinity College) མཐོ་སློབ་ཀྱིས། བཀའ་ཁྲི་མཆོག་ལ་ཆེ་བསྟོད་གསེར་གྱི་གཟེངས་རྟགས་ཤིག་འབུལ་འཆར་ཡོད་འདུག ཕྱི་ཟླ་༣པའི་ཚེས་༣ཉིན་བཀའ་ཁྲི་མཆོག་ཕྱིར་དྷ་རམ་སར་ཕེབས་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།