རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་སྲུང་བརྩི་དང་བགྲོ་གླེང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༡ཉིན། དེ་རིང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གོ་སྒྲིག་འོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང༌། རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་སྲུང་བརྩི་དང་སྟབས་བསྟུན། བོད་ཀྱི་༼སྐད་ཡིག་བགྲོ་གླིང་༽ཞིག་གོ་སྒྲིག་བྱས་འདུག

བོད་ཀྱི་སྐད་ཡིག་གི་བགྲོ་གླེང་དེའི་ཐོག་རྩོམ་པ་པོ་གཡང་མཁོ་རྒྱལ་ལགས་དང༌། རྩོམ་པ་པོ་ནཱ་ག་སངས་རྒྱས་བསྟན་དར་ལགས། རྩོམ་པ་པོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས། རྩོམ་པ་པོ་རྡོ་རྗེ་དབང་ཕྱུག་ལགས་བཅས་རང་དབང་གི་རྩོམ་པ་པོ་དང༌། དེ་བཞིན་སྤྱི་ཚོགས་མེ་ལོང་གི་རྩོམ་སྒྲིག་པ་རྡོ་རྗེ་ཚེ་རིང་ལགས་དང༌། བོད་ཀྱི་བང་ཆེན་གསར་ཁང་གི་གསར་འགོད་པ་ཆོས་ཉིད་འོད་ཟེར་ལགས། བོད་ཀྱི་ཤེས་བྱ་དུས་དེབ་ཀྱི་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་བཅས་གདན་འདྲེན་ཞུས་འདུག

སྐབས་དེར་བགྲོ་གླེང་གནང་མཁན་རྩོམ་པ་པོ་དང་རྩོམ་སྒྲིག་པ་བཅས་ནས་མི་རེས་དུས་ཡུན་སྐར་མ་༥རེར་བེད་སྤྱོད་ཀྱིས་བོད་བོད་སྐད་ཡིག་གི་འཇིགས་ཉེན་དང༌། དཀའ་ངལ། ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་སྐོར་གསུང་བཤད་དང༌། དེ་བཞིན་དུ་ཟུར་ཉན་པ་མི་མང་དང་གསར་འགོད་པ་བཅས་ནས་ཀྱང་བསམ་ཚུལ་དང་དྲི་བར་དྲིས་ལན་སོགས་སྔ་དྲོ་ཆུ་ཚོད་༩དང་ཕྱེད་ཀ་ནས་ཉིན་གུང་ཆུ་ཚོད་༡༢དང་ཕྱེད་ཀ་བར་བགྲོ་གླེང་ལྷུག་པོ་གནང་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།