འདི་ལོའི་རྐང་སྤོལ་གསེར་ཕོར་མོན་གྷོལ་པོ་ཏ་ལ་རྐང་སྤོལ་རུ་ཁག་ལ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡༠ཉིན་སྤེལ། སྐབས་བཅོ་ལྔ་པའི་རྒྱལ་ཡུལ་ཆེན་མོའི་གསེར་གྱི་ཕོར་པའི་རྟགས་མ་རྐང་རྩལ་སྤོ་ལོ་འགྲན་བསྡུར་དེ། ཕྱི་ཚེས་༡༣ཉིན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་འགོ་འཛུགས་གནང་ཡོད་ཅིང༌། ཐེངས་འདིའི་འགྲན་བསྡུར་ཁྲོད་ས་ཁུལ་སོ་སོ་ནས་འགྲན་ཞུགས་བྱས་པའི་རྐང་སྤོལ་རུ་ཁག་བཅུ་དགུ་ཡོད་ལ།  རྒྱ་གར་ལྷོ་ཕྱོགས་མོན་གྷོལ་པོ་ཏ་ལ་རྐང་སྤོལ་རུ་ཁག་དང་རྒྱ་གར་ལྷོ་ཕྱོགས་མ་དྷི་ར་སིའི་སློབ་ཕྲུག་ཚོགས་པའི་རྐང་སྤོལ་རུ་ཁག་གཉིས་ཀྱིས་མཐའ་མའི་རྩེད་འགྲན་ནང་ཞུགས་ཏེ་མོན་གྷོལ་པོ་ཏ་ལའི་རུ་ཁག་གིས་སྤོ་ལོ་༤བླུགས་ཏེ་ཨང་དང་པོ་བླངས་ཏེ་སྐབས་༡༥པའི་རྩེད་འགྲན་ཆེན་མོའི་གསར་གྱི་ཕོར་པའི་རྟགས་པ་ཐོབ་ཡོད་པདང༌། མ་དྷི་ར་སིའི་སློབ་ཕྲུག་ཚོགས་པའི་རྐང་སྤོལ་རུ་ཁག་གིས་སྤོ་ལོ༣བླུགས་ནས་ཨང་གཉིས་པ་ཐོབ་ཡོད་པ་རེད། ལྟད་མོ་བ་བརྒྱ་ཕྲག་མང་པོའི་དགའ་འབོད་ཁྲོད་སྐབས༡༥པའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་མཇུག་ལེགས་པོར་བསྡུས་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།