ཟམ་གདོང་རིན་པོ་ཆེ་མཆོག་ལ་ལས་གནས་དགོངས་ཞུའི་བཀའ་ཁྲོལ་མ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡༠ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད ༧སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རི་དང་ཡོ་རོབ་ཡུལ་གྲུ་ཁག་ནང་མཛད་འཕྲིན་ཆིབས་བསྒྱུར་མ་བསྐྱངས་པའི་ཟླ་སྔོན་མའི་ཟླ་འགོར། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆེད་དུ་བཀའ་བློན་ཁྲི་པའི་ལས་གནས་ནས་དགོངས་པ་ཞུ་འདོད་ཀྱི་སྙན་སྐུལ་ཞུས་ཡོད་ཀྱང༌། ྋགོང་ས་རྒྱལ་བ་རིན་པོ་མཆོག་གིས་དགོངས་ཁྲོལ་བསྩལ་ཡོད་མི་འདུག

 ༢༠༠༦ལོའི་བཀའ་བློན་ཁྲི་པའི་འོས་འདེམས་ནང་ཟམ་གདོང་རིན་པོ་ཆེ་མཆོག་བསྐྱར་དུ་བཀའ་ཁྲིར་འདེམས་ཐོན་བྱུང་ཡོད་ཅིང༌། ཐེངས་རྗེས་མའི་བཀའ་ཁྲིའི་འོས་འདེམས་དེ་ཕྱི་ལོ༢༠༡༡ལོར་གཏན་འཁེལ་ཡོད། ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཁྲིའི་ལས་གནས་ནས་དགོངས་ཞུ་གནང་སྟེ་ཐེངས་རྗེས་མའི་བཀའ་ཁྲིའི་དངོས་གཞིའི་འོས་འདེམས་ད་ལྟ་འགོ་འཛུགས་ཀྱིས་བཀའ་ཁྲི་གསར་པ་གཞོན་སྐྱེས་ཤིག་གོ་སྐབས་འབུལ་རྒྱུ་དང༌། གཞོན་སྐྱེས་ཤིག་ལེགས་འདེམས་དགོས་ལུགས་ཀྱི་རེ་འདུན་བཏོན་ཡོད་ཀྱང༌། ྋགོང་ས་མཆོག་གིས་ཁོང་ལ་ལས་གནས་དགོངས་ཞུའི་བཀའ་ཁྲོལ་བསྩལ་ཡོད་མི་འདུག
 བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཁོང་ད་ལྟའི་བཀའ་ཁྲིའི་ལས་གནས་ནས་དགོངས་ཞུ་གནང་དགོས་དོན་ཨེ་ཤི་ཡ་རྒྱ་གར་གསར་ཁང་དུ་འགྲེལ་བརྗོད་གནང་དོན། ངོས་རང་བཀའ་ཁྲིའི་ལས་གནས་ནས་མར་འབབ་དོན་ནི་ཤེས་འཇོན་གཉིས་ལྡན་གྱི་བོད་རིགས་གསར་སྐྱེས་ན་གཞོན་དག་ལ་གོ་སྐབས་སྤྲོད་སླད་ཡིན་པ་ལས། འཛིན་སྐྱོང་བཀའ་ཤག་ནང་མི་མཐུན་པའི་ལྟ་བ་དང་བསམ་ཕྱོགས་འཁྱེར་མཁན་བྱུང་བས་སྟབས་རེད་ཟེར་ན་ནོར་འཁྲུལ་རེད། ངས་བཀའ་ཁྲིའི་ལས་གནས་ནས་དགོངས་ཁྲོལ་ཞུ་རྒྱུའི་ལེགས་གསོལ་གནང་ཡང༌། བཀའ་ཤག་གིས་མོས་མཐུན་བཀའ་ཁྲོལ་ཕེབས་མ་སོང༌། ཞེས་གསུང་ཡོད་འདུག
 ཟམ་གདོང་རིན་པོ་ཆེ་མཆོག་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ལས་གནས་བཀའ་ཁྲིའི་འོས་འགན་བཞེས་ཡོད་ལ། བཙན་བྱོལ་བོད་གཞུང་ནི་ཁྲིམས་མཐུན་སྲིད་གཞུང་ཞིག་ཏུ་རྒྱལ་ཁབ་གང་གིས་ཀྱང་ངོས་ལེན་བྱེད་ཀྱིན་མེད་མོད། མང་གཙོའི་ཀ་བ་གསུམ་ལྡན་གྱི་གཞུང་འདིས་བཙན་བྱོལ་བོད་མི་༡༠༠༠༠༠ལྷག་ལ་བལྟ་སྐྱོང་དང་སྣེ་ཁྲིད་བྱེད་བཞིན་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།