ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་༤༢པ་དབུ་འཛུགས་གནང་བ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༠ཉིན། མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༢པ་དེ་རྒྱལ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་དབུ་འཛུགས་གནང་ཡོད་པ་དང༌། དབུས་དང་ས་གནས་ཁག་འདྲ་མིན་ནས་ཁྱོན་མི་གྲངས་༡༠༠ཡས་མས་ཤིག་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་རེད།

ལྷན་ཚོགས་དེ་ཉིད་ཟླ་འདིའི་ཕྱི་ཚེས་༡༠ནས་༡༢བར་ཁྱོན་ཉིན་གྲངས་༣རིང་འཚོགས་འཆར་ཡོད་འདུག་ལ། ཉིན་དང་པོར་ཐོག་མར་སྐུན་མགྲོན་རྣམས་བཞུགས་གྲལ་འཁོད་མཚམས་སུ་ཚོགས་གཙོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེནག་སུམ་དང་མཇལ་དར་ཕུལ་བ་དང༌། དེ་མཚུངས་སུ་ཛ་སག་ཨ་འབྲུག་མགོན་པོ་བཀྲིས་མཆོག་གི་སྐུ་པར་ལ་མཇལ་དར་བཅས་ཕུལ།

དེ་རིང་ཚོགས་འདུའི་དབུ་འཛུགས་ཉིན་མོར་ཐོག་མར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་༤༢པའི་ཚོགས་ཆེན་ངོ་སྤྲོད་གཏམ་བཤད་དང༌། དེ་རྗེས་སྐབས་༡༩པའི་དབུས་རྒྱུན་རྣམས་ཀྱིས་ལས་དོན་སྙན་སྒྲོན་བཅས་རིམ་པར་གནང༌།

ཐེངས་འདིའི་ལྷན་ཚོགས་ཐོག་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་སྔར་ལྷག་ཚགས་ཚུད་དང་འབྱུང་འགྱུར་ཇི་དགེ་ཐད་བགྲོ་གླེང་དང༌། ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་རྣམ་པའི་ལས་བསྡོམས་སྒྲོགས་སྦྱོང་གནང་རྒྱུ། བོད་བསྟན་སྲིད་མི་རིགས་རིག་གཞུང་སྤྱི་དང་མདོ་ཁམས་ཆུ་སྒང་སྒྲིགས་འཛུགས་ལ་སྨན་པའི་མཛད་ཕྱོགས་ཐད་བགྲོ་གླེང༌། རྩིས་ཞིབ་པ་རྣམ་པས་རྩིས་ཞིབ་སྙན་ཐོ་སྒྲོགས་སྦྱོང༌། མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་༢༠༡༢་༢༠༡༣ལོའི་སྔོན་རྩིས་བཀའ་འཁྲོལ་དང་གཏན་འབེབས་བཅས་གནང་རྒྱུ་རེད་འདུག

གཞན་ཡང་ཆུ་སྒང་སྒྲིག་འཛུགས་འདིའི་དབུས་ས་གཉིས་ཐད་ནས་ཡར་རྒྱས་དང་ཚགས་ཚུད་ཆེད་གང་ཞིག་གནང་དགོས་ཀྱི་སྟོང་ཆ་ཁ་སྐོང་དང༌། སྔར་ཡོད་གོང་འཕེལ་ཕྱོགས་གང་དགེ་གོ་བསྡུར་དགོངས་འཆར་གནང་རྒྱུ། ཕྲུ་གུ་མཐོ་སློབ་སློབ་ཡོན་ཞུ་མཁན་རྣམས་ཀྱི་མིང་གཞུང་རྒྱན་དཀྲུགས་ཞུ་རྒྱུ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་འབྲུ་དོན་རེ་རེ་བཞིན་ཐག་གཅོད་གནང་རྒྱུ། གྲོས་གཞི་གྲོས་ཆོད་ཁག་གཏན་འབེབས་གནང་རྒྱུ། དྷ་སའི་ཆུ་སྒང་རིག་གནས་སློབ་གླིང་གི་དབྱིན་དགེ་ལགས་སུ་ལེགས་བྱས་གཟེངས་བསྟོད་བཅས་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (20)
20 ༡༧༢༠༡༢༠༡༠༡
དྲ་གྲོགས་སྲོང་བཙན་སྒམ་པོ་དང་མ་ཚད་ཁྱེད་དང་བློ་ཁ་གཅིག་པའི་དྲ་གྲོགས་ཡོངས་ལ་ཞུ་རྒྱུར། ཁྱེད་རྣམ་པས་གཞོན་ནུས་མ་བྱས་པ་དང་མ་འཇོན་རབ་ལུང་པ་གང་ལབ་གླེང་བྱེད་རྒྱུ་འདུག། ༡ འོ་ན་བོད་བཙན་ཤོར་གཅུག་མཁན་དེ་གཞོན་ནུ་རེད་བས།༢ གཞོན་ནུ་ལས་ལྷག་པའི་ཁ་ཡོད་ལག་ཡོད་གིས་བོད་གཞིས་བྱེས་གཉིས་ལ་ཕན་ཐོག་མཁན་གྱི་ཚོགས་པ་སུ་སྟོན་རྒྱུ་ཡོད། ༣ བོད་པས་བོད་རང་བཙན་བརྩོད་པ་དེ་ནོར་འཁྲུལ་རེད་ཟེར་ན་འོ་ན་བོད་པ་ལ་བོད་རང་བཙན་མི་དགོས་རེད་བས། ༤ བཙན་བྱོལ་དུ་འབྱོར་བའི་བོད་པ་ཡོངས་རྫོགས་མི་རབས་ནས་མི་རབས་སྐྱབས་བཅོལ་དུ་བསྡོད་པའི་འདོད་པ་ཡོད་རེད་བས། ༥ རྒྱ་ནག་གིས་རྒྱལ་དར་མེ་སྲེག་བྱེད་རྒྱུ་དེ་དམར་ཤོག་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་ཙམ་ཞིག་ལས་རྒྱ་མི་རིགས་ལ་མ་དགའ་བའི་རྣམ་འགྱུར་དང་རྒྱ་བོད་བར་འགལ་ཟླ་ཡོང་ཆེད་རེད་བས། ༦ ལས་འགུལ་དང་མི་མངས་སྣེ་ཁྲིད་མཁན་གྱི་ཚོགས་པ་དང་རྒྱ་ནག་དམར་པོས་གཞུང་སྐྲག་ས་དེ་གཞོན་ནུ་ཙམ་ལས་གཞན་པའི་ཚོགས་པ་སུ། ༧ བོད་པས་བོད་རང་བཙན་བརྩོད་པ་དེ་རྒྱལ་བའི་བཀའ་དགོངས་དང་འགལ་གི་ཡོད་ན་འོ་ན་རྒྱལ་བ་རིན་པོ་ཆེས་ལམ་དབུ་མའི་ལྟ་བ་ལས་གཞན་པ་ང་ཚོར་ཐབས་ཤེས་མི་འདུག་གསུངས་པའི་ཚིགས་དེས་དངོས་ཤུགས་ལ་བསམ་བློ་ཐོང་དང་རྒྱལ་བའི་བཀའ་དགོངས་དང་འགལ་གི་འདུག་བས་བོད་རང་བཙན་དེ་རྒྱལ་བའི་ཞེ་འདོད་དང་འགལ་གི་འདུག་བས། ༩ རྒྱ་ནག་གི་སྐྱོན་བརྗོད་ཏིག་ཙམ་བྱས་པ་དེ་ལ་སྐྲག་ནས་གཞོན་ནུས་ལས་འགུལ་སྤེལ་ཕྱོགས་ནོར་འདུག་ཟེར་ན་འོ་ན་རྒྱ་ནག་གིས་དུས་དང་རྣམ་པ་ཀུན་དུ་རིན་པོ་ཆེ་དང་བཙན་བྱོལ་གཞུང་ལ་སྨད་ར་དང་སྐུར་འདེབས་དང་མི་རིགས་ཁ་བྲལ་གཏོང་མཁན་གྱི་ཇག་པ་རེད་ཟེར་ནས་འཛམ་གླིང་ཡུལ་གྲུ་ཀུན་ལ་འཕྱ་སྨོད་བྱེད་པ་དེ་རིན་པོ་ཆེ་དང་བཙན་བྱོལ་གཞུང་གིས་བཙན་བྱོལ་གཞུང་བཟུང་བ་དེ་ནོར་བ་རེད་བས། ༡༠ ཁྱེད་ཀྱི་དཔྱད་ན་གཞོན་ནུས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྤེལ་སྟངས་དཔེར་ན་དུས་དབང་སྐབས་སུ་ཡིན་ན་ཡང་སྐད་ཀྱི་གོ་བརྡ་མི་འཕྲོད་སར་སྐད་ཤེས་མཁན་གཏོང་རྒྱུ་དང་ལོང་བ་ཚོ་ཁྲིད་མཁན་ནད་པ་ཚོ་སྨན་ཁང་དུ་བསྐྱལ་མཁན་དང་ཤི་བོས་ཕུང་པོ་བདག་པོ་རྒྱབ་རྒྱུ་སོགས་མདོར་ན་གསར་འབྱོར་ཡིན་ན་ཡང་འདྲ་གཞིས་ཆགས་ཡིན་ན་ཡང་འདྲ་བོད་པས་བོད་ལ་རོགས་པ་དགོས་དུས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཡོད་པའི་ཚོགས་པ་འདི་མགོ་འཇུག་བསྒྱུར་རོགས་ཟེར་ནས་མི་མངས་ལ་རེ་བ་རྒྱག་དགོས་པའི་རྒྱུ་མཚན་ཅི། ༡༡ གཞོན་ནུ་མེད་ན་བོད་པ་ཚང་མས་བརྩོད་བཞིན་པའི་བོད་ཀྱི་རྩ་དོན་ངོ་མ་རང་བཙན་ཟེར་བའི་ཚིགས་དེ་དྲན་པ་བརྗེད་གི་ཡོད་པ་སྨྲོས་མེད་རེད་མ་རེད། ། ༡༢ ང་ཚོས་འཐབ་བརྩོད་ངོ་མ་དེ་བོད་དུ་ཡོད་པའི་བོད་མིས་མངོན་འདོད་དེ་དང་འབར་བཞིན་པའི་མེ་ལྕེས་ནང་ནས་བོད་རང་བཙན་ཡིན་རྒྱལ་བ་བསྟན་འཛིན་རྒྱལ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཟེར་བའི་ཆེས་ཐ་མའི་ཁ་ཆེམ་དེ་ཚོ་མིན་ན་འཐབ་བརྩོད་ཅི་ཡི་ཆེད། ༡༣ང་ཚོར་བོད་པ་ཚང་མར་མགོ་ལ་བཞུགས་པའི་དབུ་ཁྲིད་བཟང་པོ་ཞིག་ཡོད་ཡོད་པ་ལ་གཞན་པའི་དབུ་ཁྲིད་རེ་དགོས་པའི་རྒྱུ་མཚན་ཅི། ༡༤ བོད་དེ་རང་བཙན་ཡིན་བཞིན་དུ་རང་བཙན་གཞན་དབང་དུ་ཤོར་སྐབས་ང་ཚོས་རང་བཙན་དེ་ང་ཚོར་སློག་རོགས་ཟེར་དུས་རྒྱལ་བའི་བཀའ་དགོངས་དང་འགལ་དོན་ཅི
19 ༡༦༢༠༡༢༢༡༠༤
དྲ་གྲོགས་རྣམ་པ་ལྷན་རྒྱས་ལ། གུས་པ་ལྟ་བུ་ཡིན་ན་གཞོན་ནུ་ཚོགས་པ་དང་ད་ལྟའི་ཆུ་སྒང་ཚོགས་པ་སོགས་ཀྱི་བོད་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་ཁ་ཡོད་ལག་ཡོད་ཀྱི་བྱ་བཞག་ཅིག་སྒྲུབ་ཀྱིན་རེད་སྙམ་པའི་རེ་བ་ནམ་ཡང་མེད། རྒྱུ་མཚན་ནི་གཞོན་ནུའི་ལས་འགན་ནམ་སྤེལ་ཡང་༸གོང་ས་མཆོག་གི་བཀའ་དང་འགལ་བའི་ལས་འགན་ཞིག་སྤེལ་གྱི་རེད། ཆུ་བཞི་སྒང་དྲུག་ཡིན་ཡང་བྱེས་སུ་འབྱོར་བ་ནས་སྤྱིར་བོད་རྒྱལ་ཁབ་ལ་ཕན་པ་དང་སྒེར་སུ་མདོ་ཁམས་མི་མང་ལ་ཕན་པའི་བྱ་བ་སྣ་གཅིག་ཀྱང་བྱས་མྱོང་མེད་པ་མ་ཟད་༸ཀུན་འདུས་ཡིད་བཞིན་ནོར་བུ་ཐུགས་ཕམ་ཡོང་བའི་བྱ་བ་མ་མང་ཀྱང་མི་ཉུང་བ་བྱས་ཡོད། མདོ་བསྟོད་མི་མང་གི་ཆིལ་སྒྲིལ་ལ་ཕན་ལས་གནོད་ཆེ་བ་མཐོང་། ཆུ་སྒང་འདི་ཕན་ཐོག་བྱེད་མཁན་ཞིག་ཡིན་ན་བྱེད་རྒྱུའི་གོ་སྐབས་དང་ནུས་པ་ཡོད་པ་ཞིག་རེད། མིང་གི་ཆ་ནས་འཛམ་གླིང་ཡོངས་སུ་གྲགས་ཡོད། ནུས་པའི་ཆ་ནས་རྡོར་རྗེ་གླིང་དང་། ལྡི་ལི། རྡ་རམ་ས་ལ་སོགས་སུ་ས་ཆ་དང་ཟ་ཁང་མང་པོ་ཡོད་པ་རེད། འོན་ཀྱང་དེ་དག་ཚང་མ་འདས་པའི་ནང་སྒེར་གྱི་བདག་བཟུང་བྱས་ཏེ་མདོ་ཁམས་མི་མང་ལ་ཕན་ཐོག་གང་ཡང་བྱུང་མེད། ཕན་ཐོག་མེད་པའི་གོང་དུ་བོད་གཞུང་གི་མ་འགྲིགས་པ་དང་མ་འཇོན་པ་རྐྱང་རྐྱང་བཤད་དེ་ལོ་ལྔ་བཅུ་ཕྱིན་པ་རེད་ཅེས་ལབ་ནའང་མི་ཆོག་པ་མེད་སྙམ།
18 ༡༦༢༠༡༢༡༠༡༩
དྲ་གྲོགས་དགྲ་ལྷ་ལགས། ཁྱེད་གིས་ཆུ་སྒང་གི་རྒྱུན་ལས་ཆུ་སྒང་གཉིས་སུ་བཟོ་མཁན་ཆུ་སྒང་སྤྱི་མིང་མིན་པའི་ཐོག་བྱེ་བྲག་པ་དེས་མིང་དང་དུས་ཚོད་དང་ས་ཆ་དང་མ་ཚད་དཔང་ཡིག་སོགས་ཡོད་ངེས་པས་ཕྲན་དང་་དྲ་གྲོགས་ཡོངས་ལ་མིང་འདོན་སོགས་གསལ་པོ་བྱེད་རྒྱུ་དང་མ་ཚད་གཞོན་ནུས་རྒྱུན་ལས་ངེས་ཅན་ཞིག་གི། འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་གཙུག་རྒྱན་། གོའུ་ཏམ་ཐུབ་དབང་གཉིས་པ་། ངས་གོའུ་ཏམ་ཐུབ་དབང་གཉིས་པ་ཟེར་ནས་ཞུ་དགོས་པའི་རྒྱུ་མཚན་ནི་། སྔར་བདག་ཅག་གིས་སྟོན་པ་ཞལ་བཞུགས་པའི་དུས་སུ་ནང་ཆོས་དར་སྤེལ་མ་ཐུབ་པ་དང་མ་ཁྱབ་པའི་ས་ཁུལ་དག་ཏུ་གོང་ས་ཡིད་བཞིན་ནོར་བུ་གཅིག་པུའི་ཐུགས་རྗེ་དང་བཀའ་དྲིན་ལ་བརྟེན་ནས་ནང་ཆོས་དར་སྤེལ་གཏོང་གནང་ཡོད། མ་ཚད་ཆོས་རྒྱུད་ཁག་ཕན་ཚུན་འཆམ་མཐུན་གནང་ཐུབ་མཁན་དེ་ཡང་གོང་ས་མཆོག་གཅིག་པུ་ཙམ་ཡིན་དུས། ངས་དེ་ལ་གངས་ལྗོངས་ཐུབ་དབང་གཉིས་པ་ཟེར་ནས་འབོད་གི་ཡོད། ཁོང་ལས་འགུལ་སྣེ་ཁྲིད་ལ་ཕེབས་རོགས་ལབ་འདུག་ཟེར་དྲ་གྲོགས་དགྲ་ལྷ་མིང་ཅན་མཁན་ཞིག་ནས་ང་ལ་ཤེས་རྟོགས་བྱུང་མ་སོང་བས་གསུངས་གི་འདུག་། ངས་ཧ་གོ་མ་བྱུང་ཟེར་ནས་ཞུ་རྒྱུ་ཡིན། ཁྱེད་གིས་སྤྱི་མིང་བྱེ་བྲག་པ་ཞིག་ལ་བཏགས་ནས་གསུངས་འདུག་། དྲ་གྲོགས་དགྲ་ལྷ་ལགས། བྱེ་བྲག་པ་གཞོན་ནུས་རྒྱུན་ལས་མིང་ཅན་དེ་ཡི་མིང་དང་ཟེར་བའི་དུས་ཚོད་དང་ཟེར་བའི་ས་ཆ་ཚང་མ་དྲ་རྒྱའི་ནང་དུ་དྲ་གྲོགས་ཡོངས་ལ་མིག་སྔར་མིང་འདོན་སོགས་ཡོད་པར་ཞུ། དེ་འདྲ་མེད་ན་དེ་ནི་ཁྱེད་ཀྱི་གསུངས་པ་དེ་ཚོའོའོའོའོའོའོའོའོའོའོའོ། མ་ཚད་ང་རང་ཚོར་ཡང་དམངས་གཙོའི་གཞུང་གིས་འོག་དམངས་གཙོས་ལྟ་སྐྱོངས་འཛིན་གསུམ་ལག་ལེན་ལ་འཇུག་པའི་དུས་སྐབས་ཞིག་ཡིན་དུས་མ་འགྲིགས་ན་སྐྱོན་བརྗོད་བྱེད་པའི་ཐོབ་ཐང་ཆ་ཚང་ཡོད་ཙམ། སྤྱི་མིང་དེ་བྱེ་བྲག་ལ་མ་བཏགས་ནས་ཁ་གསལ་པོ་གོ་བདེ་པོ་ཡོད་པའི་དྲ་ལན་ཡོད་པར་ཞུ།
༄༅། །དགྲ་ལྷ་ལགས་གཞོན་ནུའི་རྒྱུན་དེ་མིང་འདོན་གནང་ཪོགས། གང་ཡིན་ཞེ་ན། ད་བར་དུ་གཞོན་ནུའི་ཚོགས་པ་འདི་བོད་པའི་སྤྱི་ཚོགས་ནང་ལ་ཕན་འབྲས་ཆེ་ཤོས་ཀྱི་ཚོགས་པ་ཞིག་རེད། དེ་ལ་མིང་ངན་མ་ཡོང་བའི་ཆེད་དུ་ཡིན། ༸གོང་ས་མཆོག་ལའང་དེ་འདྲ་འཞུས་ནུས་པའི་་བོད་མི་འགའ་སྲིད་པ་རེད། ཚིག་དེ་བོད་མི་རིགས་ལ་ཕན་པའི་ཕྱིར་ཡིན་ནམ། ༸གོང་ས་མཆོག་ལ་སྙོན་འཛུག་བྱས་པ་གང་ཡིན་བརྟགས་དགོངས། ༸གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་མ་བཞག་གོང་དུ་ཡང་། དེ་འདྲ་རང་ཞུ་མཁན་བྱུང་སོང་། ད་ཡིན་ན། མཁྱེན་ཡངས་བོད་རིགས་ཡོངས་ཀྱིས་རིག་པ་བསྦྲིམས་དགོས་པའི་དུས་ལ་སླེབས་འདུག
16 ༡༥༢༠༡༢༡༧༥༠
དྲ་གྲོགས་ལགས། ཁྱེད་གྱི་གསུངས་ན་ཆུ་སྒང་དང་གཞོན་ནུས་རྒྱལ་བའི་སྐུ་ཕྱྭ་ཐོག་ལ་སེམས་འཁུར་མེད་པའི་ཐོག་གཞོན་ནུའི་རྒྱུན་ལས་ཞིག་གིས་ལས་འགུལ་གྱི་སྣེ་ཁྲིད་རིན་པོ་ཆེ་ཕེབས་རོགས་ཟེར་བ་དེ་རིན་པོ་ཆེ་དཀྲོངས་བསམ་གི་ཡོད་རེད་ཟེར་གི་ཡོད་རེད་བ། ངས་བྱས་ན་གཞོན་ནུས་རྒྱུན་ལས་དེ་བསམ་བློ་ཞིབ་ཁྲ་གཏོང་ནས་ལབ་པ་ཞིག་ཡིན་པ་འདྲ། གང་ཡིན་ཞེ་ན། སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་ནས་ལས་འགུལ་ཆེ་ཆུང་ག་འདྲ་བྱས་ན་ཡང་གཙོ་བོ་དེ་ལམ་དབུ་མའི་སྲིད་བྱུས་ཐོག་ལས་འགུལ་དེ་མིང་དོན་འཚུང་པ་ཡོང་བ་གང་ཞིག་ལ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་པ་དང་བོད་དོན་རྒྱབ་བ་ཚོས་ཤུགས་རྒྱབ་ནས་འཛམ་གླིང་ཡུལ་གྲུ་ཀུན་གྱིས་ཕྱ་གྲུ་མཉམ་འདེབས་ཡོང་བའི་ཆེད་དུ་ལབ་པ་ཙམ་ལས་རིན་པོ་ཆེས་སྐུ་སྲོག་ལ་གནོད་སྐྱོན་ཡོང་བའི་རེ་བས་ལབ་པ་ཞིག་ཨ་ཡིན་ན། མ་ཚད་ཆུ་སྒང་གསར་རྙིང་གཉིས་སུ་གྱེ་ནས་ད་ང་ཚོར་ཆུ་སྒང་གཉིས་སུ་གྱུར་སོང་རྒྱལ་བའི་སྐུ་ཕྱྭ་ལ་འགན་འཁྲི་མེད་ཟེར་ལབ་ཨ་ཡོད་ན། ཆུ་སྒང་གཉིས་སུ་གྱེ་བ་དེ་མདོ་སྟོད་མི་མངས་གིས་གདམ་ཁ་ཞིག་མ་རེད་ཁྱེད་ཀྱི་གསུངས་པ་ནང་བཞིན་རྒྱུན་ལས་ག་གེ་མོ་ཞིག་གིས་ཐབས་བྱུས་ཡིན་སྲིད། ཡིན་ན་ཡང་ཆུ་སྒང་གཉིས་སུ་གྱུར་བ་དེས་རྒྱལ་བའི་སྐུ་ཕྱྭ་ཐད་ལ་གནོད་སྐྱོན་ཕོག་གི་ཨ་ཡོད་ན། ཆུ་སྒང་གི་རྒྱུན་ལས་ག་གེ་མོ་ཞིག་གིས་ཆུ་སྒང་གཉིས་སུ་དབྱེ་བ་དེས་རྒྱལ་བའི་སྐུ་ཕྱྭ་དང་བོད་ཀྱི་རྩ་དོན་ལ་ཕན་ཐོག་ཡོད་པར་གཟིགས་ནས་དབྱེ་བ་ཞིག་ཡིན་ན་སུས་ཧ་གོ་ཁྱེད་ཀྱི་མཁྱེན་ནམ། གཙོ་བོ་དེ་ཡིད་བཞིན་ནོར་བུ་དབུ་བཞུགས་ཐོག་ཆུ་སྒང་དང་གཞོན་ནུ་དང་བུད་མེད་ཚོགས་པ་དང་དགུ་བཅུ་གསུམ་སོགས་བོད་ཀྱི་ཚོགས་པ་ཆེ་ཆུང་ག་ཚད་ཡོད་པ་དེ་ཚོས་ཚོགས་པ་རེ་རེས་སོར་སོའི་ཚོགས་པ་ག་ཚད་མང་རུ་གཏོང་ཀྱང་བོད་ཀྱི་རྩ་དོན་ལ་ཕན་ན་ངས་དཔྱད་ན་མ་འགྲིགས་པ་གང་ཡང་མཐོང་གི་མི་འདུག། ཚོགས་པ་མང་རུ་གྱུར་པ་དེས་རྒྱལ་བའི་སྐུ་ཕྱྭ་དང་བོད་ཀྱི་རྩ་དོན་ལ་དེ་ཙམ་གྱི་ཕན་ཐོག་ཆེ་བ་མཐོང་གི་འདུག་ལགས། ད་དུང་ངས་བསམ་བློའི་མ་མཐུས་པ་དང་མ་འདང་བ་དེ་འདྲ་འདུག་ན་ལམ་སྟོན་ཡོད་པ་ཞུ
15 ༡༤༢༠༡༢༢༡༣༨
དྲ་གྲོགས་མཚོ་ནག་ལགས་་་་་་་་་ཆུ་བཞི་སྒང་དྲུག་གསར་རྙིང་གཉིས་སུ་གྱེལ་བ་དེ་མདོ་སྟོད་མི་མང་གི་འདོད་པ་རེད་དམ། ཆུ་སྒང་གི་རྒྱུན་ལས་ག་གེ་མོ་དེ་ཚོའི་བཟོས་པ་རེད། བར་ལམ་གཞོན་ནུའི་རྒྱུན་ལས་མིང་ཅན་ཞིག་གི་༸ཡིད་བཞིན་ནོར་བུ་ལ་དངོས་སུ་༸ཀུན་འདུས་ཁྱོད་རང་སྐད་འབོད་བྱེད་སར་ཕེབས་དགོས་པའི་སྙན་སྒྲོན་ཞུས་ཡོད་པ་ཤེས་རྟོགས་བྱུང་ངམ། ༸གོང་ས་མཆོག་གི་སྐུ་ཕྱའི་ཐོག་བོད་གཞུང་བདེ་སྲུང་ལས་ཁུངས་དང་རྒྱ་གར་གཞུང་གཉིས་ལས་ལྷག་ཅིག ཆུ་བཞི་སྒང་དྲུང་དང་གཞོན་ནུ་ཚོགས་པ་སོགས་ལ་ག་རེ་བྱེད་རྒྱུ་ཡོད་རེད། དེ་ཚོའི་རྫུན་གཏམ་བཤད་དེ་བོད་མི་མང་མགོ་སྐོར་གྱིན་ཡོད་རེད།
གཞིས་བཞུགས་མདོ་ཁམས་མི་རིགས་རྣམ་པས་བོད་དུ་རྒྱལ་ཁབ་དོན་རང་སྲོག་བློས་གཏོང་བྱེད་བཞིན་ཡོད་ནའང་། བཙན་བྱོལ་དུ་ཁམས་རིགས་ནང་ཁུལ་སྒེར་ནད་སྙིང་ལ་བཅངས་ཤིང་ཁ་གྱེས་ཏེ་ཅིག་སྒྲིལ་མེད་པ་ནི་ཤིན་ཏུ་བློ་ཕམ་དང། ངོ་ཚ་དགོས་པ། དཔའ་བོ་རྣམས་ཀྱི་ཞབས་འདྲེན་ཐ་ཤལ་ཞིག་ཏུ་གྱུར་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། བྱུང་ན་ད་ལྟའི་དོན་གནད་ཆེ་ཤོས་དེ་ཁམས་རིགས་ནང་ཁུལ་ལ་མཐུན་སྒྲིལ་དང། སྔོན་གྱི་ཆེ་མཐོང་བསྐྱར་གསོ་ཐུབ་པ་བྱེད་རྒྱུ་དེ་ཡིན། གཞན་ཚོགས་འདུ་དང། ལས་དོན་གང་ཞིག་བརྩམས་ནའང་ཉེ་རིང་ཆགས་ལ་འགྲོ་རྒྱུ་ལས་ཕན་ཐོགས་གང་ཡང་མེད་པ་ཞིག་ཡིན་ནོ། མདོ་ཁམས་མི་རིགས་རྣམས་ཆིག་སྒྲིག་ཡོང་བའི་སྨོན་འདུན་ཞུ། བཀྲིས་བདེ་ལེགས།
13 ༡༣༢༠༡༢༡༠༢༣
དྲ་གྲོགས་དགྲ་ལྷ་ལ་ཞུ་རྒྱུ་ནི་། ཁྱེད་རང་གིས་བསམ་ཚུལ་དེ་ང་མུ་མཐུན་མེད་ད་མདོ་སྟོད་ཆུ་སྒང་བསྟན་སྲུང་དང་དམག་ལྟར་བུ་ཡིན་ན་སྔ་རྗེས་གང་ལ་ཡང་རྒྱལ་བའི་སྐུ་ཕྱ་ཐད་དང་བོད་མི་ཡོངས་ལ་གནད་དུ་སྨིན་པའི་བྱས་རྗེས་ནི་རྨད་དུ་བྱུང་བའི་རླབས་ཆེན་དང་མི་རྒྱུ་གཉིས་ཆར་འགྲོ་གྲོན་གཏོང་ནུས་མཁན་གྱི་ཚོགས་པ་ཞིག་དང་མ་ཚད་རྒྱལ་བའི་བཀའ་དགོངས་གཞིར་བཟུང་གི་ཤར་བསྐྱོད་བྱེད་པའི་ཚོགས་པ་གཙོ་བོ་ཞིག་ཡིན་པ་དང་གཞོན་ནུ་ཡིན་ན་ཡང་རྒྱལ་བའི་བཀའ་ལ་ལོག་ལྟས་བྱེད་མཁན་ཞིག་དང་རྒྱལ་བའི་བཀའ་ལ་བརྩི་བཀུར་མི་བྱེད་མཁན་དང་རྒྱལ་བའི་སྐུ་ཕྱ་ལ་སེམས་ཁུར་མེད་མཁན་ཞིག་ཡིན་པའི་སྐད་ཆ་ད་ལྟ་བར་དུ་འབུ་སྦྲང་མའི་སྐད་ཙམ་ཡང་གོ་མྱོང་མེད། དངོས་གནས་བྱས་ན་ཚོགས་པ་ཁག་ལ་ངན་ཁག་མ་གཡོག་ནས་མ་བསྐུལ་དང་བླང་གིས་རྒྱལ་བའི་སྐུ་ཕྱ་དང་བཀའ་དགོངས་གཞིར་བཟུང་གིས་ཕྱག་ལས་གནང་དགོས་པ་དེ་སྒེར་སོར་སོ་ལ་ཡང་འགན་ཡོད་རེད་དྲན་གི་འདུག་དེ་ལས་གནས་ཚུལ་རྐང་གཅིག་ཧ་མ་གོ་བ་ཆུ་སྒང་དང་གཞོན་ནུ་ལ་སྐྱོན་བརྗོད་བྱེད་པ་དེ་གཞུང་དམངས་གཉིས་གིས་བར་དུ་འགལ་ཟླ བྱུང་ན་བསམ་པའི་བསམ་བློ་གཅིག་ཡོད་པ་ཐག་གི་ཆོད་འདུག། རྒྱལ་བ་གཙོས་པའི་གཞུང་དམངས་ལ་འཆང་བའི་ཁྱེད་ཀྱི་ལྷག་བསམ་དེ་གར་འཚམ་བཞག་ན་དགའ་ས་མ་རེད་བས་མེ་སྟག་ཆུང་ཡང་རི་བོ་སྲེག་པའི་དཔེར་ལྟར་ཁྱེད་ཀྱི་འཆལ་གཏམ་དེས་སྤྱི་ཚོགས་ནང་དུ་དཀྲུག་ཤིང་ཐེབ་པའི་ཉེན་ཁ་ཡོད་ཙམ་ཁྱེད་ཀྱི་ལྷག་བསམ་དེ་ལ་འཚམ་བཞག་རོགས་ཞུ་རྒྱུ་ཡིན་
12 ༡༣༢༠༡༢༠༡༤༨
ཁྱེད་རང་ཚོ་སེམས་འཁྲལ་མེད་སེམས་འཁྲལ། ཚོགས་འདུ་གྲུབ་རྗེས་ཤམ་བྷ་ལའི་དྲ་རྒྱའི་བསམ་འཆར་མཐོང་བ་དང་། བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་བཞག་ཡོད་རེད། ཚོགས་འདུའི་ནང་དུ་མ་བྱུང་ནའང་ཁོ་ཚོས་ཆོད་ཞིག་བཞག་ཡོད་རེད། སེམས་འཁྲལ་དགོས་ཡ་མི་འདུག་གོ སྐུ་ངོ་འདས་པོའི་སྐོར་ཚོགས་འདུའི་ནང་དུ་བཤད་དགོས་ན་དུས་ཚོད་ཁོམས་ཀྱི་ཡོད་ས་མ་རེད། ལྡི་ལིར་དེ་གར་རང་ལུས་མེ་སྲེགས་གཏོང་གྲབས་འདྲ་བྱས་ཡོད་ས་རེད་དོ།
11 ༡༢༢༠༡༢༢༢༤༡
མཚོ་ནག་ལགས།་གུས་པས་གོང་དུ་མཆན་དང་པོའི་ནང་དུ་གཞིས་ནང་གི་ད་ལྟའི་མེ་བསྲེགས་ངོ་རྒོལ་འགྲོ་བཞིན་པར་འདིའི་ཐད་གྲོས་ཆོད་དགོས་ལུགས་འབོད་བསྐུལ་་ཞུས་ཡོད། དེ་ནི་ཚོར་བ་དམིགས་བསལ་བ་ཞིག་ཡོད་ནས་ཞུས་ཡོད་ལ། དེར་ལོས་དགོས་ཨ་དྲན་པའི་གདུང་སེམས་ཡོད་པས་ཀྱང་ཡིན། དེས་ན་མཆན་དེའི་ནང་དུ་ཁྲི་ཟུར་མཆོག་ལ་མྱ་ངན་ཙམ་ཡང་ཞུས་མེད་པ་བློ་ཕམ་ཡོད་པའི་སྐད་ཆ་དེ་ཟུར་ཞུས་བྱས་ཡོད། འོན་ཀྱང་དྲ་གྲོགས་ཞིག་གི་གསུང་ལན་དུ་མཆན་གཉིས་པ་མྱ་ངན་ཞུ་དགོས་ལུགས་ཐད་ནས་གཙོ་དམིགས་ཀྱིས་བྲིས་ཡོད། གལ་སྲིད་བསམ་ཚུལ་མ་འགྲིག་པ་འདྲ་བྱུང་ཡོད་ན་དགོངས་དག གང་ལྟར་སྐད་ཆ་ལྷད་མེད་ཡིན།
10 ༡༢༢༠༡༢༢༡༡༦
དགོངས་འགལ་མེད་པ་ཞིག། ངས་བཀའ་ཟུར་དམ་པ་འཇུ་ཆེན་མཐུ་བསྟན་མཆོག་རླབས་ཆེན་གྱི་མི་སྣ་ཞིག་མ་རེད་ཞུ་གི་མེད། གང་ལགས་ཞེ་ན་སྤྱིར་གཏང་ང་ལྟར་བུ་ལ་ཆ་མཚོན་ན་ཡང་ང་ཡི་ཕ་དམ་པ་གྲོངས་མཁན་དེ་དང་བཀའ་ཟུར་མཆོག་གཉིས་ལམ་ཁ་གཅིག་དང་སྐྱིད་སྡུག་གཅིག་དང་ཆོད་སེམས་གཅིག་དང་དམིགས་ཡུལ་གཅིག་དང་རེ་བ་གཅིག་དང་བྲོས་བྱོལ་མཉམ་དུ་གཅིག་པ་དང་འཐབ་བརྩོད་གཅིག་རེད་། དེས་མ་ཚད་དམིགས་གསལ་མདོ་སྟོད་ལྟར་བུ་ཞིག་ལ་ཆ་མཚོན་ན་ཡང་དུས་ནམ་དུ་མི་རབས་ནས་མི་རབས་ཚོས་མིག་དཔེ་ལྟ་ས་དང་དྲན་གསོ་ཞུ་འོས་གྱི་བཀའ་དྲིན་ཅན་གྱི་རླབས་ཆེན་གྱིས་མི་སྣ་ཞིག་རེད་། ངས་ཟེར་ན་ད་ལྟའི་དུས་སྐབས་འདིར་ལ་འབར་བཞིན་པའི་མེ་ལྕེ་དམར་པོ་འདི་ཚོར་ག་འདྲ་བྱས་ནས་རྒྱབ་བསྐྱོར་དང་གདུང་ལེན་བྱེད་རན་པའི་དུས་ལ་བབས་ཡོད་ཙམ་སྒེར་དོན་ཟེར་ན་ཡང་མི་འདུག་གང་ལྟར་གཞན་པ་མེ་སྲེག་གཏོང་མཁན་དེ་ཚོ་ལས་ངས་འདིས་གནས་ཚུལ་འདི་ཆུང་བ་འདོད་གི་ཡོད། བྱས་ཙམ་ཛ་དྲག་ཆེ་ཆུང་ལ་ལྟ་ནས་དེ་ལུགས་ཀྱི་ཕྱག་ལས་གནང་རོགས་ཞུ་གི་ཡོད་བསམ་འཆར་ཡོད་ན་དགའ་བསུ་ཞུ་གི་ཡོད་མ་ཚད་དྲ་གྲོགས་ཚོས་དྲ་ལམ་བརྒྱུད་གནས་བསམ་ཚུལ་བརྗེ་ལེན་དང་བསམ་འཆར་འདོན་རེས་བྱས་ན་རྩ་དོན་ལ་ཕན་པའི་བློ་རིགས་གསར་པ་ཡང་བརྙེད་སྲིད
གོང་དུའང་སྤྱིར་བཏང་བཤད་ཡོད། འདི་ནས་དྲ་གྲོགས་ཤིག་གིས་རང་ཉིད་ཀྱི་བསམ་འཆར་ལྷུག་བརྗོད་གནང་པར་དགའ་བསུ་ཞུ། འོན་ཀྱང་མྱ་ངན་རྗེས་དྲན་ཞུ་རྒྱུ་ནི། ལོ་ན་ཆེ་ཆུང་གིས་མིན་པ་བྱས་རྗེས་དང་བཀའ་དྲིན་མིན་གྱིས་ཡིན་པར་མཁྱེན་དགོས་རྒྱུར་གལ་ཆེན་རེད་ཞུ་འདོད་བྱུང་། དཔེར་ན་ང་ཚོས་ད་ལྟའང་སྐྱེས་ཆེན་དམ་པ་མང་པོ་ཞིག་གི་འདས་མཆོད་མང་པོ་ཞིག་འཚོགས་ཀྱིན་ཡོད། དེ་དག་ནི་བཀའ་དྲིན་རྗེས་དྲན་ཞུ་སྟངས་ཤིག་ལས། ལོ་ན་ཆེ་ཆུང་གིས་མིན། དེ་བཞིན་འཛམ་གླིང་ཕྱོགས་གང་ས་ནས་མྱ་ངན་འདི་ལྟར་ཞུ་སྲོལ་ཡོད་པ་ཞིག་རེད་ལ། ཞུ་སྟངས་དེའང་གནས་ལུགས་ཡོད་པ་དང་བཟང་སྤྱོད་ཀྱི་འགྲོ་ལུགས་ཤིག་རེད། དེ་བཞིན་སྐུ་ངོ་གང་འདས་གྲོངས་ཕྱིན་སྐབས་བོད་གཞུང་གིས་ཀྱང་ལས་ཁུངས་ཡོངས་རྫོགས་སྒོ་བརྒྱབ་སྟེ་མྱ་ངན་བྱས་ཡོད་པ་ལྟར་རེད།
8 ༡༢༢༠༡༢༡༤༡༩
ང་ལྟར་བུ་ཡིན་ན་བཀའ་ཟུར་མཆོག་གྲོངས་པ་དེ་ལ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཡོད་གང་ཡིན་ཟེར་ན་ང་རང་ཡང་ཆུ་སྒང་གྲལ་མཐའ་མཐུད་མཁན་ཞིག་ཡིན། གཞན་པ་ཡུལ་གྲུ་གང་སར་མྱ་ངན་འཚོགས་དགོས་པའི་དགོས་པ་ཆེར་ངས་མཐོང་གི་མི་འདུག ། རྒྱུ་མཚན་ནི་བཀའ་ཟུར་དམ་པ་མཆོག་ནི་རྒས་ལོ་ལོན་མར་མེ་སྣུམ་ཟད་དུ་གྱུར་ནས་སྐུ་ཞི་བ་གཤེགས་པ་ཞིག་རེད་མ་གཏོག་བོད་དོན་ཆེད་སྐུ་སྲོག་ཤོར་བ་ཞིག་མ་རེད་། སྐྱེ་བའི་མཐའ་མ་འཆི་རྒྱུ་དེ་བཟློག་མེད་ཡིན་དུས་འཆི་ཚད་ལ་མྱ་ངན་འཚོགས་དགོས་པ་མི་སྣང་། ཡིན་ན་ཡང་ན་གཞོན་ཚོས་བཀའ་ཟུར་དམ་པ་སེམས་ལ་ཉར་རོགས་ཞུ་རྒྱུ་ཡིན་རྒྱུ་མཚན་ནི་རང་ནུས་གང་ལྕོག་གིས་བོད་གཞུང་དམངས་གཉིས་ལ་ཞབས་ཕྱི་ཧུར་ཐག་ཞུ་མཁན་ཞིག་དང་བོད་ལ་བྱས་རྗེས་བཞག་པའི་མི་སྣ་ཞིག་རེད། དངོས་གནས་དྲང་གནས་མྱ་ངན་དང་རྒྱབ་བསྐྱོར་བྱེད་དགོས་ས་དེ་ལོ་ཉུང་རྒྱལ་གཅེས་ཁམས་པའི་དཔའ་བོ་དང་ཨམ་མདོའི་དཔའ་བོ་དེ་ཚོས་ཚེ་སྲོག་བོད་དོན་དུ་འབུལ་མཁན་དེ་ཚོ་དང་དེ་ཚོའི་ནང་མི་སྤུན་འཆེད་ཚོར་རེད། དཔའ་བོ་དང་དཔའ་མོ་ཚོས་གཅེས་སྲོག་འབུལ་དགོས་པའི་དམིགས་ཡུལ་དང་ཤུལ་ལུས་ཚོའི་སྐྱབས་གནས་དེ་ནི་བཙན་བྱོལ་གཞུང་དམངས་ཡིན་པ་སྨྲོས་མེད་ལ་འགྲེལ་བཤད་མི་དགོས། ད་ངས་རེ་བ་ལ་བཙན་བྱོལ་བོད་གཞུང་འདི་ཡང་འཛམ་གླིང་སྟེང་གིས་ཆབ་སྲིད་ལམ་ལུགས་འོག་གི་རྒྱལ་ཁབ་ཞིག་ཡིན་དུས་ཕྱི་གསལ་ནང་གསལ་ཤེལ་སྒོ་ལྟར་བུ་མ་བྱེད་རོགས་གལ་སྲིད་ཤེལ་སྒོ་ལྟར་བུ་དངོས་གནས་ཡིན་ན་ང་ཚོས་འཐབ་བརྩོད་དེ་ཡང་ཤེལ་སྒོའི་ནང་གི་གཟུགས་བརྙན་ལྟར་བུ་ཞིག་ལ་འགྱུར་བ་ཐེ་ཚོམ་མེད་། གཞིས་བསྡོད་བོད་མི་ཙམ་མ་ཡིན་པ་བོད་གཞིས་བྱེས་གཉིས་ཀ་ལ་ཕན་པའི་གྲུབ་འབྲས་དོན་དགོས་ན། བཙན་བྱོལ་གཞུང་གིས་ལས་བྱེད་དང་བུ་ཕྲུག་གཞིས་ཆགས་དང་གསར་འབྱོར་ཚོས་ནང་དུ་རང་སྲོག་ལ་མ་འཛེམ་པའི་དཔའ་བོ་རྒྱལ་ཞེན་ལྷག་བསམ་ཅན་དེ་འདྲ་ཡོད་ན་ངེས་པར་དུ་མངོན་གསལ་མེད་པའི་ཐོག་ཟབ་སྦྱོང་སྤྲད་ནས་བོད་ལ་ཆེད་མངགས་དང་ཤེས་འཇོན་གཉིས་ལྡན་གྱི་ལོ་ཆུང་ཚོར་སོ་ཉུལ་དུ་མངགས་རྒྱུ་དང་མིང་དོན་འཚུངས་པའི་རྒྱལ་ཁབ་ཞིག་དུ་འགྱུར་དགོས་ན་ཞི་དྲག་གཉིས་ཀ་དགོས་པ་གལ་ཆེན་པོ་མཐོང་སོང་། ཞི་བ་གཅིག་པུའི་ལམ་ནས་བོད་དོན་བདེན་མཐའ་སེལ་བ་འདོད་ན་བོད་ནང་གི་མེ་ལྕེ་དེ་མི་མཐུད་ནས་འབར་དགོས་གལ་སྲིད་དཔའ་བོ་རྒྱབ་ཆད་དུ་སོང་ན་དེ་སྔོན་ཚེ་སྲོག་གཏོང་ཟིན་པ་དེ་ཚོར་ལོ་རྒྱུས་ཙམ་ཞིག་དུ་འགྱུར་འགྲོ། དེ་མ་ཡོང་བའི་ཆེད་དུ་བོད་གཞུང་མཆོག་ནས་བོད་མི་སྤུན་འཆེད་ཡིན་ཡང་འདྲ་སོར་སོའི་བུ་རྒྱུད་ཡིན་ན་ཡང་འདྲ་ཕྱི་རྒྱལ་དུ་སྐྱབས་གཅོལ་དུ་མ་གཏོང་ན་ཡག་པོ་འདུག། བོད་མི་དེ་ཕྱི་ལོག་འབྱོར་མ་ཐག་སེམས་ཤུགས་མེད་པ་ཆགས་འགྲོ་གི་འདུག་ཀླད་པ་སྤྱང་པོ་ཆགས་ནས་ཁ་བཤད་ཆེན་པོ་ཙམ་མ་གཏོག་བོད་དོན་ཐོག་བློས་གཏོང་བྱེད་ནུས་མཁན་ཞིག་དུ་ག་དུས་ཡང་ཆགས་གི་མི་འདུག། ད་དུང་གནས་ཚུལ་དོན་ཡུལ་བོད་ཀྱི་ས་ཁུལ་ཁག་དུ་མངོན་གསལ་མེད་པའི་ཐོག་ཟབ་སྦྱོང་སྤྲད་པའི་མི་སྣ་ཆེད་མངགས་དང་གནས་ཚུལ་འཇམ་པོ་ཡིན་པའི་ས་ཁུལ་ཁག་དུ་བསྐུལ་འདེབས་དང་མེ་ལྕེ་དམར་པོའི་གསུར་དུད་ནམ་མཁའ་ཁྱབ་པ་བཟོ་ཆེད་རང་སྲོག་གཏོང་ནུས་པའི་མི་སྣ་ཁ་ཤས་ལ་འགྲོ་གྲོན་དང་མཐུན་རྐྱེན་དང་ཟབ་སྦྱོང་སོགས་གང་དགོས་ཚང་མ་བྱས་ནས་གཏོང་རྒྱུ་དང་དམིགས་གསལ་བོད་ཀྱི་གཞུང་ཞབས་ལས་བྱེད་པ་ཁ་ཤས་ཀྱི་རང་དབང་ལུང་པ་ནས་མེ་སྲེག་གཏོང་རྒྱུ་དང་ཡང་ན་ཕར་བོད་ལ་ཕེབས་སྟེ་སྐུ་ལུས་མཆོད་འབུལ་ཞུ་དགོས་འདུག། གནས་ཚུལ་དེས་རྐྱེན་པས་བཙན་བྱོལ་དུ་ཡང་གནས་ཚུལ་དེ་རིགས་མུ་མཐུད་ཡོང་བ་ཐེ་ཚོམ་མེད་ལ་མ་ཚད་དེས་རྐྱེན་གྱི་བོད་ནང་དུ་ཡང་གནས་ཚུལ་ཆེར་རུ་འགྲོ་བ་ཡོང་སྲིད་དེ་འདྲ་མང་པོ་བྱུང་ན་ང་ཚོས་བརྩོད་བཞིན་པའི་འཐབ་བརྩོད་དེརགྲུབ་འབྲས་གཏན་གཏན་དོན་ངེས། དེ་མིན་ན་ཟས་བཅད་ངོ་རྒོལ་ཟེར་བ་དང་སྐད་འབོད་ཏིག་ཙམ་ཏིག་ཙམ་བྱས་པས་བོད་ལ་ཕན་པའི་གྲུབ་འབྲས་ཐོན་དཀའ་སྙམས། གསང་ཉུལ་མངགས་དགོས་པ་གལ་ཆེན་པོ་རེད་འདུག་བོད་ལ་གནས་ཚུལ་འཕྲད་མ་ཐག་དུ་བཙན་བྱོལ་གཞུང་ལ་བརྡ་ལེན་འབྱོར་བ་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་དེ་མིན་ན་བོད་ནས་གནས་ཚུལ་དོན་དུས་ཉི་མ་ཁ་ཤས་རྗེས་ནས་གནས་ཚུལ་ཡིན་ལ་མིན་ལ་གཅིག་མ་གཏོག་ཧ་གོ་གི་མི་འདུག་བ་འདི་ཚོ་ནི་བཙན་བྱོལ་གཞུང་གིས་མཐུས་ཤོར་ཆེན་པོ་ཞིག་ཡིན་པ་ཁོ་བོས་འདོད ། ནོར་འཕྲུལ་འདུག་ན་ལམ་སྟོན་ཡོད་པ་དགའ་གསུ་ཞུ།
7 ༡༢༢༠༡༢༡༣༢༤
དབྱངས་ཅན་རོལ་པའི་འོ་མཚོ།
འདི་ལོ་འདས་གྲོང་ཕྱིན་པ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་སློབ་སྟོན་པ་སྐུ་ངོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་ལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་གྲོས་ཆོད་དང་ངག་བཅད་སྐར་མ་ལྔ་ཙམ་གནང་མ་
ཐུབ་པ་ངོ་མ་བློ་ཕམ་བྱུང་བ་མ་ཟད་གནས་ཚུལ་འདིར་བསམ་དུས་ད་ཡོད་ཀྱི་དབུས་རྒྱུན་དེ་ཚོ་བཟང་ངན་དང་དགྲ་གཉེན་དབྱེར་འབྱེད་མི་མཁྱེན་པའི་མི་བུ་སྐོར་ཅིག་འདུ་འཛོམས་བྱུང་འདུག་སྙམ་པ་ཞིག་ཚོར་གྱི་འདུག
6 ༡༢༢༠༡༢༡༠༡༣
ལྷ་ས་རྒན་མོའི་ལྷ་སའི་ཇོ་བོ་མི་འཇལ་ཟེར་བའི་དཔེ་བཞིན་།བོད་མི་སྤྱི་དང་ཁྱད་པར་དུ་མདོ་ཁམས་མི་དམངས་ལ་བཀའ་དྲིན་གཞལ་ཟླ་བྲལ་བའི་ཞིང་གཤེགས་དམ་པ་སྐུ་ངོ་བཀའ་ཟུར་འཇུ་ཆེན་མཆོག་ལ་མྱ་ངན་རྗེས་དྲན་མ་བྱས་པར་བློ་ཕམ་ཆེན་པོ་ཡོད་།འཆར་བཞི་དང་འགྲོ་སོང་གང་ཡང་མེད་ངག་བཅད་སྐར་མ་གཅིག་དང་ཚིག་འབྲི་བཅུ་གྲངས་ཙམ་ཁ་ནས་མ་ཐོན་པ་ག་རེ་རེད་།དེ་ཙམ་ཞིག་མ་འཇོན་ན་གཞན་པ་གང་བཤད་ཐམས་ཅད་བོང་གུ་འཇེ་ལ་ཤ་ཡི་རེ་བ་རང་རེད་།
5 ༡༢༢༠༡༢༠༩༠༦
འགན་འཛིན་ལྷན་ཚོགས་འཚོགས་ཀྱིན་པར་དགའ་བསུ་དང་། ཚོགས་འདུ་ལམ་སློང་ཡོང་བའི་སྨོན་འདུན་ཞུ། དེ་བཞིན་ཚོགས་ཐོགས་འདི་ནས་ད་ལྟའི་གཞིས་ནང་གི་མདོ་ཁམས་གཉིས་ཀྱི་མི་མང་པོ་ཞིག་གིས་བོད་ཀྱི་བདེན་དོན་ཆེད་རང་ལུས་གཏོང་གིན་པའི་ཚུལ་འདི་དག་ལ་སྨན་པ་དང་། བློས་གཏོང་འདི་དག་གི་དོན་འབྲས་སྨིན་སླད་ཅི་དགེ་གང་ལེགས་ཀྱི་གྲོས་བྱས་ཏེ་གྲོས་ཆོད་འཇོག་པ་སོགས་ཀྱི་རེ་བ་བྱེད་ཀྱིན་ཡོད། ཆུ་བཞི་སྒང་དྲུང་ནི་བོད་མི་རིགས་དོན་དུ་མི་རྟ་ཆག་བྱུང་ནས་བློས་གཏོང་འདི་འདྲའི་རྨ་ཁ་གསོན་པོ་ཡོད་མཁན་ཞིག་རེད།

འདི་ནས་བཤད་འདོད་པ་ཞིག་ལ། བོད་ཀྱི་བསྟན་སྲིད་སྤྱི་དང་། ཚོགས་པ་འདིའི་ཐོག་ལ་རྣམ་པར་དཀར་བའི་སྤྱི་ཁྱབ་སློབ་སྟོན་པ་ཞིག་ད་ལོ་འདས་གྲོངས་ཕྱིན་པར་མྱ་ངན་རྗེས་དྲན་ཙམ་བྱས་ལུགས་འདིར་འཁོད་མི་འདུག་པ་བཞིན་ཡིན་ན། དེར་བློ་ཕམ་ཡོད།
4 ༡༢༢༠༡༢༠༧༢༩
མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༢འདི་བཞིན་ལས་ལམ་ཡོང་བའི་སྨོན་འདུན་དང། མ་འོང་པར་དབུས་ས་གཉིས་ནས་ད་དུང་ཡར་རྒྱས་གཏང་དགོས་རིགས་མུད་འཐུད་ནས་གཏོང་གནང་ཡོང་བའི་རེ་བ་ཡོད།
3 ༡༢༢༠༡༢༠༠༡༩
ཚོགས་པ་ཁག་གི་ཚོགས་འདུ་ཚོགས་བ་དང་རྒྱལ་བ་རིན་པོ་ཆེ་སྐུ་ཕྱཋ་སྐོར་གྲོས་ཆོད་དང་བགྲོ་གླེང་བྱེད་པ་དེ་ལུགས་སྲོལ་ཞིག་ཡིན་པ་འདྲ།
སྐྱོ་བ་ཞིག་ལ་བོད་དོན་ཐད་ལས་འགུལ་ག་རེ་སྤེལ་དགོས་མིན་གྱི་བགྲོ་གླེང་མི་འདུག།སློབ་ཡོན་གནང་གི་ཡོད་པ་དེ་ལ་གུས་པས་སྣིང་ཐག་པ་ནས་ཐུགས་ཆེ་ཞུ་རྒྱུ་ཡིན།
2 ༡༡༢༠༡༢༡༥༤༩
རྒྱལ་བ་རིན་པོ་ཆེའི་སྐུ་ཕྱའི་ཐོག་ཚོགས་པ་ཁག་གི་སེམས་འཚབ་གནང་བ་ཡག་པོ་རེད། ཡིན་ནའང་ཁ་བཤད་ཙམ་མ་གཏོགས་ཁ་ཡོད་ལག་ཡོད་ཀྱིས་རྒྱལ་དབང་མཆོག་སྐུ་ཚེ་བརྟན་པའི་བྱ་བ་སྒྲུབས་མཁན་ཆེས་ཉུང་ཉུང་རེད། དབུས་གཞོན་ནུ་ཚོགས་པ་དང་ཆུ་བཞི་སྒང་དྲུག་སོགས་ཚོགས་པ་ཁག་དེ་ཚོས་གྲོས་གཞི་དྲི་ཆོད་འདྲ་ཆག་པོ་བཟོས་པ་ལས་དོན་ལ་རྒྱལ་བའི་བཀའ་དགོངས་དང་ལེན་ཞུ་མཁན་དཀོན་པོ་རེད། རེ་བ་ཞིག་ཞུ་རྒྱུ་ལ་ཚོགས་པ་ཁག་དེ་ཚོས་རྒྱལ་བའི་སྐུ་ཕྱ་ལ་ཕན་པའི་གྲོས་གཞི་གྲོས་ཆོད་འཇོག་མ་ཐུབ་ནའང་ལྷ་དགོངས་འཁྲུག་གཞིའི་ཆགས་སྡང་ཕྱོགས་ལྷུང་གི་ལས་མ་བྱས་ན་འགྲིགས་པ་འདུགས།
1 ༡༡༢༠༡༢༠༠༥༣
༄ །། ཆུ་བཞི་སྒང་དྲུག་གི་སྔར་བཞི་བར་གསུམ་ལ་བོད་ནང་གི་དཔལ་བོ་རྣམ་པ་དྲན་པ་བརྗེད་འདུག་གམ་ཡག་པོ་མ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།