གཞོན་སྐྱེས་ནུས་སྟོབས་སྤེལ་བའི་ཚོགས་ཆེན་ཐེངས་གསུམ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༨ཉིན། ཟླ་འདིའི་ཕྱི་ཚེས་༩ནས་༡༤བར་༼གཞོན་སྐྱེས་ནུས་སྟོབས་སྤེལ་བའི་ཚོགས་ཆེན་ཐེངས་གསུམ་པ་༽དེ་དྷེ་ར་རྡུན་སི་ལ་ཀུད་བོད་མིའི་ལག་ཤེས་སྦྱོང་བརྡར་བསྟི་གནས་སུ་ཚོགས་རྒྱུ་ཡིན་པ་དང༌། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནས་ཚོགས་འདུ་དབུ་འབྱེད་གནང་རྒྱུ་ཡིན་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བརྟེན་གཞི་བྱས་ཡོད་པའི་ Empowering the Vision Project (ENVISION) ༼མདུན་བཟང་ལམ་སྟོན་ལས་རིམ་༽གྱིས་གོ་སྒྲིག་འོག རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་ཆེན་ཐེངས་གསུམ་པ་དེ་རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་ཁུལ་དུ་ཡོད་པའི་སི་ལ་ཀུད་བོད་མིའི་ལག་ཤེས་སྦྱོང་བརྡར་བསྟི་གནས་སུ་ཚུགས་རྒྱུ་ཡིན་པ་རེད། སྐབས་དེར་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་ཚོགས་འདུ་དབུ་འབྱེད་གནང་རྒྱུ་ཡིན་འདུག

ཉིན་༥རིང་གི་ཚོགས་ཆེན་ཐོག་ཕྱི་དྲིལ་བཀའ་བློན་མཆོག་ནས་ "Youth as an Ambassador & Nation Builder"༼གཞོན་ནུ་ནི་རྒྱལ་ཁབ་ཀྱི་ཚབ་མཚོན་དང་འཛུགས་སྐྲུན་པ་ཞིག་ཡིན་༽ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་གནང་རྒྱུ་དང༌། ཚོགས་ཆེན་ཉིན་༢པའི་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ "How to lead a meaningful life"༼མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐབས་༽ཞེས་པའི་བརྗོད་གཞི་བཅས་ཀྱི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག གཞན་ཡང་ཚོགས་འདུའི་དབུ་འབྱེད་མཛད་སྒོ་ཉིན་མོར་ནུས་སྟོབས་སྤེལ་བའི་ཐེབས་རྩའི་འགན་འཛིན་དང་ལྡི་ལི་ Vasant Valley School ཝ་སན་ཊི་བྷ་ལི་སློབ་གྲྭའི་འཛུགས་སྐྲུན་འགན་འཛིན་ Mr. Arun Kapur སྐུ་ཞབས་ཨ་རོན་ཀཱ་པུར་སོགས་ཀྱིས་ཀྱང་བཀའ་སློབ་དང་གསུང་བཤད་རིམ་པར་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་གྱི་ས་གནས་གང་སར་སློབ་སྦྱོང་གནང་བཞིན་པའི་བོད་ཕྲུག་མཐོ་རིམ་སློབ་མ་དང༌། ཧི་མ་ལའི་རི་བརྒྱུད་ནས་ཀྱང་བོད་རིགས་མཐོ་རིམ་སློབ་མ་ཁག་ཅིག་ཐེ་བའི་ཁྱོན་མི་གྲངས་ ༧༠ ཙམ་འཛུལ་ཞུགས་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།