རྒྱ་གར་དུས་བབ་གསར་ཁང་གི་༧གོང་ས་མཆོག་ལ་བཅར་འདྲི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༥ཉིན། ཉེ་སྔོན་རྒྱ་གར་གྱི་དུས་བབ་གསར་ཁང་གི་གསར་འགོད་པ་ས་ཧཱ་རི་ལགས་ཀྱིས་༧གོང་ས་མཆོག་ལ་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་བོད་ཀྱི་རྩ་དོན་གཉེར་སྟངས་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་འདུག

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་རུ། ༧གོང་ས་མཆོག་ལ་རྒྱ་གར་གྱི་དུས་བབ་གསར་ཤོག་(The Times of india)ཞེས་པའི་གསར་འགོད་པ་ས་ཧཱ་རིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་ས་ཡ་དྲུག་གིས་བོད་ཀྱི་རྩ་དོན་གཉེར་རྒྱུ་དེ་འཚེ་བ་མེད་པའི་ཐབས་ལམ་ཁོ་ནར་བསྟེན་སྟངས་ཐོག་བཀའ་དྲི་ཞུས་འདུག      དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན།  ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གསར་འགོད་པས་བཀའ་དྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་སྩལ་བའི་བཀའ་ལན་དུ། བོད་དུ་ནང་ཆོས་མ་དར་གོང་བོད་མི་ཚོས་མཚོན་ཆའི་རིགས་ཐོགས་ཏེ་དྲག་ལས་སུ་བཞུགས་ཀྱི་ཡོད། འོན་ཀྱང་བོད་དུ་ནང་ཆོས་དར་བ་ནས་བཟུང་བོད་མི་ཚོས་ཐ་ན་འབུ་སྲིན་སོགས་སེམས་ལྡན་ཡོངས་ལ་འཚེ་བའི་ལས་བྱ་རྒྱུ་སྤངས་ཏེ་ཞི་བའི་ལམ་དུ་བསྐྱོད་ཀྱི་ཡོད། བྱམས་བརྩེ་དང་ཞི་བདེས་ཀུན་ནས་བླངས་པའི་བཟང་སྤྱོད་དེ་བོད་མིའི་གོམས་གཤིས་དང་རིག་གཞུང་གི་རིན་ཐང་དུ་གྱུར་ཡོད། བོད་ནང་གི་བོད་མི་ཚོར་ཆ་མཚོན་ན། ཁོང་ཚོ་དུས་རྟག་ཏུ་འཇིགས་སྣང་དང་ཁོང་ཁྲོའི་གཞན་དབང་འོག་གནས་མུས་ཡིན་རུང་ཁོང་ཚོས་འཚེ་བའི་ལས་ལ་བཞུགས་ཀྱི་མེད།  ཅེས་བཀའ་ལན་སྩལ་ཡོད།

ཡང་གསར་འགོད་པས་རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་ཀྱི་བྱུང་རྐྱེན་ཐོག་བཀའ་དྲི་ཞུས་པའི་བཀའ་ལན་དུ། རྒྱ་གར་དེ་བཞིན་ཆོས་སེམས་ཆེ་བའི་རྒྱལ་ཁབ་གཅིག་ཡིན་ནའང། ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་ཁྱབ་བརྡལ་ཆེན་པོ་ཞིག་ཡིན་པ་དེ་ནི་བཟང་སྤྱོད་ཀྱི་འགལ་ཟླར་གྱུར་བ་ཞིག་རེད། དེར་བརྟེན་སྔོན་འགྲོའི་སློབ་གྲྭ་ནས་འགོ་བཙུགས་ཏེ་རིམ་བཞིན་མི་མང་བྱིངས་དང་ཆབ་སྲིད་པའི་སྣེ་མོ་བ་ཚོའི་རྒྱུད་ལ་བདེན་རྫུན་དབྱེ་ཞིབ་ཐུབ་པའི་ཤེས་ཡོན་སྤྲད་དེ་ཡ་རབས་དང་བཟང་སྤྱོད་ཀྱི་རིན་ཐང་དར་འཕེལ་གཏོང་ཐབས་བྱ་རྒྱུ་དེ་ནི་ཐབས་ལམ་གཙོ་བོ་ཆགས་ཡོད་ཅེས་བཀའ་ལན་བསྩལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།