བཀའ་ཤག་གིས་ས་འགོ་དང་སྐུ་ཚབ་དོན་གཅོད་ཁག་ལ་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༣ཉིན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ དང་ ༢༤ ཉིན་རྒྱ་རིགས་ཚོས་སྲོལ་རྒྱུན་དཔྱིད་གསར་ལོ་གསར་ལ་རོལ་བཞིན་པའི་སྐབས་བོད་ ཀྱི་ས་ཁུལ་བྲག་མགོ་དང༌། རྔ་པ། རྒྱལ་རོང༌། གསེར་རྟ་སོགས་སུ་བོད་མི་བརྒྱ་ཕྲག་མང་པོས་ཞི་བའི་ངང་ནས་སོ་སོའི་གཞི་རིམ་ཐོབ་ཐང་ཁག་རྩོད་པའི་ལས་འགུལ་སྤེལ་བར་དྲག་སྤྱད་ཉེན་རྟོགས་དམག་དང་ཉེན་རྟོགས་མི་སྣས་ཞི་བའི་མང་ཚོགས་ཐོག་མེ་མདའ་རྒྱབ་སྟེ་གནས་ཚུལ་ཐོན་གསལ་ལྟར་ན། ད་བར་མི་དྲུག་རྐྱེན་འདས་བཏང་བ་དང༌། དྲུག་བཅུ་ལྷག་ལ་རྨས་སྐྱོན་བྱུང་བ་དང་འགའ་ཤས་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག་པས་ད་ལྟའི་ཆར་གནས་སྟངས་ཛ་དྲག་ངང་གནས་མུས་ལ་བརྟེན།

 

བཙན་བྱོལ་དུ་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ནས་བློ་ཕམ་ཆེན་པོའི་ངང་བོད་ཀྱི་རྩ་དོན་ཆེད་ད་བར་ལུས་སྲོག་ཚུན་ཆད་བློས་བཏང་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་རྒྱབ་སྐྱོར་ཞུ་ཆེད་ཕྱི་ཟླ་ ༢ པའི་ཚེས་ ༨ རེས་གཟའ་ལྷག་པའི་ཉིན་མོར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཡོངས་སུ་ཉིན་བརྒྱ་དུས་གཅིག་ཏུ་བོད་དོན་ལས་འགུལ་དང་མཆོད་འབུལ་སྨོན་ལམ་རྒྱ་ ཆེ་གནང་རྒྱུ་ལྟར། དེ་ཉིན་བོད་མི་རྣམས་ཀྱི་ངེས་པར་དུ་རང་ལུགས་ན་བཟའ་བཞེས་ཏེ་འདས་གྲོངས་སོང་བའི་བོད་མི་རྣམས་ལ་མྱ་ངན་གུས་བཏུད་མཚོན་ཆེད་ཁ་རས་ནག་པོ་དཀྲི་ཏེ་བདེན་ཚིག་སྨོན་ལམ་གྱི་མཚོན་སྨོན་ལམ་གསུང་འདོན་གནང་དགོས།

ཕྱི་ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་ལོ་གསར་འཁེལ་ཀྱི་ཡོད་སྟབས་བོད་མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་བྱེད་སྒོ་ཁག་མ་གཏོགས་སྤྲོ་སྐྱིད་ཀྱི་དུས་སྟོན་རིགས་མ་གནང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། བཀའ་ཤག་གིས་ ༢༠༡༢ ཟླ་ ༡ ཚེས་ ༣༠ ལ་ཞེས་གསུངས་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།