བོད་ཀྱི་བུ་མོ

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

བོད་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེངྒེ་མཆོག་ནི་བོད་མི་རིགས་གི་རླབས་ཆེན་གྱི་དབུ་ཁྲིད་ཞིག་ཡིན་ལ་མ་ཚད་བོད་མི་ཡོད་དོ་ཅོག་གི་གདམ་ཁ་བྱས་ནས་བཀའ་བློན་ཁྲི་པའི་ཁྲི་ལ་བཀོད་པ་ཞིག་རེད་གལ་སྲིད་ནོར་འཁྲུལ་ཡོད་མཁན་ཞིག་ཡིན་ན་སྐྱབས་མགོན་རིན་པོ་ཆེ་གཙོས་པའི་བོད་གཞུང་དམངས་དང་ལྷ་སྲུང་བོད་ཀྱི་ཡུལ་ལྷ་བཞི་བདག་གནས་སྐྱོངས་དམར་གདོང་མ་ཚེ་རིང་མཆེད་ལྔ་གཙོས་པའི་ལྷ་སྲུང་རྣམས་ལ་ཡེ་ཤེས་ཀྱི་སྤྱན་མེད་པ་ཡིན་གྱི་རེད། ད་དུང་ཡ་མཚན་པ་ཞིག་ལ་ཁང་གསར་རྡོ་རྗེ་གཙོས་པའི་ཁྱེད་ཀྱི་རྒྱུག་ཁྱི་ཁ་ཤས་ལ་ལྷ་ལས་མྱུར་བའི་ཡེ་ཤེས་གྱི་སྤྱན་དང་སྐྱབས་མགོན་རིན་པོ་ཆེ་ལས་ཟབ་པའི་མངོན་ཤེས་མངའ་བ་ཞིག་ཡིན་པ་འདྲ་བོད་ཀྱི་བཀའ་ཁྲི་མཆོག་གིས་མ་འོང་པ་གནང་འཆར་ཡོད་པའི་ལས་ངན་དེ་ཚོ་ཧ་གོ་གི་ཡོད་པ་འདྲ་མ་ཚད་ཉི་མ་གཅིག་སྐྱབས་མགོན་རིན་པོ་ཆེ་ལ་ཡང་སྐྱོན་བརྗོད་བྱེད་པ་ཐག་གིས་ཆོད་འདུག་ཁྱེད་རང་འདྲ་བའི་མི་མང་པོ་ཞིག་བོད་པ་ལ་ཡོད་ན་གཞུང་མགོ་འཇུག་བསྒྱུར་བ་སྨྲོས་མེད་རེད་ང་བོད་པའི་བུ་མོ་ཞིག་ལ་བོད་ཡིག་འབྲི་ཀློག་ཐད་ལ་མཁས་པ་ཞིག་མིན་ཀྱང་ལེགས་ཉེས་དངབོད་ཀྱི་གནས་སྟངས་ཧ་གོ་གི་ཡོད་མ་ཚད་བཀའ་ཁྲི་མཆོག་དབུ་ཁྲི་མཆོག་ཡག་པོ་ཞིག་ཡིན་པ་ངོས་འཛིན་བྱེད་གི་ཡོད་ཁང་གསར་རྡོ་རྗེས་གཙོས་པའི་རྒྱུག་ཁྱི་རྣམས་ལ་བཀའ་ཁྲིའི་ཤེས་ཡོན་དང་མཇོན་ཐང་ནི་ཁྱེད་ཚོ་སྐྱེ་བ་འདིར་ལ་ཡོད་མ་རེད། བོད་ཡིག་ཁ་ཤས་འབྲི་ཤེས་པ་དང་ཀློག་ཤེས་པ་དེ་བོད་ཀྱི་རླབས་ཆེན་གྱི་དབུ་ཁྲིད་རྣམས་ལ་སྨད་ར་དང་ཟུར་ཟ་བྱེད་རྒྱུའི་ཆེད་དུ་སྦྱོང་པ་ཡིན་པས་ད་དུང་སོར་སོ་བོད་ཀྱི་བརྩོམ་པ་པོ་ཞིག་ལ་ངོས་འཛིན་བྱེད་པ་ནི་ཞི་མིའི་རང་རྟུག་གསེར་ལ་སྒོམ་པ་ཞིག་དང་འདྲ་གི་མི་འདུག་བསཧཧཧཧཧཧཧཧཧ་ད་མང་པོ་མི་བཤད་རྩ་དོན་ནི་ང་རང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་དང་ནང་ཁུལ་འཆམ་མཐུན་དང་བོད་ཀྱི་རླབས་ཆེན་གྱིས་དབུ་ཁྲི་རྣམས་པ་ལ་ཕྱར་གྲུ་མཉམ་འདེབས་དང་ཛ་དྲག་ཆེ་བའི་བོད་ཀྱི་གནས་སྟངས་ལ་རང་ནུས་གང་ལྕོག་གི་མཉམ་ཞུགས་བྱེད་རྒྱུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རང་ལུས་མཆོད་འབུལ་བྱས་པའི་གསུར་དུད་དང་ནམ་ཡང་ཁ་བྲལ་དུ་མ་འཇུག་རོགས་། ད་དེ་རིང་ནས་མགོ་གཙུགས་ཁང་གསར་རྡོ་རྗེ་གཙོས་པའི་ཁྱེད་ཀྱི་རྗེས་འབྲང་བ་དེ་ཚོ་ཡང་བཀའ་ཁྲི་མཆོག་ལ་སྨད་ར་དང་སྤྱི་ཚོགས་ལ་དཀྲུགས་ཤིང་འཚམས་བཞགས་ནས་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ལ་གནད་དུ་སྨིན་པའི་ཕྱག་ལས་གནང་རོགས་ཞུ་རྒྱུ་དང་བསྟན་སྲིད་མི་རིགས་དང་བཅས་པ་འཇིག་ལ་ཉེར་བའི་དུས་འདིར་བོད་མི་ཚང་མ་མཉམ་རོགས་བྱེད་རོགས་ཞུ་རྒྱུ་ཡིན
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་སེང་གི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།"



བརྗོད་གཞི་གཞན་ཁག་ལ་གཟིགས།