གདོང་སྨེ་ཅན་རྒྱལ་ལོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

གདོང་སྨེ་ཅན་ཁྱོད་ཀྱི་གསུངས་པ་དེ་ངོ་མ་བདེན། བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་ཉེས་མེད་སྐྱོན་འཛུགས་བྱེད་མཁན་མི་སྣ་ཁག་གཅིག་གི་དོན་མེད་སྐྱོན་འཚོལ་བ་དང་སྐྱོན་བརྗོད་ཀྱང་མི་ཉུང་བ་ཞིག་བྱེད་པ་ནི་ཧ་ཅང་གི་ཐབས་སྡུག་རེད། བློ་བཟང་སེང་གེ་ག་རེ་ཡིན་ཡང་ཡིན། གང་ལྟར་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཟེར་ནའང་འདྲ་བོད་མི་ས་ཡ་དྲུག་གི་སྐུ་ཚབ་དང་དབུ་འཛིན་ལྟ་བུ་རེད། ད་ལྟ་ང་ཚོས་སྐྱོན་འཚོལ་ནས་བསྡད་པའི་དུས་ཞིག་མ་ཡིན་པར་དཔུང་པ་མཉམ་བཤིབ་ཀྱི་བོད་དོན་ཆེད་ལས་སྣེ་ཆེ་ཕྲ་གང་འདྲ་ཡིན་རུང་ཆིག་སྒྲིལ་གྱི་རྣམ་པའི་ཐོག་ནས་མདུན་བསྐྱོད་བྱེད་པ་ལས་སྐྱོན་འཚོལ་ནས་བསྡད་ན་སུ་གཅིག་ལ་ཡང་ཕན་ཐོགས་མེད་པ་ཡིན། ཕྱིས་སུ་བློ་བཟང་སེང་གེ་ནས་བོད་དོན་ཐོག་གནོད་པའི་ལས་རིགས་དངོས་ཡོད་གནས་ཚུལ་བྱུང་ན་སུ་ལ་ཡང་སྐྱོན་བརྗོད་བྱེད་ཆོག་པའི་ཐོབ་ཐང་ཡོད། ད་ཆ་ལས་ཀ་བྱེད་ནས་ལོ་ཡང་མ་འཁོར་སྒོ་ནས་སྐྱོན་འཛུགས་བྱེད་ན་ཏོག་ཙམ་ཐལ་དྲག་མིན་འགྲོ་དྲན་གྱི་འདུག སུ་ཡིན་ཡང་སོ་སོར་སྣང་བ་མི་འགྲོ་བའི་མི་ཞིག་ཡིན་ན་དེར་ཁ་ཐད་ལྟ་བུ་ལངས་ཏེ་སྐྱོན་བརྗོད་བྱེད་རྒྱུ་མེད་ན་ཡང་སྐྱོན་བརྗོད་བྱེད་པ་ནི་བོད་པའི་སྤྱི་ཚོགས་འདིའི་ནད་ཡམས་སྡུག་ཤོས་ཞིག་རེད་འདུག ཡང་སོ་སོར་སྣང་བ་ཏོག་ཙམ་འགྲོ་མཁན་སྤྱི་ཚོགས་དང་བོད་དོན་ཐོག་གནོད་བསྐྱེལ་མཁན་གྱི་མི་ཞིག་ཡོད་ན་དེ་ལ་མི་དེ་ཚོས་སྐྱོན་བརྗོད་བྱེད་རྒྱུ་ཕར་ཞོག་ད་དུང་སྐྱོན་རྣམས་ཞི་མིས་སྐྱག་པ་སྦས་པ་ནང་བཞིན་བཀབ་གང་ཐུབ་བྱེད་ཀྱི་རེད། དེ་ནི་ངོ་མ་ཞབས་འདྲེན་མིན་ན་གང་རེད། སྤྱི་ཚོགས་གང་ཞིག་གི་འགོ་ཁྲིད་ཡིན་རུང་སོ་སོས་སྣང་བ་མི་འགྲོ་ན་ཡང་འགོ་ཁྲིད་དེས་དངོས་གནས་སྤྱི་ཚོགས་ཀྱི་ཆེད་དུ་བྱ་བཞག་རླབས་ཆེན་ཞིག་སྒྲུབ་ཀྱི་འདུག་ན་དེ་ལ་ཚང་མས་ཕྱར་གྲུ་མཉམ་འདེགས་དང་རྗེས་སུ་ཡིད་རངས་ཞུ་དགོས་པ་རེད་པ། གུང་བྲན་ཏང་གི་༸གོང་ས་མཆོག་ལ་སྐྱོན་བརྗོད་དང་མཚན་སྨད་ག་ཚོད་གཅིག་ཞུས་ཡོད་རེད། དེ་ག་ནང་བཞིན་དོལ་རྒྱལ་ཚོགས་པའི་མི་རྣམས་དངོས་སུ་སྤྱི་ཚོགས་ནང་འདོན་ཏེ་༸གོང་ས་མཆོག་ལ་ངོ་རྒོལ་ག་ཚོད་གཅིག་བྱེད་སོང་། ཡིན་ཡང་༸གོང་ས་མཆོག་ནས་སྤྱི་ཚོགས་རང་གི་ཆེད་དུ་ཕན་བདེའི་བྱ་བཞག་རླབས་ཆེན་དང་བོད་ཀྱི་རྩ་དོན་ཆེད་དུ་རང་ནུས་ཡོད་ཚད་བཏོན་ནས་སྒྲུབ་ཡོང་དུས་འཛམ་གླིང་སྐྱེ་བོ་མང་ཆེ་བས་དད་གུས་དང་ཡིད་རངས་ཞུས་ཀྱི་ཡོད་པ་ཀུན་གྱི་མཐོང་ཆོས་རེད་པ། ས་སྐྱ་ལེགས་ནང་དུ། ཡོན་ཏན་མེད་པའི་སྐྱེ་བོ་རྣམས། །ཡོན་ཏན་ཅན་ལ་ལྷག་པར་སྡང་། །གངས་ཀྱི་ཡུལ་དུ་དགུན་སྐྱེ་བས། །ལོ་ཏོག་ལྟས་ངན་ཡིན་ཞེས་སྒྲོག །ཞེས་པ་ནི་ཅི་འདྲའི་དྲང་གཏམ་ཞིག་མ་རེད་ཨང་། ཚང་མས་དགོངས་པར་བཅངས་ནས་ཆིག་སྒྲིལ་གྱི་ཐོག་ནས་བོད་ཀྱི་རྩ་དོན་སྒྲུབ་ན་ཁས་ཕན་ཆེ་ཆེ་ཆེ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་སེང་གི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།"



བརྗོད་གཞི་གཞན་ཁག་ལ་གཟིགས།