བོད་མི་དམར་གསོད་བཏང་ནས་དཔྱིད་གསར་ལ་རོལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༣༡ཉིན། ཟླ་འདིའི་ཕྱི་ཚེས་༢༨ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རང་སྲོག་བློས་བཏང་བའི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་བྱས་འདུག

ཕྱི་ལོ་༢༠༠༨ལོ་ནས་བཟུང་ད་ལྟའི་བར་རྒྱ་གཞུང་གི་བཙན་གནོན་འོག བོད་རིགས་སྤུན་ཟླ་མང་པོས་རང་ལུས་མེར་བསྲེགས་བཏང་བ་དང་། རྒྱ་གཞུང་གི་བཙོན་ཁང་དུ་ཡ་ང་བའི་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ལྡི་ལི་བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་མར་མེའི་ཁྲོམ་སྐོར་བྱས་འདུག

སྐབས་དེར་ལྡི་ལི་བོད་རང་དབང་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། བོད་ཁུལ་དུ་ཡོད་པའི་རྒྱ་རིགས་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཚོས་ལོ་གསར་སྐབས། རང་དབང་དང་དྲང་བདེན་གྱི་ཆེད་དུ་ཞི་བའི་ངོ་རྒོལ་བྱེད་མཁན་ཚོར་ཡ་ང་བའི་དྲག་གནོན་བྱས་ཏེ་ལོ་གསར་ལ་རོལ་བ་རེད་ཅེས་བརྗོད་འདུག

དེ་བཞིན་སློབ་ཕྲུག་ཚོགས་པའི་ཚོགས་མི་རྒྱ་གར་བ་ཞིག་གིས་བརྗོད་རྒྱུར། ང་རང་རྒྱ་གར་བ་ཞིག་ཡིན་ཡང་། བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། ང་རང་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་བརྩི་མཐོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་རྒྱ་གཞུང་གི་མི་སྤྱོད་ལས་འདས་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པས། དེ་རིང་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་འདི་ལ་ང་རང་མཉམ་ཞུགས་བྱས་པ་ཡིན་ཞེས་སོགས་བརྗོད་འདུག

ལས་འགུལ་གོ་སྒྲིག་པའི་ངོས་ནས་གཙུག་ལག་སློབ་གྲྭ་ཁག་དང་ཚོགས་པ། དེ་བཞིན་གནད་ཡོད་མི་སྣ་བཅས་ལ་ཐུག་འཕྲད་ཀྱིས་རྒྱ་གཞུང་ལ་དྲག་གནོན་མཚམས་འཇོག་དགོས་པའི་རེ་སྐུལ་གཏོང་བར་འབོད་སྐུལ་སོགས་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།