ཀུན་ཁྱབ་འགྲོ་ཕན་གླིང་སྨན་ཁང་དབུ་འབྱེད་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༣༠ཉིན། ཟླ་འདིའི་ཕྱི་ཚེས་༢༩ཉིན། ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཀོ་ལེ་གྷལ་སྨན་ཁང་གསར་པ་ཀུན་ཁྱབ་འགྲོ་ཕན་གླིང་ལེགས་གྲུབ་ཟིན་པ་དབུ་འབྱེད་གནང་ཡོད་འདུག

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་མར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་སྨན་ཁང་ལེགས་གྲུབ་ཟིན་པ་དེར་རབ་གནས་གནང་ཡོད། དེ་རྗེས་བཀའ་ཁྲི་མཆོག་གིས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་ཡོད། དེ་ཡང་སྐབས་དེར་བཀའ་ཁྲི་མཆོག་གིས་སྨན་ཁང་དེ་གལ་ཆེ་ཚུལ་དང་སྨན་ཁང་དེའི་ནང་བོད་མི་ཙམ་མིན་པར་ཡུལ་མི་ཚོ་ལའང་མཐུན་འགྱུར་རོགས་རམ་གནང་ཐུབ་རྒྱུའི་རེ་བ་ཡོད་སྐོར་དང། དེ་བཞིན་འབྲེལ་ཡོད་མཐུན་འགྱུར་རོགས་རམ་གནང་མཁན་གྱི་སྦྱིན་བདག་ཚོ་ལའང་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་སོགས་ཀྱི་གསུང་བཤད་གནང། ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་སྨན་གཏུག་བྱ་རྒྱུ་དེ་འུ་ཐུག་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས།  ནད་ཀྱིས་མ་མནར་གོང་ནས་ནད་སྔོན་འགོག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན་འབྲེལ་ཡོད་ཚང་མས་གང་ཐུབ་ཀྱིས་ནད་གཞི་སྔོན་འགོག་བྱ་རྒྱུར་ཡིད་གཟབ་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་པ་དང། ནད་གཞི་སྔོན་འགོག་ཐུབ་པར་ནད་རིགས་འདྲ་མིན་ཐད་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་སོང་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་འབྱུང་འགྱུར་ནད་རིགས་སྔོན་འགོག་གཙོ་བོར་གྱུར་བའི་འཕྲོད་བསྟེན་གྱི་གོ་རྟོགས་རྒྱ་ཁྱབ་ཏུ་སྤེལ་རྒྱུའི་ལས་གཞི་བང་སྒྲིག་ཡོད་པ་ལྟར་དངོས་སུ་ལག་བསྟར་སྐབས་འབྲེལ་ཡོད་མི་མང་ཚང་མས་དོ་སྣང་གང་ཐུབ་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།

སྐབས་དེར་སུད་སིར་རྟེན་གཞི་བྱས་པའི་ཝི་མ་ལ་རོགས་ཚོགས་ཀྱི་ལྕམ་ཌ་ཌེ་ཀར་རཱ་ནི་(Ms. Dedde Carrani) མཆོག་ཀྱང་མཉམ་ཞུགས་གནང་ཡོད། སྨན་ཁང་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་དབང་ཕྱུག་ཕ་ཟུར་ལགས་ཡིན་འདུག སྐབས་དེར་ལྷོ་ཕྱོགས་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཁག་གཅིག་ཀྱང་ཕེབས་ཡོད། སྤྱིར་ཀོ་ལེ་གྷལ་གྱི་སྨན་ཁང་རྙིང་པ་དེ་ཕྱི་ལོ་ ༡༩༧༤ ལོར་བརྒྱབ་པ་དང་ཕྱིས་སུ་བསྐྱར་གསོ་མ་ཐུབ་པར་བརྟེན་སྨན་ཁང་གསར་པ་འདི་བཞིན་རྒྱག་དགོས་བྱུང་བ་ཞིག་ཡིན་འདུག  སྨན་ཁང་གསར་པ་དེ་ནི་ལུག་སམ་བྷག་(Luxembourg)དུ་གནས་སྡོད་ཇིའུ་ཁྱིམ་ཚང་ཞིག་གིས་སུད་སི་ཝི་མ་ལ་ཚོགས་པ་(Vimala Association)བརྒྱུད་ནས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།