བོད་ལ་འགྲོ་མ་ཐུབ་པར་དགོངས་དག་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༢༦ཉིན་སྤེལ། བཞུགས་སྒར་ངྷ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པའི་ནང་མཉམ་ཞུགས་ནང་མཁན་གོམ་བགྲོད་པ་བཅུས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཐོག མ་འོངས་པར་ཕྱིར་བོད་ལ་ལོག་ཐུབ་རྒྱུའི་དམ་བཅའ་སྔར་ལས་ཆེ་བ་ཡོད་ལུགས་ཀྱི་ཐ་ཚིག་ཀྱང་བསྒྲགས།

 

གསར་འགོད་གསལ་བསྒྲགས་ཐོག་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་གྱི་འགོ་རྩོམ་སྟངས་ཐད་ངོ་སྤྲོད་མདོར་བསྡུས་ཤིག་གནང་དོན། ཕྱི་ལོ༢༠༠༨ལོར་ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་དང་པོ་དེ་སྤེལ་ཞིང༌། བོད་མི་གོམ་བགྲོད་པ་༥༩རྒྱ་གར་ནས་བོད་ལ་ཕྱིར་ལོག་རྒྱུའི་ངལ་བ་རྩོད་ལེན་བྱས་ཀྱང༌། སྟབས་མ་ལེགས་པར་ད་བྷོ་ས་མཚམས་བརྒལ་སྐབས་རྒྱ་གར་མཐའ་སྲུང་དམག་གིས་འཇུ་བཟུང་བཀག་འགོག་བྱས། དེ་ནས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༡༤ཉིན་རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་གྱི་གྲྭ་བ་བཅུས་ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པར་མཉམ་ཞུགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མུ་ན་ལེ་བརྒྱུད་བོད་ལ་གོམ་བགྲོད་དུ་བསྐྱོད་མོད། རྒྱ་གར་དང་བོད་ཀྱི་ས་མཚམས་སུམ་མདོའི་ལྕགས་ཟམ་བརྒལ་ཏེ་འགྲོ་སྐབས། རྒྱ་གར་མཐའ་སྲུང་དམག་མིས་བཀག་འགོག་བྱས་ཁར། ཁཱ་བཟའ་ཉེན་རྟོག་ཁང་དུ་ཉིན་ཞག་གསུམ་ལ་བཀག་བསྐྱིལ་བཙོན་འཇུག་བྱས་མཐར་ཕྱིར་ལྡི་ལིར་བསྐྱལ། ཁོང་ཚོ་འདི་ལྟར་མགྱོགས་མྱུར་ངང་གློད་གྲོལ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི། འདི་ལོའི་ཕྱི་ཟླ༧པའི་ཚེས༩ཉིན་ཁཱ་བཟའ་རུ་ྋབོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུང་ཆོས་གནང་འཆར་ཡོད་པའི་སྟབས་འཁེལ་འདུག་པས་རྐྱེན་རེད་འདུག

26may20091

 

དེ་ཡང་གསར་འགོད་གསལ་བསྒྲགས་ཀྱི་ནང་དོན་གཅོ་བོ་ནི། ཕྱི་རང་ཡུལ་དུ་ལོག་པའི་ལས་འགུལ་ནང་ཞུགས་མཁན་གྱི་གོམ་བགྲོད་པ་བཅུའི་ངོས་ནས། ཁོང་ཚོས་བོད་ཀྱི་རྒྱལ་དར་བསྣམས་ཏེ་ཕྱིར་ཕ་ཡུལ་བོད་ལ་ལོག་མ་ཐུབ་པར་ལས་འགུལ་ཕམ་ཉེས་བྱུང་བར་རྒྱ་ཆེའི་བོད་གཞིས་བྱེས་མི་དམངས་ལ་དགོངས་དག་ཞུ་རྒྱུ་དང༌། ལྷག་དོན་དུ་ཐེངས་འདིའི་ཕམ་ཁ་དེ་རྒྱལ་ཁ་དང་ཉམས་མྱོང་གི་གཞི་རྩ་རུ་བཟུང་སྟེ་མ་འོངས་པར་ཕྱིར་རང་ཡུལ་བོད་ལ་ལོག་རྒྱུའི་ཆོད་སེམས་དང་བློ་སྟོབས་བརྟན་པོ་ཡོད་པའི་འགྲེལ་བརྗོད་གནང༌།

 

གོམ་བགྲོད་པ་བཅུ་ནི།

 

བསླབ་གསུམ་བསྟན་དར། སེ་ར་དགོན་པ། ཕ་ཡུལ་ཁམས།

 

ཚེ་རིང་བསྟན་འཛིན། དགའ་ལྡན་བྱང་རྩེ་གྲྭ་ཚང༌།

 

མཐའ་ཡས་རྒྱ་མཚོ། འབྲས་སྤུངས་སྒོ་མང་གྲྭ་ཚང༌། ཕ་ཡུལ་ཨམ་མཛོ་ཅོ་ནེ།

 

བློ་བཟང་ཕུན་ཚོགས། སེ་ར་དགོན་པ། ཕ་ཡུལ་ཁམས་དགའ་བ།

 

བློ་བཟང་བྱམས་པ། དགའ་ལྡན་བྱང་རྩེ་གྲྭ་ཚང༌། ཕ་ཡུལ་ཁམས་རྫ་བ།

 

བློ་བཟང་སྨོན་ལམ། དགའ་ལྡན་བྱང་རྩེ་གྲྭ་ཚང༌། ཕ་ཡུལ་ཁམས་རྟ་བོ།

 

སྐལ་བཟང་བསམ་འགྲུབ། དགའ་ལྡན་བྱང་རྩེ་གྲྭ་ཚང༌། ཕ་ཡུལ་ཁམས་ལི་ཐང༌།

 

ཉི་མ་གྲགས་པ། དགའ་ལྡན་བྱང་རྩེ། ཕ་ཡུལ་ཁམས་རྟ་བོ།

 

བསྟན་འཛིན། འབྲས་སྤུངས་བློ་གསལ་གླིང༌། ཕ་ཡུལ་ཁམས་བྲག་འགོ

 

བསོད་ནམས་རིན་ཆེན། དགའ་ལྡན་བྱང་རྩེ། ཕ་ཡུལ་ཁམས་རྟ་བོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།