རྒྱ་གར་འབྲིང་རིམ་ཡིག་རྒྱུགས་ཁྲོད་གཡུར་ཟའི་འབྲས་བུ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

བོད་གཞུང་དྲ་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན། ༄༅། །རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོ་༢༠༠༩ཕྱི་ཟླ་༣ནང་ཟིན་ཏེ་ཕྱི་ཟླ་༥ཚེས་༢༠དང༌། ༢༢སོ་སོར་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་རེད། འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་རིགས་སློབ་ཕྲུག་གྲངས་༡༢༤༡དངོས་སུ་འཛུལ་ཞུགས་བྱས་ཁོངས་སུ་སློབ་ཕྲུག་གྲངས་༡༡༥༤ཡིག་རྒྱུགས་འཕྲོད་ཡོད་པ་དང༌། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་༧༧དང༌། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༡༠ ཡིན་འདུག

 

སྤྱིར་བཏང་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་སོན་པ་བརྒྱ་ཆ་༨༡ཡིན་པ་དང༌། བོད་སློབ་ཁག་གི་འདི་ལོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༩༢་༩༩ཟིན་ཡོད་འདུག སྔ་ལོ་དང་བསྡུར་ན་བརྒྱ་ཆ་༣་༢༥མང་བ་འཕར་ཡོད་འདུག

 

བོད་མིའི་སློབ་གྲྭ་ཁག༡༤ནང་ནས་ཨང་དང་པོ་གོ་པལ་སྤུར་བོད་ཁྱིམ་སློབ་གྲྭ་བརྒྱ་ཆ་བརྒྱ་ནས་༡༠༠དང༌། ཨང་གཉིས་པ་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་བརྒྱ་ཆ་བརྒྱ་ནས་༩༦་༢༢། ཨང་གསུམ་པ་རྡོར་གླིང་གཏན་སློབ་བརྒྱ་ཆ་བརྒྱ་ནས་༩༥་༨༣། ཨང་བཞི་པ་ཀ་སྦུག་གཏན་སློབ་བརྒྱ་ཆ་བརྒྱ་ནས་༩༤་༧༤། ཨང་ལྔ་པ་ཌལ་ཧོར་གཏན་སློབ་བརྒྱ་ཆ་བརྒྱ་ནས་༩༤་༤༤བཅས་ཡྀན་འདུག

 

དེ་བཞིན་འདི་ལོའི་རྒྱ་གར་ཡིག་རྒྱུགས་ཆེན་མོའི་ནང་བོད་སློབ་ཁག་གི་ནང་ནས་ཚན་རིག་སྡེ་ཚན་ཁོངས་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་རྡོ་རྗེ་རྒྱལ་མཚན་ལ་བརྒྱ་ཆ་༨༨ཐོབ་ཡོད་པ་དང༌། ཚོང་རིག་སྡེ་ཚན་ཁོངས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་སྐལ་བཟང་བདེ་སྐྱིད་ལ་བརྒྱ་ཆ་ ༩༢་༨། སྒྱུ་རྩལ་སྡེ་ཚན་ཁོངས་ཀ་སྦུག་གཏན་སློབ་ཀྱི་སློབ་མ་སངས་རྒྱས་ཆོས་སྒྲོན་ལ་བརྒྱ་ཆ་༨༧་༢ལོན་འདུག འདི་ལོའི་རྒྱ་གར་གྱི་འཛིན་རིམ་བཅུ་གཉིས་པའིཡིག་རྒྱུགས་ཆེན་མོའི་ནང་དངོས་སུ་འཛུལ་བཞུགས་བྱེད་མཁན་གྱི་བོད་རིགས་སློབ་ཕྲུག་བུ་གྲངས་༥༣༠ཡོད་པའི་ནང་ནས་ཡིག་རྒྱུགས་འཕྲོད་པ་གྲངས་༤༩༨ཆ་སྙོམས་བརྒྱ་ཆ་༩༣་༩༦དང༌། བུ་མོ་གྲངས་༧༡༡ཡོད་ཁོངས་ཡིག་རྒྱུགས་འཕྲོད་པ་༦༥༦ཆ་སྙོམས་བརྒྱ་ཆ་༩༢་༢༦ཡྀག་རྒྱུགས་ལེགས་གྲུབ་བྱུང་བ་དང༌།

 

ཡང་སྒོས་བོད་མིའི་སློབ་གྲྭ་ཁག༡༤ནང་ནས་བོད་ཡིག་གི་སློབ་ཚན་ནང་ཕྲུ་གུ་༣༠ལ་བརྒྱ་ཆ་༩༠ཡན་ཐོབ་ཁོངས་རྩེ་ཕུད་སྦེལ་ཀོབ་སློབ་མ་རིན་འཛིན་རྒྱ་མཚོ་ལ་བརྒྱ་ཆ་བརྒྱ་ནས་༩༧ཐོབ་པ་བཅས་ཀྱི་གནས་ཚུལ་དུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།